སྨན་རྩིས་དྲ་བ། - བོད་ཀྱི་སྨན་བཅོས་རིག་པ།

གཟའ་བཅོས་ཀྱི་སྐོར་བཞུགས།

༄༅། །ནམོ་བཛྲ་པཱཎིཡེ། མན་ངག་འདིའི་བརྒྱུད་པའི་ལོ་རྒྱུས་ནི། རྗེ་རིན་པོ་ཆེའི་ཟའ་(གཟའ་)བཟང་བ་དེ་ཉིད་དུས་ཀྱི་ཚེ་རོང་ཁ་ཕྱོགས་ཀྱི་རི་ཁྲོད་གཅིག་ན་སྒྲུབ་པ་དམ་པོ་མཛད་ཅིང་བཞུགས་པའི་དུས་ན། མི་དཀར་པོ་ལག་ན་ཤེལ་ཕྲེང་དང་མཁར་བ་འཁྱེར་བ་གཅིག་མདུན་གྱི་ནམ་མཁའི་བར་སྣང་ལ་ཕར་འགྲོ་ཚུར་འགྲོ་བྱེད་པ་མངོན་སུམ་དུ་གཟིགས་ཏེ།

རྒྱས་པར་གཟིགས་་

ཀོ་ཝིཌ་༡༩ (རྟགས་ལྡན་)ནད་བཅོས་མྱོང་བ།

སྐྱེས་པ་རང་ལོ་ ༤༨ ཅན་ཏོག་དབྱིབས་གཉན་ནད་ནད་རྟགས་མངོན་(Symptomatic)པའི་ནད་པ་ཞིག་ལ་བོད་སྨན་བཏང་སྟེ་ཕན་བསྐྱེད་བྱུང་བའི་མྱོང་བ་ཐོར་བུ། དུས་ཡུན་ཟླ་བ་གཉིས་ཙམ་སྨན་བཅོས་བྱས།  རྒྱས་པར་གཟིགས་་

ཀོ་ཝིཌ་༡༩ (རྟགས་མེད་)ནད་བཅོས་མྱོང་བ།

རང་ལོ་ ༦༡ སོན་པའི་སྐྱེས་མ་ཏོག་དབྱིབས་གཉན་རིམས་ནད་རྟགས་མི་མངོན་ (Asymptomatic) པའི་ནད་པར་གསོ་བཅོས་བྱས་པའི་མྱོང་བ་ཐོར་བུ། དུས་ཡུན་ཟླ་བ་གཅིག་དང་། ཉིན་གྲངས་༢༠ བོད་སྨན་ཁོ་ན་བསྟེན་ཡོད། རྒྱས་པར་གཟིགས་་

དྲེག་གྲུམ་ནད་ཀྱི་མྱོང་ཚོར་རགས་བཤད།

དྲེག་ནད་དང་གྲུམ་བུ་གང་ཡིན་རུང་། མིའི་ལུས་ཀྱི་ཚིགས་ཆེ་ཆུང་ལ་གནས་པའི་ནད་ཡིན། དྲེག་ནད་ལོ་བཅུ་མན་གྱི་བྱིས་པར་བྱུང་བ་མཐོང་མ་མྱོང་བ་ལས། དྲེག་གྲུམ་ནད་དེ་ཕོ་མོ་དང་རྒན་གཞོན་མེད་པར་བྱུང་འདྲ་མོད། གནས་ཡུལ་གྱི་དབང་དུ་རླན་ཞིང་འཁྱག་པའི་ས་ཆ་དང་ཁང་བ་ཚ་ཐབས་སྐམ་མེད་པ་སོགས་ལ་འདུག་སྡོད་བྱས་པའི་མི་ལ་བྱུང་བ་མང་ཙམ་མཐོང་མྱོང་། རྒྱས་པར་གཟིགས་་

