སྨན་རྩིས་དྲ་བ། - མདུན་ངོས།

དྭང་བླངས་སྨན་ཞབས་པས་ཅོན་ཏ་ར་ཁུལ་དུ་ཟབ་སྦྱོང་གནང་།

རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པ་ཁྱབ་གདལ་ཕྱིན་པ་དང་མཉམ་དུ་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཁྱབ་གདལ་ཤུགས་ཆེར་སོང་བས། བོད་མི་མང་པོ་ཞིག་ལ་ལུས་སེམས་གཉིས་ཀྱི་དཀའ་ངལ་ཛ་དྲག་གི་སྐབས་དང་བསྟུན། ཨ་རིར་རྟེན་གཞི་བྱས་པའི་བོད་ཀྱི་སྨན་ཞབས་མཐུན་ཚོགས་ངོས་ནས་གོ་སྒྲིག་བྱས་ཏེ་ཏོག་དབྱིབས་གཉན་རིམས་སྨན་བཅོས་མྱུར་སྐྱོབ་ཀྱི་ཉམས་མྱོང་ལྡན་པའི་བོད་པའི་སྨན་ཞབས་པ་ཁག་ཅིག་དྭང་བླངས་སྨན་བཅོས་ཆེད་རྒྱ་གར་དུ་འབྱོར། རྒྱས་པར་གཟིགས་་

ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་བཀའ་འགོག་ལམ་སྟོན།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་སློབ་གྲྭ་དང་དགོན་སྡེ་གྲྭ་ཚང་སོགས་ཚོགས་པ་ཆེ་ཁག་ནང་ཏོག་དབྱིབས་གཉན་རིམས་ ༡༩ འགོས་ཁྱབ་འབྱུང་ཚེ་སྐབས་དེར་གདོང་ལེན་བྱེད་ཕྱོགས་ལ་དམིགས་ནས་གཏན་འབེབས་ཞུས་པའི་ལམ་སྟོན་གསལ་བསྒྲགས་སྤེལ་གནང་ཡོད། རྒྱས་པར་གཟིགས་་

སྨན་རྩིས་ཁང་གི་སྨན་པ་ཟུར་པར་འབོད་སྐུལ།

སྨན་རྩིས་ཁང་ནས་ཏོག་དབྱིབས་གཉན་རིམས་ ༡༩ ཕོག་པའི་ནད་པ་རྣམས་ལ་སྨན་བཅོས་བསྒྲུབས་པའི་སྙན་ཐོ་དང་པོ་དེ་བཞིན་ལོ་འདིའི་ཟླ་བ་ ༡༠ ནང་གདོན་འཆར་ཡོད་པས། སྨན་རྩིས་ཁང་གི་སྨན་པ་ཟུར་པ་རྣམས་ནས་བློ་འདོད་ཡོད་ཚེ། རྒྱས་པར་གཟིགས་་

གཉན་ནད་ཧམ་སྤུ་དཀར་པོ།

སངས་རྒྱས་སྨན་གྱི་བླ་དང་རྗེ་བཙུན་ཡོན་ཏན་མགོན་པོར་ཕྱག་འཚལ་ལོ།བོད་ཀྱི་གསོ་བ་རིག་པའི་རྩ་བ་དཔལ་ལྡན་རྒྱུད་བཞི་ལས་ནད་རྣམས་ཚ་གྲང་གཉིས་སུ་བསྡུས་ཀྱང་རྣམ་པའི་སྒོ་ནས་དཔག་ཏུ་མེད་པ་དབྱེ་གསུངས་ཡོད་པ་ལྟར།ནུབ་ཕྱོགས་གསོ་རིག་ལུགས་ལའང་ཧམ་སྤུ་ (Fungus) ཞེས་པར་དབྱེ་བ་རྣམ་གྲངས་མང་པོ་ཡོད། རྒྱས་པར་གཟིགས་་

