སྨན་རྩིས་དྲ་བ། - མདུན་ངོས།

ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་འཁྲུངས་སྐར་ཉིན་མོར་སྨན་སྦྱིན་སོགས་གཏང་རྒྱུ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2024
མདུན་ངོས། >>



ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེའི་འཁྲུངས་སྐར་ཉིན་མོར་སྨན་སྦྱིན་སོགས་གཏང་རྒྱུ།

 

ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༨ རེས་གཟའ་ཕུར་བུའི་ཉིན་ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ཕྱི་ལུགས་དགུང་གྲངས་ ༨༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུས་དང་ཡན་ལག་སྨན་ཁང་ཁག་དང་། དེ་བཞིན་བདེ་ལེགས་སྨན་ཁང་དབུས་དང་ཡན་ལག་ཁག སྐལ་བཟང་སྨན་ཁང་ཕན་བདེ་གཅེས་སྐྱོང་ཁང་དང་། སྨན་པ་ཁྱུ་གསར་སྨན་ཁང་སོགས་སུ་བཅར་མཁན་ནད་པ་ཡོངས་རྫོགས་ཀྱི་སྨན་སྦྱིན་ཆ་ཚང་དང་། བདེ་ལེགས་སྨན་ཁང་གི་ཉལ་མུས་ནད་པ་དང་བྱམས་པ་གླིང་རྒས་གསོ་ཁང་གི་རྒན་བགྲེས་རྣམས་ལ་བཞེས་ལག་དང་ལག་དངུལ་སོགས་སྦྱིན་གཏོང་མཛད་རྒྱུའི་ཀིརྟི་དགེ་རྩ་ཚོགས་པ་དང་། ཀིརྟིའི་བྱེས་པ་གྲྭ་ཚང་དང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་བླ་སྤྲུལ་ཐུན་མོང་ནས་གསལ་བསྒྲགས་ཤིག་སྤེལ་འདུག

དེ་ལྟར་རྣམ་དཀར་དགེ་བའི་ལས་ལ་རབ་ཏུ་མོས་པའི་གོང་གི་ཚོགས་པ་གསུམ་ནས་རིས་མེད་ཉམ་ཐག་ནད་པ་རྣམས་ལ་ལྷག་པར་བརྩེ་བས་ཀུན་ནས་སླང་སྟེ་ྋསྐྱབས་རྗེ་ཀིརྟིའི་རིན་པོ་ཆེའི་སྐུའི་འཁྲུངས་སྐར་གྱི་དགེ་བའི་ཉིན། ལོ་སྟར་ཆགས་བཞིན་འདི་ལོ་ཡང་སྨན་སྦྱིན་སོགས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་པའི་ལས་ལ་གཞོལ་བར་ཡི་རངས་བསྔགས་བརྗོད་དང་སྦྲགས། ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་སྐུ་ཚེ་མི་འཇིག་རྡོ་རྗེའི་ཁམས་སུ་རབ་ཏུ་བརྟན་ཅིང་སྐུ་ཁམས་གསལ་ཐང་ངང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་བསྔོ་སྨོན་ཤུགས་དྲག་ཞུ།།












མཐའ་མའི་འདོན་ཐེངས་།: 05.08.2024 ཉིན། 11:29 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།