གཟའ་ནད་བཅོས་ཐབས་ཀྱི་མྱོང་ཚོར།

དེ་ཡང་གཟའ་ནད་ཅེས་པ་ནད་བདག་གི་མིང་ཞིག་སྟེ། སྔོན་རབས་པ་ཚོའི་བརྗོད་ཚུལ་ལ་གཞིགས་ན་གཙོ་བོ་དྲང་སྲོང་གཟའ་བདུད་ཆེན་པོ་རཱ་ཧུ་ལའི་དུག་གྲིབ་ཕོག་པ་ལས་བྱུང་བའི་ནད་ཅིག་ཡིན་པར་ངོས་འཛིན་ཏེ་ནད་བདག་གི་མིང་ནད་ལ་བཏགས་པ་ཞིག་ཡིན་ཅིང་།  དེ་ལ་དྲང་སྲོང་གི་ནད་དང་། རྒྱས་པར་གཟིགས་་

སྲོག་རླུང་བཅོས་ཐབས།

འདིར་སྲོག་རླུང་ཞེས་པ་ནི། གཡུ་ཐོག་དགོངས་རྒྱན་ལས་སྲོག་རྩ་དཀར་པོ་ལ་གནས་པའི་རླུང་སྲོག་འཛིན་གྱི་མིང་ཡིན་ཏེ། བཤད་པའི་རྒྱུད་ལས། སྲོག་འཛིན་རླུང་དེ་སྤྱི་བོར་གནས། །ཞེས་དང་།  རིན་ཆེན་ཕྲེང་བར། སྲོག་འཛིན་རྒྱུངས་པའི་སྦུབས་ན་གནས། །ཁྱད་པར་ཀླད་པའི་དཀྱིལ་ན་གནས། །ཞེས་དང་།  རྗེ་རང་བྱུང་བས། རྒྱས་པར་གཟིགས་་

མཆིན་ནད་བཅོས་ཐབས།

རྒྱུ་ནི་ཚ་སྐྱུར་ཟས་དང་དྲག་ཤུལ་བསྐྱེད། །ཅེས་པས། མཆིན་ནད་བསྐྱེད་པའི་རྒྱུ་ཙི་ཏྲ་ཀ་ལ་སོགས་པའི་རོ་ཚ་བ་དང་།  ཆང་རག་ལ་སོགས་པའི་བཟའ་འཐུང་གི་རིགས་མཐའ་དག་དང་།  རྩོལ་དྲག་ལ་སོགས་པའི་དྲག་ཤུལ་གྱི་ལས་ཚད་ལས་འདས་པ་སོགས་བྱེད་པའི་དབང་གིས་མཆིན་ནད་བསྐྱེད་པའི་རྒྱུར་གྱུར་ཅིང་། རྒྱས་པར་གཟིགས་་

མཁལ་ནད་བརྟག་བཅོས་སྐོར་གྱི་མྱོང་ཚོར།

བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་བསྟན་པའི་མཁལ་མ་ནི་བྱང་ཁོག་སྨད་ལ་གནས་པའི་དོན་ལྔའི་ཡ་གྱལ་ཞིག་ཡིན་ཅིང་།  རྒྱབ་ངོས་ཀྱི་ཚིགས་པ་ རྒྱས་པར་གཟིགས་་

གཟའ་གདོན་ནད་ཀྱི་སྨན་བཅོས་སྐོར།

འབྱུང་པོའི་གདོན་ནད་ལྔའི་ནང་གི་གཟའ་གདོན་ནད་ཀྱི་སྐོར་ཅུང་ཞིག་གླེང་བར་འདོད་ན། དགེ་སྐྱོན་ཇི་ལྟར་མཆིས་ཀྱང་དགོངས་འཆར་གནང་རྒྱུའི་རེ་བ་ཡོད། དེ་ཡང་གཟའ་གདོན་ནམ་གྲིབ་སྐྱོན་ནད་གཞིར་ས་བཅད་རྣམ་པ་དྲུག་གི་སྒོ་ནས་འཆད་པར་འདོད་དོ།།

རྒྱས་པར་གཟིགས་་

མིག་འབྱེད་ལག་ལེན་རིན་ཆེན་ཐུར་མའི་ལས་ཆོག

མིག་ནད་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ལྔ། །དབྱེ་བ་མིག་ཆུའི་ནད་རིགས་རྣམ་པ་བདུན། །སྐམ་ཚགས་གཤེར་ཚགས་གཉིས་དང་གདུང་འགྱུར་བཞི། །ལིང་ཏོག་རིགས་བཞི་རབ་རིབ་རྣམ་པ་བཞི། །སྲོད་ལོང་གཅིག་དང་ཕྱི་འགྲིབ་རྣམ་པ་ལྔ། །ནང་འགྲིབ་གཉིས་དང་བར་འགྲིབ་རྣམ་པ་བཞི། །རྒྱས་པར་སུམ་ཅུ་རྩ་གསུམ་རྒྱུད་ལས་གསུངས། ། རྒྱས་པར་གཟིགས་་

