སྨན་རྩིས་དྲ་བ། - མདུན་ངོས།

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཐེངས་དགུ་པ།

བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་ནས་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་དགུ་པ་དེ་རྒྱ་གར་ལྷོ་ཕྱོགས་སྦེང་ག་ལུ་རུར་སྨན་རྩིས་ཁང་གི་བདེ་ཐང་ལྟེ་གནས་ Men Tsee Khang Wellness Centre སུ་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༣ ༡༤ ཉིན་གཉིས་རིང་གོ་སྒྲིག་ཞུ་རྒྱུ་རེད། 

རྒྱས་པར་གཟིགས་་

Android ཁ་པར་དུ་སྨན་རྩིས་ཁང་གི་ལོ་ཐོ།

བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་ནས་སྨན་རྩིས་ཁང་གི་གཞུང་འབྲེལ་ལོ་ཐོ་ Android Phone ནང་ཡར་དྲངས་ཟིན་པ་ཡིན། གཞིས་བྱེས་བོད་ རིགས་ཡོངས་ཀྱིས་སྨན་རྩིས་ཁང་ནས་འདོན་སྤེལ་བྱེད་པའི་ལོ་ཐོ་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་ལ་དམིགས་ཏེ། དེང་རབས་ཀྱི་འགྲོ་ལུགས་བཞིན་ Android ཁ་པར་ནས་སྨན་རྩིས་ཁང་གི་ལོ་ཐོའི་ Mobile App ཐད་ཀར་ཕབ་ལེན་བྱེད་རྒྱུ་ཡོད། 

རྒྱས་པར་གཟིགས་་

གསར་འགོད་གསལ་བསྒྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡ ཉིན་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། དེར་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་མཆོག་དང་། རྒྱལ་བའི་བླ་ཞབས་སྨན་པ་གཙོ་བོ་ཚེ་དབང་རྟ་མགྲིན་མཆོག་དང་། ཉམས་ཞིབ་སྡེ་ཚན་གྱི་སྨན་པ་བསྟན་འཛིན་ལྷུན་གྲུབ་ལགས་དང་། ཌོཀ་ཊར་ས་རཧ་སལ་ལོན་ལགས་ཀྱི་གཙོས། 

རྒྱས་པར་གཟིགས་་

སྨན་རྩིས་སློབ་མ་གསར་བསྡུའི་གསལ་བསྒྲགས།

བཞུགས་སྒར་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་སྐབས་ ༢༣ ནང་སློབ་མ་ ༢༨ དང་། རྩིས་སློབ་སྐབས་ ༡༣ དུ་སློབ་མ་ ༢༠ གསར་བསྡུ་བྱ་རྒྱུ་ཡིན་ན་དོན་གཉེར་ཅན་རྣམས་ཀྱིས་སྙན་ཞུའི་འགེངས་ཤོག་བཀང་སྟེ་མཐོ་སློབ་ཡིག་ཚང་དུ་ ༢༠༡༩ ཟླ་ ༣ ཚེས་ ༣༠ འགྱངས་མེད་ངེས་འབྱོར་དགོས་པ་རེད། རྒྱུགས་སྤྲོད་ ༢༠༡༩ ཟླ་ ༥ ཚེས་ ༡ - ༣  བར་གནང་གཏན་འཁེལ་ཡོད་པས་ཐུགས་འཇགས་གནང་།

རྒྱས་པར་གཟིགས་་

རིན་ཆེན་བཙོ་ཐལ་སྐོར་གསར་འགོད་གསལ་བསྒྲགས།

༄༅ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༠ ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སྨན་རྩིས་ལས་བྱེད་དང་གསར་འགོད་པ་མང་པོ་ཞིག་འཛོམས་པའི་ཐོག་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་དང་། སྨན་པ་གཙོ་བོ་ཚེ་དབང་རྟ་མགྲིན་མཆོག སྨན་སྦྱོར་སྡེ་ཚན་འགན་འཛིན་སྨན་རམས་པ་འཇམ་དབྱངས་བཀྲིས་ལགས། ཉམས་ཞིབ་སྡེ་ཚན་འགན་འཛིན་སྨན་རམས་པ་རིག་འཛིན་བཟང་མོ་ལགས་བཅས་ཀྱིས་རིན་ཆེན་བཙོ་ཐལ་དང་འབྲེལ་བའི་གསལ་བཤད་ཀྱིས་གསར་འགོད་གསལ་བསྒྲགས་གལ་ཆེན་ཞིག་བསྐྱངས་གནང་ཡོད། རྒྱས་པར་གཟིགས་་

