སྨན་རྩིས་དྲ་བ། - མདུན་ངོས།

དྲྭ་ཚིགས་ཁ་བྱང་ལ་འགྱུར་བ་ཕྱིན་ཡོད།

འགྲོ་ཕན་སྨན་རྩིས་ཁང་ལ་སྐད་ཡིག་གསུམ་གྱི་ནང་དྲྭ་ཚིགས་ཁག་བཅུ་ཡོད་པ་ལས། དྲྭ་ཚིགས་ཁག་དྲུག་གི་ཁ་བྱང་ལ་འགྱུར་བ་བཏང་ཡོད་པས་ཉིན་ཤས་རྗེས་ཁ་བྱང་རྙིང་པ་དག་བེད་མེད་འགྱུར་རྒྱུ་ཡིན་སྟབས། དོན་གཉེར་ཅན་རྣམས་ཀྱིས་ད་ལྟ་ནས་དྲྭ་ཚིགས་གསར་པའི་ཁ་བྱང་རྣམས་བློ་ངེས་ཡོང་བ་ཞུ། རྒྱས་པར་གཟིགས་་

དྷ་ས་སྨན་རྩིས་མཐོ་སློབ་ཁང་ཁྲིམས་མཐུན་ངོས་ལེན་ཐོབ།

འགྲོ་ཕན་སྨན་རྩིས་ཁང་གི་དྷ་ས་སྨན་རྩིས་མཐོ་སློབ་ཁང་ལ་རྒྱ་གར་དབུས་གཞུང་ཨཱཡུཥ་ལྷན་ཁང་ནས་ཕྱི་ལོ་ ༢༠༢༢-༢༠༢༣ ནང་དུ། ཉེ་བའི་གཙུག་ལག་སློབ་མའི་(སྨན་པ་བཀའ་བཅུ་པ་)སློབ་ཚན་དུ་སློབ་ཕྲུག་བཅོ་ལྔ་བསྡུ་ལེན་བྱེད་ཆོག་པའི་བཀའ་འཁྲོལ་ཐོབ་པའི་གཏམ་བཟང་གི་གནས་ཚུལ་ཞིག་ཐོན་ཡོད། རྒྱས་པར་གཟིགས་་

རྡོ་རྗེ་གདན་དུ་ཡན་ལག་སྨན་ཁང་སྒོ་འབྱེད་རྒྱུ།

བདག་ཅག་གི་སྟོན་པས་ས་ག་ཟླ་བའི་ཚེས་བཅོ་ལྔའི་དགོང་མོའི་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག ཐོ་རེངས་མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ་གང་དུ་བསྟན་པའི་གནས་མཆོག་རྡོ་རྗེ་གདན་དུ། འདི་ལོའི་དགུན་དུས་སུ་འགྲོ་ཕན་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་འདི་བཞིན། ༢༠༢༢ ཟླ་ ༡༡ ཚེས་ ༡ ནས་ ༢༠༢༣ ཟླ་ ༣ ཚེས་ ༤ བར་ཁྱོན་ཟླ་བ་བཞི་ལྷག་རིང་སྒོ་འབྱེད་རྒྱུ། རྒྱས་པར་གཟིགས་་

སྨན་རྩིས་ཐོན་རྒྱུགས་ཆེན་མོ་གཏོང་བཞིན་པ།

ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༠ ནས་ཟླ་ ༡༡ ཚེས་ ༡༤ བར་སྨན་རྩིས་མཐོ་སློབ་ཁང་གི་སྐབས་ ༢༡  ནང་སྨན་སློབ་གྲངས་ཉེར་བདུན་དང་། སྐབས་ ༡༡ པའི་རྩིས་སློབ་བརྒྱད་ཡོད་པ་རྣམས་ཀྱི་ཐོན་རྒྱུགས་ཆེན་མོའི་དུས་ཚོད་གཏན་འབེབས་ལྟར་ད་ལྟ་རྒྱུགས་སྤྲོད་ལས་རིམ་འགྲོ་བཞིན་ཡོད།  རྒྱས་པར་གཟིགས་་

བློ་གཡེང་པ་དེ་བློ་མི་སྐྱིད་པ་རེད་གསུངས།

ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༤ ཉིན་རྒྱབ་སྨན་རྩིས་ཚོགས་ཁང་དུ་འཛམ་གླིང་ནང་གི་སྙན་གྲགས་ཆེ་བའི་དབང་རྩའི་ཚན་རིག་པ་ Prof. Richard Davidson ལགས་ནས་ཁོང་རང་གི་གསར་འཛུགས་གནང་བའི་ Centre for healthy minds ལྟེ་གནས་ཁང་གི་འགྲོ་བ་མིའི་བདེ་ཐབས་བྱ་གཞག་དང་། དེ་བཞིན་ཐུགས་དམ་ལས་གཞི་སྐོར་གཏམ་བཤད་གནང་།
རྒྱས་པར་གཟིགས་་