གཉན་ནད་ཧམ་སྤུ་ནག་པོ།

གཉན་ནད་ཧམ་སྤུ་ནག་པོ་འདི་བཞིན་སྔ་ལོ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་ཕྱིན་པ་མཉམ་དུ་རྒྱ་གར་གཙོས་པའི་གཙང་འཕྲོད་མཐུན་རྐྱེན་ཞན་པའི་རྒྱལ་ཁབ་དང་ས་ཁུལ་ཁག་མང་པོའི་ནང་ཁྱབ་འགོ་ཚུགས་ཏེ། འཕྲོད་བསྟེན་སྡེ་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་བྱེད་ཡུལ་གྱི་གལ་ཆེའི་གནད་དོན་ཞིག་ཆགས་པར་བརྟེན། རྒྱས་པར་གཟིགས་་

ཀོ་ཝིཌ་ནད་རླབས་གསུམ་པ་དང་བྱིས་པར་གདམས་པ།

སྤྱིར་ཏོག་དབྱིབས་གཉན་རིམས་ ༡༩ ནད་རླབས་གསུམ་པ་དེ་བྱིས་པ་རྣམས་ལ་ཕོག་ཉེན་ཆེ་བར་ཡོད་པའི་ཚོད་དཔག་བྱེད་མཁན་མི་ཉུང་བ་ཞིག་ཡོད་པ་དང་། གཞན་ཡང་བྱིས་པ་རྣམས་ལ་ཕོག་ཉེན་ཆེ་བར་ཡོད་པའི་སྙན་ཐོ་སོགས་གང་ཡང་མེད་པ་བརྗོད་མཁན་ཡང་ཡོད་པ་རེད།
རྒྱས་པར་གཟིགས་་

སྨན་རྩིས་ཁང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གི་འཚམས་གཟིགས།

ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༥ སྔ་དྲོ་བཞུགས་སྒར་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་མི་རྗེ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཇི་ལྟར་གདན་ཞུས་ལྟར་དབུས་སྨན་རྩིས་ཁང་དུ་འཚམས་གཟིགས་སུ་ཕེབས་བསྟུན་སྨན་རྩིས་ཁང་གི་རིག་གཞུང་སྡེ་ཚན་ཁག་དང་འཛིན་སྐྱོང་སྡེ་ཚན་ཁག་གི་འགན་འཛིན་རྣམས་ནས་སྡེ་ཚན་སོ་སོའི་ངོ་སྤྲོད་སྙིང་བསྡུས་རེ་བྱས་སོང་། རྒྱས་པར་གཟིགས་་

རྟ་དབང་དུ་ཡན་ལག་སྨན་ཁང་གསར་རྒྱག་སྟ་གོན།

ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༤ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་རྟ་དབང་ས་གནས་སུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གཏན་འཇགས་ཤིག་གསར་རྒྱག་ཆེད་དུ། རྟ་དབང་དགོན་པའི་མཁན་པོ་སྐྱབས་རྗེ་བརྒྱ་འབུམ་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་། དེ་བཞིན་དགའ་ལྡན་རྣམ་རྒྱལ་ལྷ་རྩེའི་དགེ་འདུན་པ་རྣམས་ནས་ས་བདག་འཁྲུགས་བཅོས་ཀྱི་ཆོ་ག་ཕྱག་ལེན་མཛད་གནང་ཡོད། རྒྱས་པར་གཟིགས་་

༢༠༢༡ ལོའི་བྱང་ཐང་ཁུལ་དུ་སྨན་སྐོར་ཐེངས་དང་པོ་ལེགས་གྲུབ།

ལ་དྭགས་རྒྱལ་ས་ལེཧ་སྨན་རྩིས་ཁང་ནས་འདི་ལོའི་ལ་དྭགས་བྱང་ཐང་ས་ཁུལ་ཁག་ཏུ་སྨན་སྐོར་ཐེངས་དང་པོ་དེ་བསྐྱོད་ཐུབ་པ་བྱུང་ཡོད། དེ་ནི་གཙོ་བོ་ལ་དྭགས་ས་གནས་ལྷན་ཚོགས་ནས་ལན་མང་དགོས་འདུན་བཏོན་པ་དང་། ལ་དྭགས་རིག་གཞུང་བསྟི་གནས་ཁང་གི་ཡན་ལག་འགན་འཛིན་སྐར་མ་ཚེ་རིང་ལགས་ནས་གོ་སྒྲིག་ཞུས་པ་བཞིན། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ནས་ ༢༨ བར་བདུན་ཕྲག་གཉིས་རིང་ལ་དྭགས་བྱང་ཐང་ས་ཁུལ་ཚང་མའི་ནང་དུ་སྨན་བསྐོར་དུ་ཕེབས་ཡོད། རྒྱས་པར་གཟིགས་་