སྨན་རྩིས་ཁང་གི་གསར་འགོད་གསལ་བསྒྲགས།

ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣ ཉིན་གུང་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་བོད་པའི་གསར་འགོད་པ་རྣམས་དང་ལས་བྱེད་པ་ཚང་འཛོམས་ཐོག བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་བོད་ཀྱི་གསོ་བ་རིག་པའི་ཐོག་རྒྱ་གཞུང་གིས་ལྐོག་ཏུ་ཕུགས་བསམ་ངན་པ་བཅངས་པའི་བྱེད་སྒོ་ཁག་ལ་དམིགས་ཏེ་འགག་པ་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། རྒྱས་པར་གཟིགས་་

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བརྒྱད་པ།

བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་དུ། ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༣༠ ནས་ཟླ་ ༡༠ ཚེས་ ༡ བར་ཉིན་གཉིས་རིང་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་ ༨ པ། 《བྱིས་པའི་སེམས་ཁམས་གསོ་སྐྱོང་།》ཞེས་པའི་བརྗོད་གཞིའི་ཐོག་རིག་གཞུང་སྡེ་ཁག་བརྒྱད་ཀྱི་མཁས་དབང་གདན་ཞུས་ཀྱིས་བགྲོ་གླེང་གནང་རྒྱུར་བརྟེན། བགྲོ་གླེང་གི་མཛད་རིམ་དང་། ཐོ་འགོད་འགེང་ཤོག ཚོགས་དོད། མཐུན་རྐྱེན་སོགས་ཀྱི་སྐོར་གསལ་བསྒྲགས་སྤེལ་བར་གཟིགས། རྒྱས་པར་གཟིགས་་

ཟངས་དཀར་ཁུལ་དུ་སྨན་བསྐོར་ཞབས་ཞུ།

རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ནང་ཚན་ལ་དྭགས་སྨན་རྩིས་རིག་གཞུང་བསྟི་གནས་ཁང་ནས་ཟངས་དཀར་ཁུལ་གྱི་ས་གནས་མང་ཚོགས་ལ་ཉིན་བཅུའི་རིང་སྨན་སྐོར་ཞབས་འདེགས་ཞུས་ཡོད། དེ་ཡང་ལ་དྭགས་བོད་ཀྱི་སྨན་རྩིས་ཁང་དང་ཟངས་དཀར་རོ་ཡལ་སྐྱིད་སྡུག་ཚོགས་པ་(Zanskar Royal Club)ཟུང་འབྲེལ་ཐོག་འདི་ལོའི་ཟླ་ ༥ ཚེས་ ༢༢ ནས་ ༣༡ བར་ལས་གཞི་འདི་བརྩམས་གནང་ཡོད། རྒྱས་པར་གཟིགས་་