མ་ལེ་འཆུས་པའི་བཅོས་ཐབས།

དེ་ཡང་མ་ལེ་འཆུས་པའམ་བུད་པ་ནི་སྤྱོད་ལམ་དང་འདུག་སྟངས་འཁྲུགས་པའི་དབང་གིས་སྐབས་སུ་ཁ་གདང་པ་དང་། ཨ་སྟོང་རྒྱག་པ། མིག་གནམ་དུ་བལྟ་བ། སྐད་ཆེན་པོ་བརྒྱབ་པ། གད་མོ་ཤུགས་ཆེར་ཤོར་བ་སོགས་ཀྱི་རྐྱེན་གྱིས་འགྲམ་ཚིགས་ཕྱིར་བུད་འགྲོ་བའི་ནད་ཅིག་ལ་ཟེར། རྒྱས་པར་གཟིགས་་

སྐྱ་རྦབ་ནད་ཀྱི་བཅོས་ཐབས།

རྒྱུ་རྐྱེན་ཟས་དང་སྤྱོད་ལམ་མི་འཕྲོད་པས། །མ་ཞུའི་དྭངས་མ་མཆིན་གནས་ཟུངས་མ་གྱུར། །ངན་ཁྲག་ཆུ་སེར་རྒྱས་པ་རླུང་གིས་གཏོར། །ལུས་ཀུན་ཁྱབ་པས་སྐྱ་རྦབ་དག་ཏུ་གཡོ། །ཞེས་གསུངས་པ་ལྟར། ནད་འདི་དམིགས་བསལ་ཕོ་མོ་དང་ལོ་ན་ཆེ་ཆུང་སོགས་ཀྱི་ཁྱད་པར་ཆེར་མེད་ཀྱང་མིའི་རང་བཞིན་ལ་ཁྱད་པར་ཆེན་པོ་འདུག རྒྱས་པར་གཟིགས་་

བྱིས་པའི་ཞོ་པྲ་བརྟག་ཐབས་མདོར་བསྡུས།

དེ་ལ་འདིར་ཡན་ལག་གཉིས་པ་བྱིས་པ་གསོ་བའི་ཐབས་ལས་བྱིས་པའི་ནད་ཀྱི་བརྟག་ཐབས་ཁོངས་ནས་ནུ་ཞོའམ་ཞོ་པྲ་བརྟག་ཐབས་ཀྱི་རིམ་པ་མདོར་ཙམ་བཤད་པར་བྱ་བ་ནི། དེ་ལ་ས་བཅད་ཀྱི་དབང་དུ་བྱས་ན་སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་སྔོན་འགྲོ་ལ་རྟེན་གྱི་ན་ཚོད་དང་། བརྟག་བྱེད་སྣོད་དང་དེའི་ཆ་བྱད། ཟས་སྤྱོད་ཀྱི་སྤང་བླང་གི་རིམ་པ་དང་གཉིས། གཉིས་པ་དངོས་གཞི་ལ་ནད་མེད་ཀྱི་ཞོ་པྲ་དང་། ནད་ཅན་གྱི་ཞོ་པྲ། གདོན་ཅན་གྱི་ཞོ་པྲ། འཆི་བའི་ཞོ་པྲ་བཅས་བརྟག་ཐབས་བཞི་དང་།  གསུམ་པ་མཇུག་དོན་བསྟན་པ་བཅས་གསུམ་མོ།། རྒྱས་པར་གཟིགས་་

