སྨན་རྩིས་དྲ་བ། - མདུན་ངོས།

གཡོ་ཅན་ལ་དོགས་ཟོན་དགོས་པའི་གསལ་བརྡ།

བོད་ཀྱི་སྨན་རྩིས་ཁང་གི་བདུག་སྤོས་དང་། སྨན་བསང་སོགས་སྨན་རྩིས་ཐོན་དངོས་ཁག་གཅིག་རྫུན་བཟོ་བྱས་པའམ། དེ་བཞིན་སྨན་རིལ་དང་། དམིགས་བསལ་རིན་ཆེན་རིལ་བུ་བཅས་ཚུལ་མཐུན་མ་ཡིན་པའི་ཐབས་ཤེས་སྣ་ཚོགས་སྒོ་ནས་ཐོབ་པར་བྱས་ཏེ་མང་ཚོགས་བསླུ་བྲིད་ཀྱི་དོན་རྐྱེན་དེ་སྔ་ཡང་བྱུང་མྱོང་ཡོད་ལ། ད་ཐེངས་ཕྱི་མི་ཞིག་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་བར་འགོག་སླད་སྨན་རྩིས་ཁང་ནས་ཨིན་ཡིག་ཏུ་གསལ་བསྒྲགས་ཞིག་སྤེལ་འདུག རྒྱས་པར་གཟིགས་་

༢༠༢༡ ལོར་སྨན་རྩིས་སློབ་མ་གསར་བསྡུ་བྱ་རྒྱུ་མིན།

བོད་ཀྱི་སྨན་རྩིས་ཁང་ལ་སྨན་རྩིས་མཐོ་སློབ་ཁང་ཁག་གཉིས་ཡོད་པ་ལས། རང་རེ་བོད་རིགས་ཁེ་གཙང་སློབ་མ་རྣམས་ཀྱི་ཆེད་དུ་གསར་འཛུགས་ཞུས་ཤིང་བསླབ་པ་སློབ་གཉེར་སོགས་བྱེད་སྒོ་ཁག་ལེགས་པར་འགྲོ་བཞིན་པའི་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་དུ། ཕྱི་ལོ་ ༢༠༢༡ ལ་སྨན་དང་རྩིས་ཀྱི་སློབ་མ་གསར་བསྡུ་བྱ་རྒྱུ་མིན་པའི་རྒྱུ་མཚན་དང་བཅས་སྦེང་ལོར་སྨན་རྩིས་མཐོ་སློབ་ཡིག་ཚང་ནས་གསལ་བསྒྲགས་ཤིག་སྤེལ་གནང་བ་འདི་ལྟར། རྒྱས་པར་གཟིགས་་

འདི་ལོ་ཞབས་ལོ་ ༣༠ དང་ ༢༠ སོན་པ་ཁག་གི་ངོ་སྤྲོད།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོའི་སྟེང་། ད་ལོ་སྨན་རྩིས་ཁང་གི་སྒྲིག་འཛུགས་འདི་ཉིད་ཀྱི་ལས་གནས་འདྲ་མིན་ཐོག་ལས་ཁུར་སྣ་མང་གི་ཞབས་འདེགས་ཞུས་ཏེ་གཟི་བརྗིད་དང་ལྡན་པའི་ཞབས་ལོ་ ༣༠ སོན་པ་དགུ་དང་། ཞབས་ལོ་ ༢༠ སོན་པ་བཅུ་དྲུག་བྱུང་ཡོད།

རྒྱས་པར་གཟིགས་་

དགྲ་ལ་ངོམ་ཆོག་པ་དེ་སྨན་རྩིས་ཁང་ཡིན་གསུངས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན་བཞུགས་སྒར་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་རྒྱལ་བ་ྋསྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ ༡༩༡༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ལྷ་ལྡན་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་ ༡༠༤ འཁོར་བ་དང་། དེ་བཞིན་ྋགོང་ས་སྐྱབས་མགོན་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བཞུགས་སྒར་དུ་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་མཛད་དེ་ལོ་ངོ་ ༥༩ འཁོར་བ།
རྒྱས་པར་གཟིགས་་

