སྨན་རྩིས་དྲ་བ། - མདུན་ངོས།

ཆེས་ཡིད་སྐྱོའི་གནས་ཚུལ།

 ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཞོགས་པ་ཐོ་རེངས་ཚོུད་ ༢ དང་སྐར་མ་ ༥༢ ཐོག་ྋསྐུའི་བླ་སྨན་ཟུར་པ་ཡེ་ཤེས་དོན་ལྡན་མཆོག་བཞུགས་སྒར་དྷ་རམ་ས་ལར་རང་ཤག་ཏུ་དགུང་གྲངས་ ༩༢ ཐོག་སྐུ་གཤེགས་པའི་ཆེས་ཡིད་སྐྱོའི་གནས་ཚུལ་ཐོན་འདུག རྒྱས་པར་གཟིགས་་

སྨན་རྩིས་ཁང་གི་གསར་འགོད་གསལ་བསྒྲགས།

སྨན་རྩིས་ཁང་ནས་ལོ་ལྟར་ས་བདག་འཁྲུགས་བཅོས་ཀྱི་ཚོགས་མཆོད་འབུལ་གྱི་ཡོད་པ་ལྟར་འདི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༡ ཚེས་བཟང་འཁེལ་བའི་ཉིན་དེར་སྨན་རྩིས་ཁང་གི་དགེ་ལས་སློབ་མ་མང་ཆེ་བ་ཞིག་དྷ་སའི་རི་རྩེར་སོང་ཡོད་ཀྱང་། སྨན་རྩིས་ཚོགས་ཁང་དུ་ལས་བྱེད་ལྷག་མ་རྣམས་དང་བོད་རིགས་གསར་འགོད་པ་ཁག་གཅིག་འདུ་འཛོམས་ཐོག སྨན་རྩིས་ཁང་གི་འགན་འཛིན་མཆོག་ནས་སྐར་རྩིས་སྡེ་ཚན་གྱིས་བཏོན་གནང་བའི་ཟླ་ཚེས་གཟའ་སྐར་བཟང་བའི་སྐབས་དེ་རང་དུ་དོན་ཚན་གཉིས་ཀྱི་ཐོག་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། རྒྱས་པར་གཟིགས་་

སྨན་པ་གཙོ་བོ་མཆོག་ལ་གཡུ་ཐོག་གཟེངས་རྟགས་བསྩལ།

འདི་ལོའི་ཟླ་ ༩ ཚེས་ ༡༡ ཉིན་རྒྱལ་ས་དིལླིའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་སྨན་རྩིས་ཁང་གི་སྨན་པ་གཙོ་བོ་སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་མཆོག་ལ་གསོ་རིག་བསྟན་པར་བྱས་རྗེས་རླབས་ཆེན་བཞག་གནང་བའི་ངོས་འཛིན་གྱིས་གཡུ་ཐོག་གཟེངས་རྟགས་ཕུལ་བཞེས་གནང་ཡོད། རྒྱས་པར་གཟིགས་་

རྗེས་ལོར་སྨན་རྩིས་སློབ་མ་གསར་བསྡུ་ཞུ་རྒྱུ་མིན།

སྨན་རྩིས་མཐོ་སློབ་ཁང་འདི་བཞིན་ཕྱི་ལོ་ ༢༠༢༠ ནས་རྒྱ་གར་ལྷོ་ཕྱོགས་ཀརྞཊཀ་མངའ་སྡེ་སྦེལ་ལོར་གྲོང་ཁྱེར་དུ་ཆགས་པའི་ཏྰ་ལའི་བླ་མའི་མཐོ་སློབ་ཁང་དུ་གནས་སྤོ་ཞུ་རྒྱུ་ཡིན་སྟབས། རྗེས་ལོ་སྨན་རྩིས་གཉིས་ཀའི་སློབ་མ་གསར་བསྡུ་ཞུ་ཐབས་མེད་པར་བརྟེན། བོད་ཀྱི་སྨན་རྩིས་མཐོ་སློབ་སྡེ་ཚན་ནས་ཕྱི་ལོ་ ༢༠༢༠ ནང་སྨན་རྩིས་སློབ་མ་གསར་བསྡུ་ཞུ་རྒྱུ་མིན།
རྒྱས་པར་གཟིགས་་