ཛ་དྲག་མ་དངུལ་ཆེད་དུ་ཞལ་འདེབས་ཕུལ།

ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༧ ཉིན་འགྲོ་ཕན་སྨན་རྩིས་ཁང་གི་ཛ་དྲག་མ་དངུལ་ཆེད་དུ་སྨན་རྩིས་ཁང་གི་ལས་བྱེད་ཟུར་པ་སྨན་རམས་པ་གཡང་འབུམ་རྒྱལ་ལགས་བརྒྱུད་ནས་ཨ་རིར་རྟེན་གཞི་བྱས་པ་ Mahayana Dharma Foundation And Medicine Buddha Healing Center ཞེས་བདེ་རྩ་ཚོགས་པ་ནས་ཨ་སྒོར་ ༢༤༨༠།༠༠ ཞལ་འདེབས་གནང་སོན་བྱུང་ཡོད།
རྒྱས་པར་གཟིགས་་

སྨན་རྩིས་སློབ་ཐོན་པ་རྣམས་ལས་བྱེད་བསྐོ་གཞག་སྲིད་ཇུས་ལ་འགྱུར་བ་ཕྱིན་པ།

འགྲོ་ཕན་སྨན་རྩིས་ཁང་གི་ད་ལྟའི་ཕྱི་ནང་གི་དངོས་ཡོད་གནས་སྟངས་མང་པོར་གཞིགས་ཏེ་འཛིན་སྐྱོང་ཚོགས་ཆུང་དང་འགན་འཛིན་ལྷན་ཚོགས་གཉིས་ལ་མ་འོངས་བྱ་ཕྱོགས་ཇི་དགེ་ལམ་སྟོན་ཞུས་འབྲས། སྨན་རྩིས་མཐོ་སློབ་ནས་སློབ་ཐར་སོན་པའི་སྨན་པ་སྐབས་ ༢༠ ནས་དང་། དེ་བཞིན་རྩིས་སློབ་སྐབས་ ༡༡ ནས་བཟུང་ལས་བྱེད་བསྐོ་བཞག་ཐད།
རྒྱས་པར་གཟིགས་་

དི་སོམ་ཐེབས་རྩའི་མཆེད་གྲོགས་བྱ་རིམ་སྤེལ།

རྒྱ་གར་གི་དི་སོམ་ཐེབས་རྩས་གོ་སྒྲིག་ཞུས་པའི་མཆེད་གྲོགས་ལས་རིམ་(Disom Foundation fellowship program)ནང་དུ་མཉམ་ཞུགས་གནང་མཁན་རྣམས་ད་ལན་འགྲོ་ཕན་སྨན་རྩིས་ཁང་དུ་ལྟ་སྐོར་ལ་ཕེབས་ཡོད། དེ་ཡང་ཁོང་རང་ཚོའི་མཛད་རིམ་གྱི་ཆ་ཤས་སུ་བཞུགས་སྒར་དྷ་སར་ཕེབས་ཏེ།
རྒྱས་པར་གཟིགས་་

ཝི་ཨེཊ་ནམ་ནས་ཕེབས་པའི་སྐུ་མགྲོན།

འདི་ལོའི་ཟླ་ ༩ ཚེས་ ༡༥ ཉིན་འགྲོ་ཕན་སྨན་རྩིས་ཁང་དུ་ཝི་ཨེཊ་ནམ་རྒྱལ་ཁབ་ནས་ཡིན་པའི་བོད་ཀྱི་སྨན་རྩིས་རིག་པར་དོ་སྣང་ཡོད་པའི་མི་སྣ་དྲུག་ཅུ་ཅན་གྱི་རུ་ཁག་གཅིག་ཆེད་ཕེབས་གནང་ཡོད། དེ་ཡང་ཚོགས་ཁག་འདིས་སྔོན་ཚུད་ནས་འཛིན་སྐྱོང་ལ་འབྲེལ་བ་ཞུས་ཏེ་བོད་ཀྱི་སྨན་རྩིས་རིག་པའི་སྐོར་གསུང་བཤད་ཡོང་བའི་རེ་སྐུལ་ཞུས་པ་བཞིན།
རྒྱས་པར་གཟིགས་་

ཚང་མས་སེམས་ཞུམ་རྒྱུ་མེད་ཅེས་བཀའ་བསྩལ།

ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་རྒྱལ་བ་ཐམས་ཅད་མཁྱེན་པ་མཆོག་གིས་འདི་ཟླའི་ཕྱི་ཚེས་ ༥ - ༦ བར་ཉིན་གཉིས་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་དད་ལྡན་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་གསུང་ཆོས་གནང་བའི་ཉིན་གཉིས་པའི་སྐབས། 
རྒྱས་པར་གཟིགས་་

