སྨན་རྩིས་དྲ་བ། - ཆེད་རྩོམ།

ནང་པའི་ཚན་རིག་ལས་ལུས་སེམས་འབྲེལ་ཚུལ་ལ་དཔྱད་པ།

དེ་ལ་སྤྱིར་སྣོད་ཀྱི་འཇིག་རྟེན་གྱི་གྲུབ་རིམ་བཅུད་ཀྱི་སེམས་ཅན་དང་འབྲེལ་ཡོད་པ་དང་།་བཅུད་ཀྱི་སེམས་ཅན་གྱི་ལུས་ད་ལྟར་ང་ཚོར་མངོན་བཞིན་པ་འདི་ཕྲ་བའི་རིམ་པ་ཞིག་དང་འབྲེལ་ཡོད་པ་དང་། ཕྲ་བ་དེ་ཡང་མཐར་ཐུག་ན་རླུང་སེམས་དབྱེར་མེད་ཀྱི་ཆེས་ཕྲ་རིམ་ཞིག་ནས་གྲུབ་ཡོད་པར་བཤད་པས། གསང་བ་འདུས་པའི་གཞུང་ལྟར་ན་འཇིག་རྟེན་གྱི་ཁམས་ནི་ཆོས་ཉིད་དང་རླུང་དང་རྣམ་ཤེས་ཀྱི་གཞི་མའི་རྣམ་པ་དེ་ང་ཚོར་མངོན་དུ་གྱུར་པ་ཙམ་ཞིག་ཡིན། རྒྱས་པར་གཟིགས་་

ྋགོང་ས་མཆོག་གིས་མཛད་པའི་བདེ་གཤེགས་བདུན་གྱི་གསོལ་འདེབས།

༄༅། །གང་ཞིག་སྨྲ་བས་སྟོན་པ་བླ་ན་མེད། །རྒྱལ་བ་རྟེན་ཅིང་འབྲེལ་བར་འདོམས་མཛད་ཅིང་། །སྙིགས་མའི་འགྲོ་ལ་ལྷག་པར་བརྩེ་བ་ཡི། །བཅོམ་ལྡན་ཤྰཀྱའི་རྒྱལ་པོར་གུས་ཕྱག་འཚལ། །མཚན་ལེགས་སྒྲ་དབྱངས་རྒྱལ་པོ་གསེར་བཟང་པོ། །མྱ་ངན་མེད་མཆོག་ཆོས་བསྒྲགས་སྨན་གྱི་བླ། །བདེན་ཚིག་སྨོན་ལམ་རྒྱ་མཚོའི་མཐུ་གྲུབ་པ། །བདེ་བར་གཤེགས་པ་བདུན་ལ་གུས་ཕྱག་འཚལ།།

རྒྱས་པར་གཟིགས་་

ནུས་པ་སྔགས་ཀྱི་གསོ་ཐབས།

འཇིག་རྟེན་གྱི་ཁམས་འདིར་འཚོ་ཐབས་ཀྱི་རིག་པ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ལས་ནད་གཞི་གསོ་བའི་གཉེན་པོ་མང་དུ་བཤད་པ་རྣམས་ནི་ཟས་དང་སྤྱོད་ལམ། སྨན་དང་དཔྱད་བཅས་སུ་བསྡུ་ན་ཧྲིལ་གྱིས་འདུ་བ་ནི་ཤེས་ལྡན་ཀུན་གྱི་རྟོགས་སླ་བ་ཡིན། དེ་ལ་ནུས་པ་སྔགས་ཀྱི་སྒོ་ནས་ནད་གཞི་བྱུང་བ་གསོ་བ་དང་། རྒྱས་པར་གཟིགས་་

ྋགོང་ས་མཆོག་གིས་མཛད་པའི་སྨན་བླ་མཆེད་བརྒྱད་ཀྱི་གསོལ་འདེབས།

སྤངས་རྟོགས་མཐར་ཕྱིན་རྟེན་འབྱུང་ལེགས་འདོམས་པ། །ཟླ་མེད་སྟོན་པ་སྟོབས་བཅུའི་དཔལ་མངའ་ཞིང་། །ཆེར་སྙིགས་འགྲོ་བ་དམན་ལ་བརྩེ་བ་ཅན། །བཅོམ་ལྡན་ཤྰཀྱའི་རྒྱལ་པོར་གུས་ཕྱག་འཚལ། །