རྒྱུགས་སྤྲོད་རིམ་པ་གཉིས་པའི་གྲུབ་འབྲས།

སྨན་སློབ་སྐབས་ ༢༢ གསར་བསྡུའི་རྒྱུགས་སྤྲོད་རིམ་པ་དང་པོ་དང་། གཉིས་པའི་ཐོབ་གྲངས་བསྡོམས་ནས་གཏན་སློབ་བུའི་ས་མིག་ཁོངས་སློབ་གཉེར་བ་ཉེར་གཉིས་ནས་ ༡༡ ཚུད། དེ་བཞིན་གཏན་སློབ་བུ་མོའི་ས་མིག་ཏུའང་ཉེར་གཉིས་ནས་ ༡༡ ཚུད། ཧིམྰལཡའི་ས་མིག་ཏུ་བཞི་ནས་ ༢ ཚུད་། སྒུག་སྡོད་དུ་སློབ་གཉེར་བ་ཁྱོན་ ༨ བཞུགས་ཡོད། སྨན་རྩིས་ལས་བྱེད་བུ་ཕྲུག་ས་མིག་ཏུ་ ༡+༡། རྩིས་སློབ་སྐབས་ ༡༢ ནང་དུ་གཏན་སློབ་ཕོ་མོ་ཁྱད་མེད་ས་མིག་ཏུ་སློབ་མ་ ༥ བཅས་ཁྱོན་སློབ་མ་ ༣༡ ཚུད་ཡོད།  རྒྱས་པར་གཟིགས་་

རྩིས་སློབ་གསར་པ་བདུན་ཁ་སྐོང་བྱ་རྒྱུ།

ཉེ་སྔོན་སྨན་རྩིས་སློབ་མ་གསར་བསྡུའི་རྒྱུགས་སྤྲོད་སྐབས་རྩིས་སློབ་སྐབས་ ༡༢ ནང་དུ་གཏན་སློབ་ཁོངས་ཕོ་མོ་ཁྱད་མེད་ས་མིག་༡༢ གཏན་འབེབས་ཡོད་པའི་ནང་ནས་སློབ་ཕྲུག་ ༥ མ་གཏོགས་རྒྱུགས་འཕྲོད་བརྒྱ་ཆ་ལོན་མེད། ད་དུང་གཏན་སློབ་ཁོངས་སློབ་གཉེར་བ་ ༧ གྱི་ས་མིག་སྟོང་པ་ལྷག་བསྡད་ཡོད། དེ་ཉིད་དུ་སློབ་ཕྲུག་གསར་པ་ཁ་སྐོང་ཆེད་བཞུགས་སྒར་སྨན་རྩིས་མཐོ་སློབ་ཁང་ནས་གསལ་བསྒྲགས་ཤིག་སྤེལ་ཡོད་པར་ཐུགས་སྣང་གནང་། རྒྱས་པར་གཟིགས་་

འཛུལ་རྒྱུགས་རིམ་པ་དང་པོའི་གྲུབ་འབྲས།

བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་སྐབས་ ༢༢ དང་རྩིས་སློབ་སྐབས་ ༡༢ ཆེད་དུ་སློབ་ཕྲུག་གསར་བསྡུའི་ཡིག་རྒྱུགས་རིམ་པ་དང་པོའི་གྲུབ་འབྲས་སུ། གཏན་སློབ་བུའི་ས་མིག་ཏུ་སློབ་ཕྲུག་ ༢༢ དང་། གཏན་སློབ་བུ་མོའི་ས་མིག་ཏུ་ ༢༢། སྨན་རྩིས་ལས་བྱེད་བུ་ཕྲུག་ས་མིག་ཏུ་ ༡། ཧི་མ་ལ་ཡའི་ས་མིག་ཏུ་ ༤ ཚུད་ཡོད།  རྩིས་སློབ་ཁོངས་སུ་གཏན་སློབ་ཕོ་མོ་ཁྱད་མེད་སློབ་ཕྲུག་ ༥ ཚུད། སྨན་རྩིས་ལས་བྱེད་བུ་ཕྲུག་ས་མིག་ཏུ་ ༡ ཚུད་པ་བཅས་ཁྱོན་བསྡོམས་སློབ་ཕྲུག་ ༥༥ ཚུད་ཡོད། རྒྱས་པར་གཟིགས་་

