སྨན་རྩིས་དྲ་བ། - མདུན་ངོས།

ཞབས་ལོ་༣༠/༢༠ འཁོར་བ་རྣམས་ཀྱི་ངོ་སྤྲོད།

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༢༨ བཞུགས་སྒར་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༥༧ འཁོར་བའི་རྗེས་དྲན་གྱི་མཛད་སྒོའི་ཉིན་མོར། སྨན་རྩིས་ཁང་དུ་ཞབས་ལོ་ ༣༠ ཧྲིལ་པོ་འཁོར་བ་ལས་བྱེད་གྲངས་དྲུག་དང་། ཞབས་ལོ་ ༢༠ ཧྲིལ་པོ་འཁོར་བ་ལས་བྱེད་གྲངས་བཅུ་བཞི་ལ་ལེགས་གསོལ་ཕྱག་འཁྱེར་བསྩལ་སོན་བྱུང་བ་རྣམས་ཀྱི་ངོ་སྤྲོད། རྒྱས་པར་གཟིགས་་

འཇམ་དཔྱད་སྨན་ཁང་གསར་འཛུགས།

རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ཀོ་ར་མངྒལ་ས་གནས་སུ་སྨན་རྩིས་ཁང་གི་འཇམ་དཔྱད་ཁང་ཞིག་གསར་བཙུགས་ཞུས་ཡོད། དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གདན་ས་བཀྲིས་ལྷུན་པོ་ནས་རིན་པོ་ཆེ་དཔལ་ལྡན་སེང་གེ་མཆོག་ཆེད་མངགས་གདན་ཞུས་ཀྱིས་འཇམ་དཔྱད་ཁང་ལ་རབ་གནས་མཛད་ཡོད། རྒྱས་པར་གཟིགས་་

སྨན་སྐོར་ཕེབས་ཡུལ་ས་གནས་ཁག

ནད་པ་མང་པོའི་འབོད་སྐུལ་དང་དངོས་ཡོད་གནས་སྟངས་ལ་གཞིགས་པས་ཉེ་འཁྲིས་ཀྱི་ས་གནས་གལ་འགངས་ཆེ་ཁག་ལ་བདུན་རེ་ནས་ཟླ་བ་གཅིག་གཉིས་གང་རུང་གི་དུས་མཚམས་སུ་སྨན་སྐོར་ཐེངས་མ་ཇི་ཙམ་འགྲོ་མུས་ཡིན་པ་མང་ཚོགས་ཀྱིས་མཁྱེན་རྟོགས་སླད་རེའུ་མིག་ནང་གསལ་པོར་བཀོད་ཡོད།

རྒྱས་པར་གཟིགས་་

པདྨ་ཤྲྰི་ཆེ་བསྟོད་གཟེངས་རྟགས་བསྩལ་བ།

ྋསྐུའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་ལ་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༦ རྒྱ་གར་མང་གཙོ་ཉིན་མོའམ་སྤྱི་མཐུན་རྒྱལ་ཁབ་ཆགས་ནས་མི་ལོ་ ༦༩ འཁོར་བའི་དུས་སྟོན་ཉིན་མོར་རྒྱ་གར་དབུས་གཞུང་ནས་སྙན་གྲགས་ཅན་གྱི་པདྨ་ཤྲྰི་ (PADMA SHRI) ཞེས་ཡུལ་མི་ཆེ་བསྟོད་གཟེངས་རྟགས་དེ་བསྩལ་གནང་བའི་གཏམ་བཟང་ཐོས་པར་བཞུགས་སྒར་སྨན་རྩིས་ཁང་ནས་དགའ་བསུའི་འཚམས་འདྲི་ཞུ། རྒྱས་པར་གཟིགས་་

རྒྱལ་སྤྱིའི་ཨྰརོགྱ་2017ཚོགས་ཆེན་དང་པོ།

སྔ་ལོ་ཕྱི་ཟླ་ ༡༢ ཚེས་ ༤ ནས ༧ བར་རྒྱ་གར་གྱི་རྒྱལ་ས་དིལླིའི་བིཇྙྰན་བྷབན་ནང་དུ། རྒྱ་གར་སྲོལ་རྒྱུན་སྨན་གྱི་ཚོགས་པ་ཨྰཡུཥ་དང་བདེ་ཐང་ཚན་པ་ཨྰརོགྱ་ 2017 གཉིས་ཀྱི་རྒྱལ་སྤྱིའི་འགྲེམས་སྟོན་དང་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོ་(1st International Arogya 2017 An International Exhibition and Conference on AYUSH and Wellness)དེ་ཚོགས་གནང་ཡོད། རྒྱས་པར་གཟིགས་་