སྐད་གཉིས་སྨྲ་བའི་ཆོད་གན་ལས་བྱེད་གཉིས་ཀྱི་ས་མིག

སྨན་རྩིས་ཁང་དུ་རིག་གཞུང་སྡེ་ཚན་ཁོངས་ཀྱི་ལས་དོན་ཆེད་ཨིན་བོད་སྐད་ཡིག་སྟེང་སྐད་སྒྱུར་དང་ཡིག་སྒྱུར་གནང་ཐུབ་པ་གང་ཞིག་ཀམ་པུ་ཊར་གྱི་རྨང་གཞི་སྦྱོང་བརྡར་ཡོད་པ་སོགས་ཀྱི་ཆ་རྐྱེན་ཚང་བའི་ཆོད་གན་ལས་བྱེད་ས་མིག་གཅིག་དང་། དེ་བཞིན་ཅོན་ཏ་ར་སྨན་རྩིས་རྒྱ་ཡིག་སྡེ་ཚན་དུ་བོད་རྒྱ་གཉིས་ཀའི་ཐོག་སྐད་སྒྱུར་དང་ཡིག་སྒྱུར་གནང་ཐུབ་པ་སོགས་ཀྱི་ཆ་རྐྱེན་ཚང་བའི་ཆོད་གན་ལས་བྱེད་ས་མིག་གཅིག་གི་གསལ་བསྒྲགས། རྒྱས་པར་གཟིགས་་

གཞན་ལ་གནས་སྤར་ཟབ་སྦྱོང་དང་རྒྱུགས་སྤྲོད་གོ་སྐབས་མེད་སྐོར།

སྨན་རྩིས་བཀའ་བཅུ་པ་ཐོན་རྗེས་སྨན་རམས་པའི་གནས་སྤར་ཡིག་རྒྱུགས་གཏོང་ཕྱོགས་ཐད། ད་བར་སྨན་རྩིས་ཁང་གི་སྒྲིག་ཁོངས་སུ་ཡོད་མིན་ལ་མ་ལྟོས་པར་རེ་སྐུལ་ཞུ་མཁན་ཡོངས་ལ་གོ་སྐབས་གཅིག་མཚུངས་ཕུལ་ཡོད་ཀྱང་། སྔ་ལོ་སྨན་རྩིས་ཁང་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཀྱི་ཚོགས་ཐེངས་ ༥༠ པའི་སྐབས་གནད་དོན་འདི་དང་འབྲེལ་བའི་སྤྱི་མོས་ཐག་གཅོད་གལ་ཆེ་ཞིག་གནང་བའི་སྐོར་ཡོངས་གསལ་ ༡༤༨༤ སྤེལ་བའི་ནང་དོན་འབྲེལ་ཡོད་ཀུན་གྱིས་ཐུགས་མངའ་ཡོང་བར་ཞུ། རྒྱས་པར་གཟིགས་་

བསླབ་པ་མཐར་སོན་པ་དག་ལ་བཀའ་སློབ་བསྩལ།

བོད་པའི་སྨན་འདི་ང་རང་ཚོས་ནམ་རྒྱུན་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་བཤད་བསྡད་དུས་གསོ་བ་རིག་པ་ཞེས་པ་འདི་རིག་གནས་ཆེ་བ་ལྔའི་གྲས་ཆགས་ཡོད། ནང་དོན་རིག་པས་མིའི་སེམས་ལ་བཟོ་བཅོས་རྒྱག་པ་དང་། སེམས་ལ་ཞི་བདེ་བསྐྲུན་པ་ཡིན། གསོ་བ་རིག་པས་མ་གཞི་རླུང་ཁམས་ཀྱིས་སེམས་འཁྲུགས་པ་ལ་ཕན་ཐོགས་བྱེད་རྒྱུ་ཡོད་རེད།  རྒྱས་པར་གཟིགས་་