ཏེལ་བའམ་ཚུག་གི་བཅོས་ཐབས།

ཏེལ་བ་ལ་རྒྱུ་ཆའི་དབང་གིས་གསེར་དངུལ་ཟངས་ལྕགས་རྭ་ཤིང་སོགས་རིགས་མང་པོ་ཡོད་ལ། དེ་དག་གི་དབང་གིས་ནད་ཁམས་དང་བཀོལ་སྤྱོད་ཕན་ནུས་སོགས་ཀྱང་མ་འདྲ་བ་འབྱུང་གི་ ཡོད་པ་རེད། དཔེར་ན། རླུང་ལ་ཨ་གར་དང་། མཁྲིས་པར་སྐྱེར་པ། བད་ཀན་ལ་སྒྲོན་ཤིང་། ཆུ་སེར་ལ་སེང་ལྡེང་། ཁྲག་ལ་ཙན་དན་སོགས། འོན་ཀྱང་སྔགས་བཅོས་དང་འབྲེལ་ནས་ནུས་པའི་ངར་ཆེ་བར་འགྱུར་བ་ནི་རྒྱུ་གྲི་ ལྕགས་*ལས་བརྡུངས་པའི་ཏེལ་བ་བྱུང་ན་རབ་དང་། དེ་མ་བྱུང་ཡང་གཞན་རྣམས་ཀྱིས་ཀྱང་རུང་ངོ་།། རྒྱས་པར་གཟིགས་་

ངོས་བཟུང་རྟགས་ཀྱི་རྣམ་བཤད།

ནད་ངོས་བཟུང་བར་རྟགས་ཀྱི་གནད་ལ་བསླབ་པར་བྱ་དགོས་ཏེ། ཅིའི་ཕྱིར་ཞེ་ན། ནད་གཞི་དང་ནད་རྟགས་བར་གྱི་འབྲེལ་བ་ནི་མེ་དང་དུ་བའི་འབྲེལ་བ་སྟེ། དུ་བ་བརྒྱུད་ནས་མེ་ཡོད་པ་ངོས་ཟིན་པ་ཇི་བཞིན་དུ་ནད་རྟགས་ཀྱི་སྣང་ཚུལ་བརྒྱུད་ནས་ནད་ཀྱི་ངོ་བོ་ངོས་ཟིན་པ་བྱེད་དགོས་པ་དེ་ཡིན་མོད། འོན་ཀྱང་དེ་ལྟ་བུའི་བརྟག་ཐབས་མི་ཤེས་པའི་སྨན་པ་རྣམས་ཀྱིས་ནི་ནད་རང་རང་གིས་གསལ་བར་བསྟན་པའི་རྟགས་འཁྲུལ་པ་མེད་པ་ཉིད་ཀྱང་དེ་དང་དེའི་རྟགས་ཉིད་ཡིན་པར་མི་ཤེས་ཏེ། དཔེར་ན་མེ་འདོད་པའི་སྐྱེ་བོ་འགའ་ཞིག་གིས་དུ་བ་མཐོང་དུ་ཟིན་

རྒྱས་པར་གཟིགས་་

གསོ་བྱེད་ཐབས་ཀྱི་རྣམ་བཞག

ཇི་སྐད་བཤད་པའི་བརྟག་དཔྱད་ངོས་འཛིན་བྱེད་པའི་ཚུལ་དེ་རྣམས་ཀྱིས་ནད་རིགས་སྤྱི་བྱེ་བྲག་དང་བཅས་པ་མ་འདྲེས་ཤིང་སོ་སོར་རྟོགས་པའི་རྗེས་ད་ནི་ནད་དེ་རྣམས་ཇི་ལྟར་གསོ་ཞིང་བཅོས་པའི་ཐབས་ཚུལ་ཤེས་པར་བྱ་བའི་ཕྱིར་དུ་གསོ་བར་བྱེད་པའི་ཐབས་ཀྱི་གནས་འདི་ཉིད་བསྟན་པར་བྱ་བ་ཡིན་ཅིང་། དེ་ལ་ཡང་ནང་ཚེགས་ཀྱི་དབྱེ་བས་གསོ་བའི་ཚུལ་ཇི་ལྟར་བྱ་བ་དང་། གཉེན་པོ་གང་གིས་གསོ་བའི་ཐབས་དངོས་བཤད་པ་སྟེ་རྣམ་པ་གཉིས་སུ་ངེས་པ་ཡིན་ནོ། །གསོ་ཚུལ། ནད་འཇོམས་ཤིང་ཟུངས་གསོ་བའི་ཐབས་ཀྱི་རྣམ་གྲངས་
 

རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།