ཕྱི་བཅོས་གསོ་ཐབས་ཀྱི་ཟབ་སྦྱོང་དམར་ཁྲིད།

ཐེ་ཝན་ནས་ཕེབས་པའི་བསྐུ་མཉེ་དགེ་རྒན་ Eward ལགས་དང་། སིངྒ་པུར་ནས་ཕེབས་པའི་སྐབ་ཁབ་དགེ་རྒན་ Shifu ལགས་གཉིས་ཀྱི་དྲུང་ནས་སྨན་རྩིས་མཐོ་སློབ་འཛིན་ཁང་དུ་འདི་ལོའི་ཟླ་ ༡ ཚེས་ ༨ ནས་བཟུང་ཉིན་ ༢༠ རིང་དམིགས་བསལ་རྒྱ་ནག་ལུགས་ཀྱི་བསྐུ་མཉེ་དང་། སྐམ་ཁབ་དཔྱད་བཅོས་སྐོར་ཟབ་སྦྱོང་ཞུ་བཞིན་ཡོད། རྒྱས་པར་གཟིགས་་

སྨན་རྩིས་ཁང་ལ་འབུལ་བ་གསོལ་རས་བསྩལ།

ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༡ རེས་གཟའ་ཟླ་བའི་ཉིན་བཞུགས་སྒར་སྨན་རྩིས་ཁང་དུ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་ཇི་ལྟར་གདན་ཞུས་ལྟར་དངོས་སུ་ཕེབས་ནས་ཐོག་མར་སྨན་རྩིས་ཁང་གི་རིག་གཞུང་སྡེ་ཚན་ཁག་གཅིག་ལ་འཚམས་གཟིགས་གནང་བ་དང་། དེ་ནས་གསུང་ཆོས་གནང་ས་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ཞབས་སོར་འཁོད་ཡོད། རྒྱས་པར་གཟིགས་་

སྨན་རྩིས་སློབ་མ་གསར་བསྡུའི་གསལ་བསྒྲགས།

བཞུགས་སྒར་དབུས་སྨན་རྩིས་མཐོ་སློབ་ཁང་གིས་ཕྱི་ལོ་ ༢༠༡༨ ནང་། སྨན་སློབ་སྐབས་ ༢༢ ཁོངས་སུ་སློབ་མ་གྲངས་ ༣༣ དང་། རྩིས་སློབ་སྐབས་ ༡༢ ཁོངས་སུ་སློབ་མ་ ༢༠ ས་མིག་བསྡུ་ཁོངས་སོ་སོ་ནས་རྒྱུགས་སྤྲོད་རིམ་པ་གཉིས་ཀྱི་ལམ་ནས་གསར་བསྡུ་བྱ་རྒྱུ་ལགས་ན། དོན་གཉེར་ཡོད་པ་རྣམས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༥ དུས་བཀག་ནང་ཚུན་འཛུལ་རྒྱུགས་འགེང་ཤོག་བཀང་སྟེ། འདི་ག་སྨན་རྩིས་མཐོ་སློབ་ཡིག་ཚང་དུ་ངེས་པར་འབྱོར་བ་གནང་དགོས། རྒྱས་པར་གཟིགས་་

སྔ་དགོང་གོམ་འགྲོས་གནང་རྒྱུ་མེད་པའི་ལམ་སྟོན།

རྒྱ་གར་དེང་རབས་སྨན་པའི་མཐུན་ཚོགས་(IMA: Indian Medical Association) ནས། སྔ་ཉིན་རྒྱལ་ས་དིལླིའི་མཁའ་རླུང་འབགས་བཙོག་གི་གནས་སྟངས་དེ་ཉེན་ཁ་ཅན་གྱི་རང་བཞིན་དུ་གྱུར་བར་བརྟེན། དིལླིའི་མང་ཚོགས་ཀྱི་འཕྲོད་བསྟེན་ཛ་དྲག་ཏུ་གྱུར་ཡོད་པའི་གསལ་བསྒྲགས་སྤེལ་འདུག རྒྱས་པར་གཟིགས་་

རིན་མེད་སྨན་རྩིས་ཞབས་ཞུ།

བོད་ཀྱི་སྨན་རྩིས་ཁང་ནས་འདི་ལོའི་ཕྱི་ཟླ་༡༡ པའི་ཚེས་༡ ནས་ ༥ བར་ཉིན་གྲངས་ལྔ་རིང་རྒྱ་གར་གྱི་རྒྱལ་ས་དིལླིར་རིན་མེད་ཐོག་ནད་པར་བརྟག་དཔྱད་སྨན་བཅོས་དང་། ངག་ཐོག་རྩིས་འབྲས། གཏམ་བཤད། དངོས་བྱུང་གློག་བརྙན། སྨན་རྩིས་འགྲེམས་སྟོན་སོགས་ཞུ་རྒྱུ་ཡིན་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ། རྒྱས་པར་གཟིགས་་

