ཡིད་སྐྱོའི་གནས་ཚུལ། |
28.10.2024, 1:47 AM |
ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༢༣ ཉིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཟུར་པ་ཞེ་བོ་བློ་བཟང་དར་རྒྱས་མཆོག་ཨ་རིའི་གྲོང་ཁྱེར་ཕི་ལཱ་ཌལ་ཕི་ཡ་ཡི་རང་ཁྱིམ་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག རྒྱས་པར་གཟིགས་་ | |
ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས། |
18.10.2024, 11:25 PM |
འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་དུ་ལས་མི་གྲངས་བཅུ་བདུན་གྱི་ས་མིག་འཐོན་ཡོད་ན། འཛུལ་འདོད་ཡོད་ཅིང་ཆ་རྐྱེན་ལྡན་པའི་བོད་རིགས་རྣམས་ནས་འགེང་ཤོག་འཐུས་ཚང་བཀང་སྟེ་ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༣༡ འགྱངས་མེད་འབྲེལ་ཡོད་ཚན་པར་གློག་འཕྲིན་བསྐུར་ཟིན་པ་དགོས། རྒྱས་པར་གཟིགས་་ | |
སྨན་རྩིས་ལས་སྣེའི་ས་མིག་གསལ་བསྒྲགས། |
17.09.2024, 11:13 PM |
འགྲོ་ཕན་སྨན་རྩིས་ཁང་དུ་སྨན་རྩིས་ལས་སྣེ་བ་གྲངས་བཞི་ཡི་ས་མིག་སྟོང་པ་འཐོན་ཡོད་ན། འཛུལ་ཞུགས་གནང་འདོད་ཡོད་པའི་རང་རིགས་ཆ་རྐྱེན་ལྡན་པ་རྣམས་ནས་འགེང་ཤོག་འཐུས་ཚང་བཀང་སྟེ། དུས་བཀག་ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༣༠ འགྱངས་མེད་འབྲེལ་ཡོད་ཚན་པར་བསྐུར་ཟིན་པ་དགོས་རྒྱུ། རྒྱས་པར་གཟིགས་་ | |
བོད་ཀྱི་ཁྱད་ནོར་དུས་སྟོན་ནང་མཉམ་ཞུགས་བྱས། |
13.09.2024, 3:59 AM |
ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༣-༥ བར་ཉིན་གསུམ་རིང་རྒྱ་གར་རྒྱལ་ས་དིལླིར་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་ཐེབས་རྩ། USAID, Foundation for Non-violent Alternatives བཅས་བཞིས་བོད་ཀྱི་ཁྱད་ནོར། བྱམས་སྙིང་རྗེ་དང་རིག་གཞུང་ཞེས་དུས་སྟོན་ཞིག་གོ་སྒྲིག་ཞུས་པར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་ཀྱང་ཉམས་ཞུགས་གནང་ཡོད། རྒྱས་པར་གཟིགས་་ | |
ལྟ་གྲུབ་རིག་དགེ་གཅིག་ལྕོགས་ཤིག་གི་ས་མིག་གསལ་བསྒྲགས། |
11.09.2024, 11:37 PM |
འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྦེང་ལོར་མཐོ་སློབ་ཁང་དུ་ལྟ་གྲུབ་དང་རིག་གནས་དགེ་རྒན་གཅིག་ལྕོགས་ཀྱི་ས་མིག་གཅིག་འཐོན་པར། འདོད་མོས་ཡོད་ཅིང་ཆ་རྐྱེན་ཚང་བའི་བོད་རིགས་སུ་རུང་གིས་འདི་ཟླའི་ཕྱི་ཚེས་ ༣༠ འགྱངས་མེད་འགེང་ཤོག་འཐུས་ཚང་བཀང་སྟེ་འབྲེལ་ཡོད་ཚན་པར་བསྐུར་དགོས། རྒྱས་པར་གཟིགས་་ |
|
འགྱིག་སྙིགས་ཕྲ་མོའི་ཉེན་ཚབས་དང་སྲུང་ཐབས། |
22.08.2024, 11:49 PM |
༢༠༢༤ ལོར་ཉམས་ཞིབ་ཀྱི་ཡིག་ཆ་ཞིག་གི་ནང་རྒྱ་གར་གྱི་ཚོང་རྟགས་ཆེ་ཆུང་ཚང་མའི་ཚྭ་དང་བྱེ་མ་ཀ་རའི་ནང་དུ་འགྱིག་སྙིགས་ཕྲ་མོ་ཡོད་པར་ཤེས་རྟོགས་བྱུང་ཡོད། དེ་ཡང་རྒྱུན་གཏན་ཉེར་མཁོའི་ཟས་རིགས་ནང་གནོད་པའི་རྫས་ཡོད་སྐོར་གོ་དུས་མི་རྣམས་སེམས་ཚབས་སྐྱེ་བཞིན་ཡོད། དེར་བརྟེན་འདིར་འགྱིག་སྙིགས་ཕྲ་མོའི་ཉེན་ཚབས་དང་དེ་ལས་སྲུང་ཐབས་སྐོར་སྙིང་བསྡུས་ཤིག་གླེང་རྒྱུ་ཡིན། རྒྱས་པར་གཟིགས་་ | |
ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་འཁྲུངས་སྐར་ཉིན་མོར་སྨན་སྦྱིན་སོགས་གཏང་རྒྱུ། |
05.08.2024, 12:55 AM |
ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༨ ཉིན་ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཕྱི་ལུགས་དགུང་གྲངས་ ༨༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུས་དང་ཡན་ལག་སྨན་ཁང་སོགས་སུ་སྨན་སྦྱིན་ཆ་ཚང་དང་། བདེ་ལེགས་སྨན་ཁང་གི་ཉལ་མུས་ནད་པ་དང་བྱམས་པ་གླིང་རྒས་གསོ་ཁང་གི་རྒན་བགྲེས་རྣམས་ལ་བཞེས་ལག་དང་ལག་དངུལ་སོགས་སྦྱིན་གཏོང་མཛད་རྒྱུའི་ཀིརྟི་དགེ་རྩ་ཚོགས་པ་དང་། བྱེས་པ་གྲྭ་ཚང་དང་བླ་སྤྲུལ་ཐུན་མོང་ནས་གསལ་བསྒྲགས་ཤིག་སྤེལ་འདུག རྒྱས་པར་གཟིགས་་ | |
དེབ་གསུམ་རིན་མེད་འགྲེམས་སྤེལ་ཞུས་པ། |
12.07.2024, 4:24 AM |
ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༡ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་ ༩༠ ཕེབས་པའི་ཉིན་གཞུང་ཞབས་ཟུར་པ་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་། སྐུ་སྲུང་ཟུར་པའི་མཐུན་གྲོགས་ཚོགས་པ་གསུམ་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་དང་སྟབས་བསྟུན་དེབ་གསུམ་པར་དུ་བསྐྲུན་ཞིང་རིན་མེད་འགྲེམས་སྤེལ་ཞུས་ཡོད། རྒྱས་པར་གཟིགས་་ | |
སིང་གྷ་པོར་འགྲེམས་སྟོན་དུ་མཉམ་ཞུགས་གནང་རྒྱུ། |
05.07.2024, 2:02 AM |
ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༦ ནས་ཟླ་ ༦ ཚེས་ ༨ བར་བདུན་ཕྲག་གཉིས་རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་རུ་ཁག་གཅིག་སིང་གྷ་པོར་དུ་བསྐྱོད་དེ་འབྱུང་འགྱུར་ RoAM ཞེས་ནང་པ་སངས་རྒྱས་པའི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུ་འཆར་ལ་མགྲོན་འབོད་ཞུས་པ་བཞིན་བོད་ཀྱི་སྲོལ་རྒྱུན་སྨན་རྩིས་རིག་པའི་ཅ་དངོས་འཁྱེར་ཏེ་འབྲེལ་ཡོད་ལ་ངོ་སྤྲོད་གནང་ཡོད། རྒྱས་པར་གཟིགས་་ | |
གུ་རུ་ཀུལ་སློབ་ཕྲུག་ལ་བོད་ཀྱི་སྨན་རྩིས་རིག་པའི་གོ་རྟོགས་སྤེལ། |
03.07.2024, 4:12 AM |
ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༦ ཉིན་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མའི་ཀུན་ཕན་བདེ་རྩ་ཚོགས་པས་གོ་སྒྲིག་འོག་གུ་རུ་ཀུལ་ལས་རིམ་མཚན་ཐོག་མཐོ་སློབ་འདྲ་མིན་གྱི་རྒྱ་གར་བ་སློབ་ཕྲུག་ ༣༢ བཞུགས་སྒར་དུ་བོད་བརྒྱུད་ནང་བསྟན་གྱི་ཆོས་དང་རིག་གཞུང་སོགས་ལ་གོ་རྟོགས་འཕེལ་ཕྱིར་ཕེབས་པའི་མཛད་རིམ་ནང་དུ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུའང་ཕེབས་ཡོད། རྒྱས་པར་གཟིགས་་ | |
ཕ་རན་སིའི་རུ་ཁག་གཅིག་གཟིགས་སྐོར་དུ་ཕེབས། |