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་གཟེངས་རྟགས་ཕུལ་བའི་ཉིན་དང་།  ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ཏེ་ལོ་ངོ་ ༡༠༤ འཁོར་བ། བྱེས་སུ་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་འཕགས་ཡུལ་དྷ་རམ་ས་ལར་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ངོ་ ༥༩ འཁོར་བ་བཅས་ཀྱི་དུས་དྲན་སྲུང་བརྩིའི་མཛད་སྒོ། རྒྱས་པར་གཟིགས་་

ཀོ་ཝིཌ་ ༡༩ ནད་པར་རྒྱང་རིང་སྨན་པ་བསྟེན་གཏུགས།

འཛམ་གླིང་སྤྱིར་ཏོག་དབྱིབས་གཉན་རིམས་ནད་དམ་ཀོ་ཝིཌ་༡༩ ནད་དེ་ཉིན་རེ་བཞིན་ཛ་དྲག་དང་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད་པའི་གཉན་འཕྲང་ཅན་གྱི་དུས་སྐབས་སུ། བོད་ཀྱི་གསོ་བ་རིག་པའི་ལུགས་ལ་ཡིད་ཆེས་ཡོད་པའི་རིས་མེད་ནད་པ་མང་དག་ཅིག་ཡོད་ན། ད་ལྟ་སྨན་པ་དང་ནད་པ་གཉིས་དངོས་སུ་ཐུགས་ཕྲད་ཀྱི་གོ་སྐབས་མེད་ཀྱང་རྒྱང་རིང་བསྟེན་གཏུག་གི་ལམ་ནས་བཞུགས་སྒར་སྨན་རྩིས་ཁང་གི་བོད་རིགས་སྨན་པ་མང་དག་ཅིག་ལ་དངོས་སུ་ཁ་པར་བརྒྱུད་ནས་འབྲེལ་ལམ་ཞུ་ཐུབ་པ་ཡིན། རྒྱས་པར་གཟིགས་་

ཀོ་ཝིཌ་ ༡༩ ནད་པར་རིན་མེད་སྨན་བཅོས་ཞབས་འདེགས།

ཏོག་དབྱིབས་གཉན་རིམས་ནད་དེ་ཡུལ་ལུང་དང་མི་རིགས། ན་ཚོད་སོགས་འཛམ་གླིང་སྤྱི་ཡོངས་སུ་རྒྱུན་ལྡན་གྱི་དབྱེ་འབྱེད་བྱེད་སྲོལ་གྱི་གནས་སྐབས་ཡོད་པ་གང་ལའང་ལྟོས་མི་དགོས་པར་འགྲོ་བ་མི་ཡིན་པ་ཙམ་གྱི་འཕྲོད་བསྟེན་གཅེས་སྲུང་ལ་ལྷོད་གཡེང་ཕྱིན་པ་སུ་ལའང་ནད་འདི་འགོས་ཁྱབ་འགྲོ་བཞིན་ཡོད། དེ་མཚུངས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱང་ཉེན་ཁ་འདི་ལས་མ་འདས་པར་བརྟེན། འདི་ག་སྨན་རྩིས་ཁང་ནས་ཀོ་ཝིཌ་༡༩ ནད་ཕོག་པའི་རང་རིགས་སུ་ལའང་རིན་མེད་སྨན་བཅོས་གནང་རྒྱུ་ཡིན།
རྒྱས་པར་གཟིགས་་