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཐེངས་ལྔ་པ་ལེགས་གྲུབ།

འདི་ག་བོད་ཀྱི་སྨན་རྩིས་ཁང་དུ་ལོ་ལྟར་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་རེ་སྐོང་ཚོགས་བྱེད་མུས་ཡིན་ལ། འདི་ལོ་ནས་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་རེ་ཚོགས་གཏན་ཁེལ་བ་བཞིན། བགྲོ་གླེང་ཚོགས་ཆེན་ཐེངས་ལྔ་པ་དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༤ ནས་ ༦ བར་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ཚོགས་ཡོད།
རྒྱས་པར་གཟིགས་་

གསར་འགོད་གསལ་བསྒྲགས།

རྒྱ་དམར་གཞུང་གིས་བར་ལམ་བོད་སྨན་བདག་ཐོབ་ཐད་རྒྱལ་སྤྱིའི་ནང་འབད་བརྩོན་བྱེད་པ་དང་།  བོད་རིགས་སྨན་པ་འཇིགས་མེད་ཕུན་ཚོགས་ལགས་བེད་སྤྱོད་གཏོང་བ།  བཞུགས་སྒར་སྨན་རྩིས་ཁང་ལ་གསང་བ་བྱ་རྒྱུ་མ་ཟད།  ཚོགས་འདུར་གདན་ཞུ་གཏམ་བཤད་གོ་སྒྲིག་བྱས་ན་འགྲིག་མིན་སོགས་ཨ་རི་འབྲེལ་མཐུད་པར་བཀོད་མངགས་བྱ་སྟངས་ལ་ཞིབ་སྐབས་རྒྱ་དམར་གྱི་སྲིད་བྱུས་ངན་པ་ཞིག་ཡོད་པ་རེད། རྒྱས་པར་གཟིགས་་

ཨ་རིར་རིག་གཞུང་གོ་རྟོགས་ཆེད་བསྐྱོད་རྒྱུ།

སྨན་རྩིས་མཐོ་སློབ་ཁང་གི་སྐབས་ ༡༧ པ་ཉམས་གསོག་སྨན་པ་དྲུག་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༣ ནས་ ༢༩ བར་ Emory University School of Medicine, USA  དང་། དེ་བཞིན་ཟླ་ ༩ ཚེས་ ༣༠ ནས་ཟླ་ ༡༠ ཚེས་ ༡༡ བར་  Centre for Spirituality & Healing, University of Minnesota,  North western Health Science University in Minneapolis, USA བཅས་སུ་རིག་གཞུང་གོ་རྟོགས་སྤེལ་ཕྱིར་བསྐྱོད་རྒྱུ་རེད། རྒྱས་པར་གཟིགས་་

སྨན་རྩིས་ཁང་གི་སྨན་དུ་བརྫུས་ནས་བསླུ་ཁྲིད་བྱེད།

སྨན་རྩིས་ཁང་གི་སྨན་སྦྱོར་ཁང་ནས་བཟོ་སྐྲུན་མ་བྱས་པའི་བོད་སྨན་རིགས་གཅིག་སྨན་རྩིས་ཁང་གི་སྨན་ཡིན་ཁུལ་བཤད་དེ་སྨན་རྩིས་ཁང་གི་མིང་བེད་སྤྱོད་ལོག་པ་གཏོང་ནས་སྣ་ཐོད་ལ་བརྒྱུད་བོད་ནང་ཚོང་འགྲེམས་ཀྱི་ཆེད་དུ་གཏོང་གི་ཡོད་པའི་གནས་ཚུལ་འདུག རྒྱས་པར་གཟིགས་་

སེམས་ཁམས་འཕྲོད་བསྟེན་ཟབ་སྦྱོང་ལེགས་གྲུབ།

བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་གི་སྡེ་ཚན་གྱིས་ལོ་ལྟར་སེམས་ཁམས་འཕྲོད་བསྟེན་ཟབ་སྦྱོང་སྤྲོད་མུས་ལྟར།འདི་ལོ་ཡང་སྔར་བཞིན་ཟབ་སྦྱོང་གི་གསལ་བསྒྲགས་དང་ཡིག་འབྲེལ་སོགས་ལ་བརྟེན་ནས་སྙན་ཞུ་དང་འབྲེལ་གཏུགས་བྱེད་མཁན་མང་པོ་བྱུང་ཡང། སློབ་ཡོན་ཅུང་ཆེ་དྲག་པའི་དབང་གིས་དངོས་སུ་འཛུལ་ཞུགས་བྱེད་མཁན་བཅུ་མ་གཏོགས་བྱུང་མེད། རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༦ ཉིན་སྨན་རྩིས་སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།

སྨན་རྩིས་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཆུ་ལས་དང་གློག་ལས་པ་གཅིག་གི་ས་མིག་གསལ་བསྒྲགས།

བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་གསལ་བསྒྲགས།

སྐམ་ཁབ་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་གྲངས་ ༤ ས་མིག་གསལ་བསྒྲགས།

དབུས་ས་གཉིས་ཀྱི་སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༨ ས་མིག་གསལ་བསྒྲགས།

འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར།

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།