སྨན་པ་གཙོ་བོ་མཆོག་ལ་ཆེ་བསྟོད་གནང་།

སྨན་རྩིས་ཁང་གི་སྨན་པ་གཙོ་བོ་ྋརྒྱལ་བའི་བླ་ཞབས་པ་སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་ལ་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༧ ཉིན་AISDMDB གོ་སྒྲིག་ཚོགས་ཆུང་གིས་མང་ཚོགས་ཀྱི་འཕྲོད་བསྟེན་གཅེས་སྲུང་ཐད་ཞབས་འདེགས་བླ་ན་མེད་པ་ཞུས་དང་ཞུ་བཞིན་པར་ཆེ་བསྟོད་བྱ་དགའ་སྩལ་གནང་ཡོད། རྒྱས་པར་གཟིགས་་

སྨན་སྐོར་འགྲོ་ས་གསར་པ་འགོ་འཛུགས་ཞུས།

ནུབ་བང་གྰལ་མངའ་སྡེའི་ས་ལུ་སྒ་རའི་ཡན་ལག་སྨན་རྩིས་ཁང་ནས་དེ་སྔོན་ཟླ་རེ་མཚམས་སུ་རྒྱ་གར་དང་འབྲུག་གི་ས་མཚམས་ཇཡ་གྰཾབ་ཞེས་པར་སྨན་སྐོར་དུ་འགྲོ་སྲོལ་ཡོད་ཀྱང་། འདི་ལོའི་ཟླ་ ༤ ཚེས་ ༡ ནས་ས་གནས་དེར་ཡན་ལག་སྨན་རྩིས་ཁང་དངོས་སུ་དབུ་འབྱེད་བྱས་ཤིང་ནད་པར་བརྟག་དཔྱད་སྨན་བཅོས་ཀྱི་འཕྲོད་བསྟེན་ཞབས་འདེགས་ཡན་ལག་སྨན་ཁང་སྤྱི་མཚུངས་བཞིན་འགྲོ་མུས་སུ་ཡིན། རྒྱས་པར་གཟིགས་་

བགྲོ་གླེང་ཚོགས་ཐེངས་༩པ་ལེགས་གྲུབ།

ལུས་སེམས་སྲོག་གི་བགྲོ་གླེང་ཐེངས་དགུ་པ་དེ་བཞིན་བྷེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་སྨན་རྩིས་ཁང་གི་འཇམ་དཔྱད་ཡན་ལག་ཏུ་ཕྱི་ལོ ༢༠༡༩ ཟླ་ ༤ ཚེས་ ༡༣ ནས་ ༡༤ བར་ཉིན་གཉིས་རིང་ཚོགས་ཡོད། རྒྱས་པར་གཟིགས་་

འཛུལ་རྒྱུགས་རིམ་པ་གཉིས་པའི་གྲུབ་འབྲས།

བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་སྐབས་ ༢༣ ཁོངས་སུ་སློབ་མ་ ༢༤ དང་། རྩིས་སློབ་སྐབས་ ༡༣ ནང་དུ་སློབ་མ་ ༡༡ བཅས་ཁྱོན་བསྡོམས་ད་ལོ་སྨན་རྩིས་སློབ་མ་ ༣༥ ཚུད་ཡོད། དེ་ཡང་སྨན་རྩིས་ལས་བྱེད་བུ་ཕྲུག་ས་མིག་ཏུ་ ༢ དང་། གྲྭ་པའི་ས་མིག་ཏུ་ ༡། སོག་པོའི་ས་མིག་ཏུ་ ༡། རྩིས་སློབ་ ༡༡ རྣམས་ཡིག་རྒྱུགས་རིམ་པ་དང་པོ་ཉིད་ནས་ཚུད་ཟིན་པ་དང་། རྒྱུགས་སྤྲོད་རིམ་པ་གཉིས་པའི་ནང་བཞུགས་པའི་གཏན་སློབ་བུ་དང་བུ་མོའི་ས་མིག་ཁོངས་སུ་སློབ་མ་དགུ་རེ་སྟེ་ ༡༨ དང་། ཧི་མ་ལ་ཡའི་ས་མིག་ཏུ་ ༢ ཚུད་ཡོད། རྒྱས་པར་གཟིགས་་