ཊོ་མེ་ཊོ་གཉན་རིམས་ཀྱི་ངོ་སྤྲོད་མདོ་ཙམ།

འཛམ་གླིང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཚན་རིག་པས་ཏོག་དབྱིབས་གཉན་རིམས་༡༩ (Covid 19)དང་། སྤྲེལ་འབྲུམ་ནད་དུག་(Monkeypox)བཅས་ལ་ད་ལྟའང་གདོང་ལེན་བྱེད་བཞིན་པའི་གཉན་འཕྲང་ཅན་གྱི་སྐབས་འདིར་རྒྱ་གར་ནང་རིམས་ནད་གསར་པ་ཊོ་མེ་ཊོ་གཉན་རིམས་ཞེས་སུ་འབོད་པ་ཞིག་འགོས་ཁྱབ་འབྱུང་བཞིན་ཡོད།
རྒྱས་པར་གཟིགས་་

ཕྱི་བཞུགས་སྨན་རྩིས་བགྲེས་ཡོལ་བ་ཚོར་ཞུ་རྒྱུ།

འགྲོ་ཕན་སྨན་རྩིས་ཁང་གི་སྨན་ལས་བགྲེས་ཡོལ་བ་མི་ཉུང་བ་ཞིག་ཕྱི་རྒྱལ་དུ་བཞུགས་ཡོད། དེ་དག་གི་བགྲེས་ཕོགས་ཐོབ་སྐལ་གང་དག་རྒྱ་གར་དུ་ཡོད་པའི་སོ་སོའི་ཕ་མ་སྤུན་ཉེ་མིང་འབོད་བགྱིས་པའི་དངུལ་ཁང་དུ་འབུལ་གཏོང་བྱེད་བཞིན་ཡོད་པ་དེ་ལྟར་ཡང་།
རྒྱས་པར་གཟིགས་་

སྨན་ལུགས་གཉིས་ཀྱི་ཟུང་འབྲེལ་ཟབ་སྦྱོང་།

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ངོས་ནས་བོད་ཀྱི་དཔེ་མཛོད་ཁང་དུ་བདུན་ཕྲག་གསུམ་རིང་བོད་ལུགས་སྲོལ་རྒྱུན་གསོ་བ་རིག་པ་དང་། ནུབ་ལུགས་དེང་རབས་སྨན་གྱི་རིག་པ་འཛིན་པ་གཉིས་ཀྱི་དབར་ཟུང་འབྲེལ་གྱི་ཟབ་སྦྱོང་ལས་གཞི་ཞིག་གོ་སྒྲིག་གནང་ཡོད། 
རྒྱས་པར་གཟིགས་་

ལྷོ་ཨ་རིར་སྨན་རྩིས་སྐོར་སྐྱོད་ལེགས་གྲུབ།

ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༠ ནས་ཟླ་ ༧ ཚེས་ ༣༡ སྟེ་ཉིན་ཞག་ལྔ་བཅུ་ལྷག་གི་རིང་སྨན་རྩིས་ཁང་ནས་ལྷོ་ཨ་མེ་རི་ཀའི་ཨར་ཇིན་ཊི་ན་(Argentina)དང་། བ་ར་ཛིལ་(Brazil) རྒྱལ་ཁབ་གཉིས་སུ་སྨན་རྩིས་སྐོར་སྐྱོད་ལས་གཞི་ཞིག་གོ་སྒྲིག་ཞུས་གནང་ཡོད། སྐོར་སྐྱོད་ཚོགས་ཁག་འདིའི་ནང་སྐར་རྩིས་པ་བསྟན་འཛིན་ལྷ་མོ་ལགས་དང་།
རྒྱས་པར་གཟིགས་་

ཕ་མ་དམ་པའི་ཆེདུ་སླར་ཡང་སྨན་སྦྱིན་བཏང་།

འགྲོ་ཕན་སྨན་རྩིས་ཁང་ནས་འདི་ལོའི་ཟླ་ ༨ ཚེས་ ༡ སྟེ་ཉིན་གཅིག་རིང་སྨན་སྦྱིན་ལས་གཞི་ཞིག་གོ་སྒྲིག་གནང་ཡོད། དེ་ཡང་རིན་མེད་སྨན་སྦྱིན་འདི་ནི་སིང་ག་པུར་གནས་སྡོད་པ་ Mr. Anthony Raeche དང་། Ms. Esther Bay རྣམ་གཉིས་ནས་རང་རང་གི་ཚེ་འདས་ཕ་མ་རྣམས་ལ་དམིགས་ཏེ་སྨན་སྦྱིན་བཏང་བ་ཞིག་ཡིན།
རྒྱས་པར་གཟིགས་་

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༦ ཉིན་སྨན་རྩིས་སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།

སྨན་རྩིས་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཆུ་ལས་དང་གློག་ལས་པ་གཅིག་གི་ས་མིག་གསལ་བསྒྲགས།

བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་གསལ་བསྒྲགས།

སྐམ་ཁབ་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་གྲངས་ ༤ ས་མིག་གསལ་བསྒྲགས།

དབུས་ས་གཉིས་ཀྱི་སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༨ ས་མིག་གསལ་བསྒྲགས།

འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར།

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།