30.06.2024, 11:07 PM |
ཕ་རན་སིའི་འཕྲོད་བསྟེན་མཐུན་ཚོགས་དང་། BCI France གཉིས་ཀྱི་སྦྱོང་བརྡར་སྤྲོད་རྒྱུའི་ཆོག་མཆན་ལག་འཁྱེར་ཐོབ་པའི་ཕ་རན་སིའི་འཕྲོད་བསྟེན་ཚོགས་པ་ IFPPC CAMKeys ཡི་ཚོགས་མི་བཅུ་གཉིས་བཞུགས་སྒར་དྷ་རམ་ས་ལར་ཉིན་གསུམ་སྡོད་ཡུན་རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དུ་ཕྱི་ལོ ༢༠༢༤ ཟླ་ ༦ ཚེས་ ༢༥ ནས་ ༢༦ བར་གཟིགས་སྐོར་དུ་ཕེབས་ཡོད། རྒྱས་པར་གཟིགས་་ | |
མགོན་པོ་གང་གི་ྋསྐུ་ཕྱྭའི་ཆེད་དུ་ཞབས་རིམ་གསོག་སྒྲུབ་ཞུས། |
28.06.2024, 7:00 AM |
འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུས་ཀྱི་སྡེ་ཚན་དང་ཚན་པ་ཁག་གི་ལས་བྱེད་དང་ལས་མི། སྨན་རྩིས་མཐོ་སློབ་ཁང་གི་དགེ་ལས་སློབ་མ་བཅས་འགོ་ལས་ཡོངས་ནས་དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས ༢༨ ཉིན་རྒྱབ་མཐོ་སློབ་ཚོགས་ཁང་དུ་ཚང་འཛོམས་ཀྱིས་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་བཞིན། སྨན་བླའི་མདོ་ཆོག་དང་ཏཱ་རའི་བསྟོད་པ་གནད་སྨིན་གསོག་སྒྲུབ་གནང་ཡོད། རྒྱས་པར་གཟིགས་་ | |
མི་ནི་སོ་ཊ་གཙུག་ལག་སློབ་གཉེར་ཁང་དང་མཉམ་འབྲེལ་ལས་གཞི། |
25.06.2024, 2:08 AM |
ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༧ ཉིན་ནི། མེ་རི། ཊི། གཙུག་ལག་སློབ་ཡོན་ལས་གཞི་(The Mary T Fellowship Program)ཐོག་མར་འགོ་འཛུགས་ཀྱི་ཉིན་མོ་ཡིན། འདི་ནི་མི་ནི་སོ་ཊ་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་དང་འགྲོ་བ་མིའི་ཡར་རྒྱས་ཀྱི་མཐོ་སློབ་ཁང་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་མཐོ་སློབ་གཉིས་ཀྱི་མཉམ་འབྲེལ་གྱི་ལས་གཞི་ཞིག་ཡིན། རྒྱས་པར་གཟིགས་་ | |
སྦེང་ལོར་མཐོ་སློབ་ཏུ་སྨན་ཞབས་པའི་ས་མིག་གསལ་བསྒྲགས། |
24.06.2024, 11:34 PM |
རྒྱ་གར་ལྷོ་ཕྱོགས་སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་དུ་སྨན་ཞབས་པ་གཉིས་ཀྱི་དགོས་མཁོ་ཡོད་པར་བརྟེན། བོད་རིགས་སྨན་ཞབས་པ་གཅིག་འདེམས་སྒྲུག་བྱ་རྒྱུ་ཡིན་ན། འཛུལ་འདོད་ཡོད་ཅིང་ཆ་རྐྱེན་ལྡན་པ་རྣམས་ནས་འགེངས་ཤོག་འཐུས་ཚང་བཀང་སྟེ་འབྲེལ་ཡོད་ཚན་པར་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༢༨ ཉིན་དུས་འགྱངས་མེད་པར་འབུལ་ཐུབ་པ་དགོས། རྒྱས་པར་གཟིགས་་ | |
སྨན་རྩིས་བགྲོ་གླེང་དང་ནད་ཐོག་ལག་ལེན་ཟབ་སྦྱོང་གི་ལས་བསྡོམས་སྙིང་བསྡུས། |
21.06.2024, 4:46 AM |
འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གིས་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་༡༢ ནས་༡༤ བར་ཉིན་གྲངས་གསུམ་རིང་གོ་སྒྲིག་ཞུས་པའི་སྨན་རྩིས་བགྲོ་གླེང་དང་འབྲས་ནད་གསོ་ཐབས་ཀྱི་ནད་ཐོག་ལག་ལེན་ཟབ་སྦྱོང་གི་ལས་བསྡོམས། རྒྱས་པར་གཟིགས་་ |
ཤོག་ངོས། 1-15 བར། སྡོམས་ཤོག་ངོས། 282 | པར་ངོས་འོག་མ། >> |