གསོ་རིག་ལུགས་ཀྱི་ལུས་ཆགས་ཚུལ་སོགས་གླེང་བ།

ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༣ - ༤ ཉིན་གཉིས་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ར་ཤི་ཡའི་ཚན་རིག་པ་དང་ནང་པའི་མཁས་པའི་དབར་འཇིག་རྟེན་ཁམས་ལ་དཔྱད་པ་ཞེས་པའི་བརྗོད་གཞི་སྟེང་བགྲོ་གླེང་ཐེངས་གཉིས་པ་ཚོགས་སྐབས་སྨན་རྩིས་ཁང་གི་སྨན་པ་རྣམ་གྲོལ་ལྷ་མོ་ལགས་ནས་བོད་ཀྱི་གསོ་རིག་སྐོར་ལ་གཏམ་བཤད་གནང་ཡོད། རྒྱས་པར་གཟིགས་་

གསོ་རིག་སྨན་པའི་ཤེས་ཚད་ལ་རྒྱ་གར་གཞུང་གིས་ངོས་ལེན་ཐོབ།

ཕྱི་ལོ་ ༡༩༦༦ ནས་ ༢༠༡༧ བར་ལོ་ཚིགས་སོ་སོར་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་བྱས་ནས་སྨན་པ་དཀའ་བཅུ་པ་དང་། སྨན་རམས་པ་ཆུང་བ། བོད་ཀྱི་ཚེ་རིག་སློབ་དཔོན། གསོ་རིག་ཨེམ་ཌི་བཅས་ངོས་འཛིན་ཡོད་པའི་སྨན་གྱི་ཤེས་ཚད་རྣམས་ལ་རྒྱ་གར་དབུས་གཞུང་གིས་ཁྲིམས་ཡིག་ལ་བསྐྱར་བཅོས་གནང་སྟེ་ངོས་ལེན་མཛད་བའི་གནས་ཚུལ་ཞིག་ཐོན་ཡོད། རྒྱས་པར་གཟིགས་་

སྨན་རྩིས་ཁང་འགན་འཛིན་གྱི་གསུང་བཤད།

ལོ་མང་སྔོན་བོད་གཞུང་སྲི་ཞུ་བ་རྣམས་ལ་ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བཀའ་སློབ་ཕེབས་གསལ། ལས་ཀ་བྱས་ཡོད་ན། ལས་སྡོམ་སྐྱོར་རྒྱུ་ཡོང་གི་རེད་གསུངས་པ་ལྟར། སྡེ་ཚན་སོ་སོས་བོད་ཀྱི་གསོ་བ་རིག་པ་དང་སྐར་རྩིས་རིག་པའི་བསྟན་པ། དེ་བཞིན་སྒྲིག་འཛུགས་དང་འཕྲལ་ཕུགས་རྩ་དོན་ལ་ཕན་པའི་ལས་དོན་ཨའུ་ཙམ་བྱུང་སོང་སྙམ་པ་ཡོད།  རྒྱས་པར་གཟིགས་་

སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༢ འཁོར་བ།

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༨ ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ། ལྷ་ལྡན་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༢ འཁོར་བ་དང་། དེ་བཞིན་བཙན་བྱོལ་དུ་བཞུགས་སྒར་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༥༧ འཁོར་བའི་དུས་དྲན་གྱི་མཛད་སྒོ་ཞིག་ཚོགས་གནང་ཡོད། སྤྱིར་བཞུགས་སྒར་སྨན་རྩིས་ཁང་དེ་བཞིན་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་དབུ་བརྙེས་པ་ཡིན་ཀྱང་། འདི་ལོའི་མཛད་སྒོ་ཐོག་མའི་འཆར་གཞི་ལྟར་ཕྱི་ཚེས་ ༢༨ ཉིན་ཚོགས་གནང་བ་རེད། རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༦ ཉིན་སྨན་རྩིས་སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།

སྨན་རྩིས་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཆུ་ལས་དང་གློག་ལས་པ་གཅིག་གི་ས་མིག་གསལ་བསྒྲགས།

བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་གསལ་བསྒྲགས།

སྐམ་ཁབ་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་གྲངས་ ༤ ས་མིག་གསལ་བསྒྲགས།

དབུས་ས་གཉིས་ཀྱི་སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༨ ས་མིག་གསལ་བསྒྲགས།

འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར།

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།