བྱིས་པ་ལོ་ན་ ༤ མན་ལ་ལུས་སེམས་ནུས་གསོའི་གསོལ་སྨན་གཏན་འབེབས།

ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༤ རེས་གཟའ་པ་སངས་ཉིན་སྐུ་ངོ་འགན་འཛིན་མཆོག་དབུ་བཞུགས་ཐོག་གཤམ་གྱི་ཚོགས་མི་རྣམས་གོ་བསྡུར་དང་པོ་གནང་ཡོད་པ་དང་། སྐུ་བཅར་སྨན་རམས་པ་གསུམ་གྱི་དགོངས་འཆར་འབྱོར་རྗེས་སླར་ཡང་ཟླ་ ༦ ཚེས་ ༩ ཉིན་གྲོས་འཛོམས་གཉིས་པ་བསྐོངས་ཏེ་མཐའ་སྡོམ་གྱིས་བྱིས་པ་ལོ་ན་བཞི་མན་རྣམས་ལ་གསོ་རིག་ལུས་སེམས་ནུས་གསོའི་གསོལ་སྨན་གཏན་འབེབས་ཞུས་པ་གཤམ་གསལ།

རྒྱས་པར་གཟིགས་་

ཏོག་དབྱིབས་ནད་པར་ཟས་སྦྱིན་ལས་གཞི་སྤེལ།

སྨན་རྩིས་ཁང་ནས་བཞུགས་སྒར་དྷ་སའི་ཁུལ་གྱི་བོད་རིགས་ཏོག་དབྱིབས་གཉན་རིམས་ ༡༩ ནད་པ་རང་ཉིད་ཀྱི་ཁང་ཁྱིམ་དུ་ཟུར་བཀག་བཞུགས་བཞིན་པ་རྣམས་ལ་ཉིན་གུང་ཞལ་ལག་རིན་མེད་ཐོག་འབུལ་བའི་ལས་གཞི་སྤེལ་མུས་རེད་འདུག དེ་ཡང་བར་སྐབས་ཏོག་དབྱིབས་༡༩ ནད་རླབས་གཉིས་པ་ཛ་དྲག་ཧ་ཅང་ཆེ་བའི་དུས་སུ།

རྒྱས་པར་གཟིགས་་

ཀེ་ར་ལ་ཡན་ལག་སྨན་ཁང་གསར་འཛུགས།

ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༥ ཉིན་རྒྱབ་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ Alappuzha རྫོང་ཁོངས་ Pathirapally ས་གནས་སུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་པའི་སྒོ་འབྱེད་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་བསྐྱངས་གནང་ཡོད། མཛད་སྒོར་ས་གནས་ཀྱི་གནད་ཡོད་མི་སྣ་ Mr. Sethu Das,  Mr. Alexander Devasia, བཅས་དང་། ལྷག་པར་ཏོག་དབྱིབས་གཉན་རིམས་༡༩ ཛ་དྲག་དུས་སྐབས་སུ་ས་གནས་གཞུང་གི་བཀོད་ཁྱབ་གཞིར་བཟུང་ རྒྱས་པར་གཟིགས་་