ཀོ་ཝིཌ་ ༡༩ ནད་པའི་གནས་ཚུལ་འགེང་ཤོག

རྒྱ་ནག་ཝུ་ཧན་ནས་འཛམ་གླིང་ཕྱོགས་བཞི་མཚམས་བརྒྱད་ཀུན་ལ་མཆེད་པའི་ཏོག་དབྱིབས་གཉན་རིམས་འདི་ལ་རྒྱལ་ཁབ་ཕལ་ཆེ་བའི་ནང་དུ་དེང་རབས་དང་སྲོལ་རྒྱུན་སྨན་གཞུང་དག་གིས་ཉམས་ཞིབ་དང་ཞིབ་འཇུག་གི་ལས་གཞི་ནན་ཏན་དུ་འགྲོ་བཞིན་ཡོད་པ་ལྟར། སྨན་རྩིས་ཁང་གི་ཉམས་ཞིབ་སྡེ་ཚན་ནས་ཉམས་ཞིབ་ཆེད་དུ་གཉན་རིམས་ནད་པའི་གནས་ཚུལ་འགེང་ཤོག་ཅིག་གསར་བཟོ་བྱས་ཡོད།  རྒྱས་པར་གཟིགས་་

བོད་ཀྱི་སྨན་རྩིས་ཁང་གི་ལོ་ཐོའི་སྐོར་གསལ་བརྡ།

བོད་ཀྱི་སྨན་རྩིས་ཁང་གི་ལོ་ཐོའི་སྐོར་གསལ་བརྡ་ཞིག་སྤེལ་བ། རྒྱས་པར་གཟིགས་་

སྨན་རྩིས་ཁང་ནས་སྨན་བཅོས་རམ་འདེགས་སྐོར།

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༧ ཉིན་ LG རྫས་འགྱུར་བཟོ་གྲའི་རྫས་འགྱུར་དུག་རླངས་ཁ་ཤོར་བའི་དོན་རྐྱེན་དེའི་ཐོག་སྨན་རྩིས་ཁང་འགན་འཛིན་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ཨཱན་དྷར་པར་རྡེཤི་མངའ་སྡེའི་བློན་ཆེན་མཆོག་ལ་ཐུགས་གསོའི་གནས་ཡིག་ཕུལ་བ་དང་སྦྲགས་ནད་དུག་ཕོག་པའི་ནད་པ་རྣམས་ལ་སྨན་རྩིས་ཁང་གི་ཕྱི་ཡི་ཛ་དྲག་རུ་ཁག་ (MEET) ནས་སྨན་བཅོས་རམ་འདེགས་འབུལ་རྒྱུའི་ཞལ་བཞེས་གནང་འདུག རྒྱས་པར་གཟིགས་་

གསར་འགོད་གསལ་བསྒྲགས།

སྤྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡༡ སྔ་དྲོ་ཆུ་ཚོད་༡༠།༤༥ ཐོག་དྷ་ས་དབུས་སྨན་རྩིས་ཚོགས་ཁང་དུ་རྒྱ་གར་གྱི་བྱང་ཤར་མ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་དང་དབུས་སྨན་རྩིས་ཁང་གཉིས་ནས་མ་ནི་པུར་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་དང་སྨན་རྩིས་ཁང་གཉིས་མཉམ་འབྲེལ་ཐོག་མ་ནི་པུར་རྒྱལ་སྤྱིའི་སློབ་གཉེར་ཁང་དུ་གསོ་རྩིས་རིག་པའི་སློབ་གཉེར་ཚན་པ་ཞིག་གསར་འཛུགས་གནང་རྒྱུའི་ཐོག་ལོ་རྒྱུས་རང་བཞིན་ལྡན་པའི་མོས་མཐུན་གན་ཡིག་(MOU)ཞིག་འཇོག་གནང་སོང་། རྒྱས་པར་གཟིགས་་

ཝུ་ཧན་ཀོ་རོ་ན་གཉན་སྲིན་སྔོན་འགོག་ལམ་སྟོན།

རྒྱ་ནག་ཝུ་ཧན་ནས་འབྱུང་བའི་ཏོག་དབྱིབས་ནད་དུག་གློ་ཚད་རིམས་ནད་འདི་ལ་བོད་ཀྱི་གསོ་བ་རིག་པའི་ལུསགས་སུ་གཉན་རིམས་ནག་པོ་པརྤ་ཏ་ལས་མཆེད་པའི་ནད་གདུག་པ་ཅན་གློ་བའི་གཉན་ནད་ཅིག་ལ་ངོས་འཛིན་བྱེད་ཆོག ནད་འདི་ལ་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ནས་ (2019-nCoV) ཞེས་མིང་བཏགས་ཡོད་པ་དང་། ཡོངས་གྲགས་སུ་ཝུ་ཧན་གྱི་ཀོ་རོ་ན་གཉན་སྲིན་ཞེས་འབོད་བཞིན་ཡོད། རྒྱས་པར་གཟིགས་་