རྒྱས་པར་གཟིགས་་

སྨན་གཏོང་ཚུལ་ལ་དྲིས་ལན་གྱི་འགྲེལ་ཆུང་།

དེ་ཡང་གསོ་བ་རིག་པའི་གནས་ལ་དཔྱིས་ཕྱིན་པར་ཞལ་འཆེ་བའི་འཚོ་མཛད་དམ་པ་གང་ནས། དཔལ་ལྡན་ཕྱི་མ་རྒྱུད་ལས། ཟས་ཞུ་སྨན་གཏོང་སྨན་ཞུ་ཟས་གཏོང་གཅེས།། ཞེས་གསུངས་པ་བཞིན་འདི་ནི་གསོ་རིག་ཀུན་གྱི་ཕྱག་ལེན་དུའང་བསྟར་བཞིན་པ་ལས། རྒྱས་པར་གཟིགས་་

བོད་རྩིས་རིག་པའི་རྣམ་གཞག་མདོ་ཙམ་བསྟན་པ།

བརྗོད་གཞི་དུས་ཀྱི་འཁོར་ལོ་ལས་འཕྲོས་པའི་རྗོད་བྱེད་སྨན་དང་རྩིས་ཀྱིས་བརྗོད་བྱར་སྟོང་དང་རྟེན་འབྱུང་དང་འབྲེལ་བའི་བོད་ཀྱི་རྩིས་རིག་པའི་རྣམ་པ་ཅུང་ཞིག་བཤད་པ་ཤེས་བྱའི་རིག་ལམ་ཀུན་གྱི་སྣང་བརྙན་འཛིན་པའི་མེ་ལོང་ཞེས་བྱ་བ་འདི་ཉིད་ཡིན་ཅིང་། རྒྱས་པར་གཟིགས་་

ནང་པའི་སྨན་གཞུང་ནས་བྱུང་བའི་ཀླད་པའི་རྣམ་གཞག

དེ་ལ་སྤྱིར་སྔོན་གྱི་འཕགས་ཡུལ་གྱི་ནང་པའི་གཞུང་བོད་དུ་འགྱུར་བ་དགའ་བོ་མངལ་འཇུག་ལྟ་བུའི་མདོ་དང་། གསང་སྔགས་བླ་མེད་ཀྱི་གཞུང་རྣམས་སུ་མངལ་དུ་ལུས་ཆགས་པའི་རིམ་པ་རྒྱས་པར་གསུངས་ཀྱང་། དེ་དག་ཏུ་ཀླད་པའི་སྐོར་ལ་བཤད་པ་གསལ་བར་མཛད་པ་མི་སྣང་ལ། རྒྱས་པར་གཟིགས་་

དུག་བཅོས་བཞུགས་སོ།།

འདི་ལ་སྦྱོར་བ་དང་། དངོས་གཞི་དང་། རྗེས་གསུམ་ལས། སྦྱོར་བ་ལ་ནད་ངོས་ཟིན་པ་དང་། ཨ་རུ་རའི་ཐང་གི་གསེབ་ཏུ་ཚ་ལ་བག་ཙམ་བཏང་། བཏང་ཞིང་། བསྐུ་མཉེ་ཞག་བདུན་ནས་གསུམ་ཚུན་ཆོད་བྱ། འདི་ནད་གང་ཡོད་ཀྱང་ཕོ་བར་འདུ་བ་ཆོས་ཉིད་ཡིན། རྒྱས་པར་གཟིགས་་

ནང་པའི་ཚན་རིག་ལས་ཕྲ་བའི་ལུས་རྩ་རླུང་ཐིག་ལེའི་རྣམ་གཞག

འཕགས་ཡུལ་གྱི་ནང་པའི་གཞུང་ལས། གསང་སྔགས་བླ་མེད་ཀྱི་གཞུང་དང། དེ་བཞིན་དུ་སྨན་གྱི་གཞུང་ལས་ལུས་ལ་ད་ལྟའི་ཤ་རུས་གདོས་བཅས་ཀྱི་ལུས་རགས་པ་འདི་ཙམ་མིན་པར་ཕྲ་བའི་གནས་སྐབས་ཀྱི་ལུས་གསུངས་ཤིང་། 

རྒྱས་པར་གཟིགས་་

ནང་པའི་ཚན་རིག་ལས་མངལ་དུ་ལུས་ཆགས་རིམ་གྱི་སྐོར།

དེ་ལ་ནང་པའི་གཞུང་དག་ཏུ་སྐྱེ་གནས་སུ་ཉིང་མཚམས་སྦྱར་ཏེ་མངལ་དུ་མིའི་ལུས་ཀྱི་ཆགས་རིམ་སྐོར་གསལ་བར་བཤད་ཅིང་། ནང་པ་རང་གི་ལྟ་གྲུབ་ཀྱི་ཆ་ནས་བཤད་ན། ཚེ་འདིའི་སྐྱེ་བ་ནི་ཐོལ་བྱུང་དུ་གསར་དུ་གྲུབ་པ་མིན་པར་སྐྱེ་བ་སྔ་མ་ཞིག་ནས་འདིར་འོངས་པར་སྒྲུབ་བྱེད་དང་བཅས་སྨྲ་བར་བརྟེན། རྒྱས་པར་གཟིགས་་