འཛུལ་རྒྱུགས་རིམ་པ་དང་པོའི་གྲུབ་འབྲས།

བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་སྐབས་ ༢༣ དང་རྩིས་སློབ་སྐབས་ ༡༣ ཆེད་དུ་སློབ་ཕྲུག་གསར་བསྡུའི་ཡིག་རྒྱུགས་རིམ་པ་དང་པོའི་གྲུབ་འབྲས་སུ། གཏན་སློབ་བུའི་ས་མིག་ཏུ་སློབ་ཕྲུག་ ༡༨ དང་། གཏན་སློབ་བུ་མོའི་ས་མིག་ཏུ་ ༡༨། སྨན་རྩིས་ལས་བྱེད་བུ་ཕྲུག་ས་མིག་ཏུ་ ༢། ཧི་མ་ལ་ཡའི་ས་མིག་ཏུ་ ༤། གྲྭ་པའི་ས་མིག་ཏུ་ ༡། སོག་པོའི་ས་མིག་ཏུ་ ༡། བཅས་ཚུད་ཡོད།

རྒྱས་པར་གཟིགས་་

འགན་འཛིན་མཆོག་གི་གསུང་བཤད།

སྤྱི་ལོ་ ༢༠༡༩ ནི་༸རྒྱལ་དབང་༸སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༡༠༣ འཁོར་བ་དང་། བཞུགས་སྒར་ངྷ་རམ་ས་ལར་༸རྒྱལ་དབང་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་སྨན་རྩིས་ཁང་བསྐྱར་འཛུགས་མཛད་ནས་མི་ལོ་ ༥༨ འཁོར་བའི་རྗེས་དྲན་མཛད་སྒོའི་སྟེང་ཆིབས་བསྒྱུར་བསྐྱངས་པའི་མགྲོན་གྱི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག

རྒྱས་པར་གཟིགས་་

ལོ་ངོ་ ༡༠༣ འཁོར་བའི་དུས་དྲན་མཛད་སྒོ།

ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༩ ཉིན་བཞུགས་སྒར་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ ༡༩༡༦ ལོར་བོད་ཀྱི་རྒྱལ་སར་ལྷ་ལྡན་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་ ༡༠༣ དང་། དེ་བཞིན་གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དྷ་སར་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་མཛད་དེ་ལོ་ངོ་ ༥༨ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་གནང་ཡོད།

རྒྱས་པར་གཟིགས་་

ཞབས་ལོ་༣༠/༢༠སོན་པ་ཁག་ལ་ཆེ་བསྟོད།

༢༠༡༩ ཟླ་ ༣ ཚེས་ ༢༩ ཉིན་ལྷ་ས་དང་བཞུགས་སྒར་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོའི་སྐབས་འདི་ལོ་སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་ ༢༠ དང་ ༣༠ སོན་པ་ཁག་གཅིག་ལ་སྐུ་མགྲོན་གཙོ་བོའི་ཕྱག་ནས་སྨན་རྩིས་ཁང་གིས་སྔར་རྒྱུན་ལྟར་ཆེ་བསྟོད་དང་ཕྱག་འཁྱེར་བསྩལ་གནང་ཡོད། སྐབས་དེ་དུས་ངོ་སྤྲོད་སྙིང་བསྡུས་སྒྲོགས་སྦྱང་བྱས་པ་རྣམས་འདིར་རང་འཇགས་བཀོད་ཡོད།

རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༦ ཉིན་སྨན་རྩིས་སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།

སྨན་རྩིས་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཆུ་ལས་དང་གློག་ལས་པ་གཅིག་གི་ས་མིག་གསལ་བསྒྲགས།

བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་གསལ་བསྒྲགས།

སྐམ་ཁབ་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་གྲངས་ ༤ ས་མིག་གསལ་བསྒྲགས།

དབུས་ས་གཉིས་ཀྱི་སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༨ ས་མིག་གསལ་བསྒྲགས།

འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར།

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།