ཀོ་རོ་ན་གཉན་རིམས་(coronavirus)ངོ་སྤྲོད།

གཉན་སྲིན་ནི་སྲོག་ཆགས་རིགས་ཀྱི་ཕྲ་ཕུང་ནང་འཚོ་འཕེལ་བྱེད་པའི་ཤིན་ཏུ་ཕྲ་ཞིང་ཆུང་བའི་སྲིན་རིགས་ཤིག་ཡིན་ལ། གཉན་ནད་ཕོག་པའི་སྲིན་འབུས་འཚོ་གནས་ཕྲ་ཕུང་དེ་ལས་རང་ཉིད་དང་ཆ་འདྲ་བའི་ནད་འབུ་འབུམ་ཕྲག་དུ་མ་དུས་ཐུང་ནང་མཆེད་འཕེལ་ཀྱིས་སྲོག་ཆགས་དང་། རྩི་ཤིང་། སྐྱེ་དངོས་ཕྲ་མོ་ཀུན་ལ་བར་མཚམས་མེད་པར་གནོད་ཅིང་ཁྱབ་པར་བྱེད་པས་ནད་སྲིན་ནམ་གཉན་སྲིན་ཞེས་ཟེར། རྒྱས་པར་གཟིགས་་

གློ་ཚད་རིམས་ནད་གསར་པའི་འགོག་ཐབས་སྐོར།

ཕྱི་ལོ་ ༢༠༡༩ ཟླ་བ་ ༡༢ ཚེས་ ༣༡ ཉིན་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་དུ་ངོས་མ་ཟིན་པའི་གློ་ཚད་རིམས་ནད་ཕོག་པའི་ནད་པ་ཞིག་ཐོག་མར་ཐོ་འགོད་ར་སྤྲོད་བྱུང་བའི་རྗེས། ཕྱི་ལོ་ ༢༠༢༠ ཟླ་བ་ ༡ ཚེས་ ༨ ཉིན་དངོས་སུ་ཏོག་དབྱིབས་ཅན་གྱི་ནད་དུག་ལས་བསྐྱེད་པའི་གློ་ཚད་གསར་པ་ཞིག་ཏུ་ངོས་འཛིན་བྱས།

རྒྱས་པར་གཟིགས་་

དོན་ཚན་དྲུག་ཐོག་གསར་འགོད་གསལ་བསྒྲགས།

ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༣ ཉིན་གུང་ཆུ་ཚོད་ ༡༢ མ་ཟིན་ཙམ་ལ་བཞུགས་སྒར་སྨན་རྩིས་ཁང་གི་ཚོགས་ཁང་དུ་སྨན་པ་གཙོ་བོ་མཆོག་དང་། སྡེ་ཚན་ཁག་གི་འགན་འཛིན། དེ་བཞིན་སྨན་རྩིས་དགེ་སློབ། ལས་བྱེད་སོགས་དང་། དམིགས་བསལ་རང་རེའི་བོད་རིགས་གསར་འགོད་པ་བཅས་ལྷན་འཛོམས་ཐོག་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་དོན་ཚན་གལ་ཆེན་ཁག་དྲུག་གི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་། རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༦ ཉིན་སྨན་རྩིས་སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།

སྨན་རྩིས་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཆུ་ལས་དང་གློག་ལས་པ་གཅིག་གི་ས་མིག་གསལ་བསྒྲགས།

བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་གསལ་བསྒྲགས།

སྐམ་ཁབ་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་གྲངས་ ༤ ས་མིག་གསལ་བསྒྲགས།

དབུས་ས་གཉིས་ཀྱི་སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༨ ས་མིག་གསལ་བསྒྲགས།

འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར།

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།