གསོ་སྦྱོང་དང་། ས་བདག་བ་དན་ཁྲ་བོའི་སྐོར།

འདིར་ང་ཚོའི་ལོ་ཐོ་བསྡུས་པའི་ནང་གསོ་སྦྱོང་ཞེས་བཀོད་པ་དེ། སྔར་བོད་ཀྱི་ཟླ་ཐོའི་ནང་བསྐྱོན་སྲོལ་མི་འདུག་ལ། ལྷ་ས་སྨན་རྩིས་ཁང་གི་སྔ་མོའི་གཞུང་ལེ་ནང་གསོ་སྦྱོང་བསྐྱོན་གནང་གི་མེད། རང་རེ་བྱེས་སུ་སླེབས་ཏེ་ཐོག་མར་སྤྱི་ལོ་ ༡༩༦༢ དང་ ༡༩༦༣ ལོར་ངའི་དགེ་རྒན་དམ་པ་དེས་ཕྱག་ལེ་སྟོན་པ་གནང་ནས་ཟླ་ཐོ་རྒྱས་པའི་ནང་གསོ་སྦྱོང་བསྐྱོན་ཡོད་པ་མ་རེད། རྒྱས་པར་གཟིགས་་

མེ་གཏར་ཐུར་གསུམ་གྱི་གསང་མིང་བརྡ་དོན།

རྒྱུད་བཞི་ལས་དུམ་བུ་གསུམ་པ་མན་རྒྱུད་བཅོས་ཐབས་ནང་ནས་དཔྱད་བཅོས་སྐབས་གསལ་བའི་བརྡ་མཚོན་ཨང་ཀི་རྣམས་ཀྱི་གོ་དོན་དང་གསང་མིང་གསལ་བར་བཀོད་པ་ལ་ནང་གསེས་དབྱེ་བ་ལྔ་ལས། རྒྱས་པར་གཟིགས་་

སྨན་རྣམས་བདུད་རྩིར་བསྒྱུར་ཐབས།

དེ་ལ་སྦྱོར་བ་སྨན་གྱི་རྣམ་བཞག་ནི་བོད་ཀྱི་གསོ་བ་རིག་པའི་བརྗོད་བྱ་སྤྱིའི་སུམ་ཆ་ཙམ་ཡིན་ལ། འགྲོ་བ་ནད་པ་རྣམས་ཀྱི་གནས་སྐབས་ནད་ཀྱི་ཟུག་གཟེར་འཇོམས་པ་དང་། དེ་ལ་བརྟེན་ནས་དུས་མིན་གྱི་འཆི་བ་ལས་སྐྱོབ་པས་ཚེ་རིང་དུ་གནས་ཤིང་། རྒྱས་པར་གཟིགས་་

འབྱུང་རྩིས་ཀྱི་ལོ་འགོ་འཛིན་ཚུལ་ལ་དཔྱད་པ།

དེ་ལ་འདིར་གླེང་བར་བྱ་བ་ནི། རང་ཅག་ཁ་བ་རི་པའི་བཅུ་ཕྲག་རིག་པའི་གནས་ཀྱི་ཡ་གྱལ། གཙུག་ལག་རྩིས་ཀྱི་གཞུང་ལུགས་ལས་འབྱུང་རྩིས་ཀྱི་ལོ་འགོ་འཛིན་ཚུལ་སྐོར་ རྒྱས་པར་གཟིགས་་

བོད་ཀྱི་རྩིས་དང་ཕྱི་རྒྱལ་གྱི་རྩིས་རིག་སྐོར།

རྩིས་ཞེས་པ་དེར་ཐོག་མ་ཉིད་ནས་ཕྱི་རྒྱལ་དང་བོད་པ་གཉིས་ཀས་གྲངས་ཀྱི་ལམ་ནས་རྩིས་པ་ནི་གཅིག་མཚུངས་རེད། དེ་ཡང་བརྩི་སྲོལ་དང་། བརྩི་ལུགས། ལྟ་བའི་འཁྱེར་ཕྱོགས་སོགས་མང་པོ་ཞིག་ལ་བལྟས་ཚེ་ཏོག་ཙམ་ཁྱད་པར་ཡོང་གི་ཡོད། རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།