རྒྱལ་སྤྱི་སྨན་སློབ་ཐེངས་ ༢ པ་གསར་བསྡུ་ཞུ་རྒྱུ།

བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པར་དོན་གཉེར་ཡོད་ཅིང་བསླབ་པ་ཐོས་བསམ་གནང་འདོད་ཡོད་པའི་རྒྱལ་སྤྱི་སློབ་གཉེར་བ་རྣམས་ལ་གཏམ་བཟང་གི་གནས་ཚུལ་དུ། སྨན་རྩིས་ཁང་ནས་སྤྱི་ལོ་ ༢༠༢༢ ནང་དུ་ཐེངས་གཉིས་པའམ་སྐབས་གཉིས་པའི་རྒྱལ་སྤྱིའི་སློབ་མར་སྨན་པ་བཀའ་བཅུ་པའི་སློབ་མཚན་སློབ་ཁྲིད་བྱ་རྒྱུ་ཐུགས་གཏན་ཁེལ་བར་བརྟེན། འདིར་སློབ་མའི་གྲངས་ཚད་དང་། ལོའི་ཚད་གཞི། ཡིག་རྒྱུགས། སྙན་ཞུའི་དུས་བཀག་སོགས་ཆ་རྐྱེན་སྐོར་གསལ་བསྒྲགས་སྤེལ་ཡོད་ན་དེ་དོན་ཐུགས་སྣང་ཡོང་བ་ཞུ། རྒྱས་པར་གཟིགས་་

ཏོག་དབྱིབས་ ༡༩ སྔོན་འགོག་སྨན་ཁབ་ཐད་སྨན་པར་ལམ་སྟོན།

འདི་ནི་གཙོ་བོ་སྨན་རྩིས་ཁང་ནས་ཡན་ལག་སྨན་ཁང་ཁག་ཏུ་རང་རེ་སྨན་རྩིས་ཁང་གི་སྨན་པ་རྣམས་ལ་དམིགས་ཏེ་ལམ་སྟོན་གནང་བ་ཞིག་ཡིན། ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་བརྒྱབ་པའི་ནད་པ་སུ་རུང་ནས་འདིར་འཁོད་པའི་གསོལ་སྨན་རྣམས་རང་དགར་བཞེས་མི་རུང་ལ། གལ་ཏེ་དགོས་མཁོ་གཟིགས་ཚེ་ཐོག་མར་སྨན་པ་བསྟེན་གཏུགས་བྱ་དགོས་པ་ཤིན་ཏུ་གལ་ཆེ།

རྒྱས་པར་གཟིགས་་

ཏོག་དབྱིབས་ ༡༩ སྔོན་འགོག་སྨན་ཁབ་རྒྱག་ཕྱོགས་ལམ་སྟོན།

དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ ༡༩ གཉན་རིམས་ལ་སྔོན་འགོག་སྨན་ཁབ་རྣམ་གྲངས་མང་པོ་གསར་བཟོ་ཐུབ་ནས་ཐོག་མའི་ཆར་སྨན་པ་དང་སྨན་ལས་པ་རྣམས་ལ་སྔོན་འགོག་སྨན་ཁབ་རྒྱག་པའི་ལས་གཞི་རྒྱ་ཆེར་འགྲོ་མུས་ཡིན་ཞིང་རིམ་པས་མང་ཚོགས་བྱིངས་ལ་འཐོབ་རྒྱུ་ངེས་ན། ད་ལྟ་མང་ཚོགས་ནང་དུ་འདིའི་ཐད་ལ་དོགས་པ་དངངས་འཚབ་སོགས་འབྱུང་བཞིན་ཡོད་པར་སྨན་རྩིས་ཁང་ནས་མང་ཚོགས་ལ་ཕན་པའི་རྩ་འཛིན་ལམ་སྟོན་འདི་ལྟར་གནང་ཡོད། རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༦ ཉིན་སྨན་རྩིས་སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།

སྨན་རྩིས་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཆུ་ལས་དང་གློག་ལས་པ་གཅིག་གི་ས་མིག་གསལ་བསྒྲགས།

བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་གསལ་བསྒྲགས།

སྐམ་ཁབ་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་གྲངས་ ༤ ས་མིག་གསལ་བསྒྲགས།

དབུས་ས་གཉིས་ཀྱི་སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༨ ས་མིག་གསལ་བསྒྲགས།

འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར།

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།