སྨན་རྩིས་དྲ་བ། - ལོ་རྒྱུས།

༄༅། །གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། པར་གཞི་དང་པོ།
(གསོ་རིག་མཁས་དབང་རིམ་བྱོན་གྱི་དཀར་ཆག)

1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24
25
26
27
28
29
30
31
32
33
34
35
36
37
38
39
40
41
42
43
44
45
46
47
48
49
50
51
52
53
54
55
56
57
58
59
60
61
62
63
64
65
66
67
68
69
70
71
72
73
74
75
76
77
78
79
80
81
82
83
84
85
86
87
88
89
90
91
92
93
94
95
96
97
98
99
100
101
102
103
104
105
106
107
108
109
110
111
112
113
114
115
116
117
118
119
120
121
122
123
124

ྋསྐུའི་བླ་སྨན་འཇམ་དབྱངས་བཀྲིས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.09.2019
ལོ་རྒྱུས། >>


ྋསྐུའི་བླ་སྨན་འཇམ་དབྱངས་བཀྲིས་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

- མཚོ་སྣ་སྨན་པ་བསྟན་འཛིན་མཆོག་ལྡན།

 

མཚོ་སྣ་ྋབླ་སྨན་འཇམ་དབྱངས་བཀྲིས་མཆོག་ནི་བོད་ལྷོ་ཁ་མཚོ་སྣ་ཞེས་བྱ་བར་ཡབ་དབང་གྲགས་ཆོས་འཕེལ་ལགས་དང་། ཡུམ་བསོད་ནམས་སྒྲོལ་མ་གཉིས་སུ་ཕྱི་ལོ་ ༡༩༡༨ ལོར་འཁྲུངས། ཆུང་དུས་ནས་མཚོ་སྣ་དགོན་པ་རྩེར་སྒྲིགས་ཞུགས་གནང་། དགུང་ལོ་བཅུ་དྲུག་ཐོག་མཚོ་སྣ་དགོན་པ་ནས་མཚོ་སྣ་རིན་པོ་ཆེ་ནས་འདེམས་བསྒྲུགས་གནང་སྟེ་ལྷ་ས་སྨན་རྩིས་ཁང་དུ་ཕེབས། དེ་གའི་ཕྱག་སྲོལ་བཞིན་རྒྱུགས་སྤྲོད་གཙང་དག་ཟིན་རྗེས་ལྷ་ས་སྨན་རྩིས་ཁང་གི་སྨན་གཉེར་ལོ་བརྒྱད་གནང་། དེ་རྗེས་ྋབླ་སྨན་མཁྱེན་རབ་ནོར་བུ་མཆོག་ནས་དགོངས་འཁྲོལ་དང་སྦྲགས་ལག་ཁྱེར་ཞུས་ཏེ་མཚོ་སྣ་རིན་པོ་ཆེའི་ྋབླ་སྨན་ཞུས། ཕྱི་ལོ་ ༡༩༦༠ ལོར་བོད་མི་སྤྱི་མཚུངས་རྒྱ་གར་དུ་འབྱོར་ཏེ་ལམ་བཟོར་ཞུགས། ༡༩༦༢ ལོར་རྒྱ་དཀར་ནག་དམག་འཁྲུགས་སྐབས་སྐྱབས་བཅོལ་ཐེངས་གཉིས་པ་ཕེབས་དགོས་བྱུང་། དེ་ནས་དཔོན་གྲོ་བཟོ་གཞིས་སུ་བཞུགས་སྐབས་རྡ་རམ་ས་ལ་ཆོས་དོན་ལྷན་ཁང་ནས་བཀའ་རྒྱ་ཕེབས་དགོངས་བཞིན་སྨན་རྩིས་ཁང་དུ་དྲུག་བཅུ་རེ་གསུམ་ལོར་བཅར་ཏེ་སྨན་སྦྱོར་ཁང་གི་འགན་འཛིན་གནང་། དེ་ནས་བཟུང་བློ་ཕུགས་གཞུང་ལ་གཏད་དེ་སྒེར་དོན་རྒྱབ་བསྐྱུར་གྱིས་ཕྱག་ལས་ཞུས། སྐབས་དེར་རྡ་ས་སྨན་སྦྱིན་ཁང་གི་སྨན་པ་མང་ཆེ་བ་ཞིག་དགོངས་ཞུ་གནང་ཡོད་རུང་དམ་པ་འདི་ཉིད་ྋརྒྱལ་བ་རིན་པོ་ཆེའི་དགོངས་བཞེད་བཞིན་བོད་གཞུང་ཆོས་དོན་ལྷན་ཁང་གི་བཀའ་སྤྱི་བོར་བླངས་ཏེ་སྨན་ཁང་འདིའི་དོན་དུ་ས་ཐེག་རྡོ་ཐེག་གི་སྐུ་ངལ་སྐྱོན་ཏེ་གར་དགོས་གང་འབྱོན་གྱི་སྨན་པ་ཞུས་ཏེ་རང་འཁྲིས་འགན་འཁུར་བསྒྲུབས།

 

ཕྱི་ལོ་ ༡༩༧༦ ལོར་རྒྱལ་བ་རིན་པོ་ཆེའི་ྋབླ་སྨན་བསྐོ་བཞག་སྩལ། ཕྱི་ལོ་ ༡༩༨༤ ལོར་སྐུ་ནའི་བབས་དང་བཅས་སྨནཁང་ནས་བགྲེས་ཡོལ་ཞུས་ཏེ་ལྷོད་བཞུགས་ཐོག་ྋབླ་སྨན་ཞུབས་ཞུ་མུ་མཐུད་གནང་། སྨན་སློབ་ཐོན་པ་ཁག་ལ་སྨན་སྦྱོར་སྔོ་སྨན་སོགས་མཐོང་བརྒྱུད་ཕྱག་ལེན་སློབ་ཁྲིད་དང་བོད་ཀྱི་གསོ་རིག་མཐོ་སློབ་ཁང་གི་སློབ་བུ་ལྔ་བཅུ་བརྒལ་བར་གསོ་རིག་དཔལ་ལྡན་རྒྱུད་བཞི་དང་འབྲེལ་ཡོད་བཅས་ལྗགས་ལུང་གནང་བ་སོགས་གསོ་རིག་བསྟན་པར་བྱ་བ་དོན་ལྡན་མཛད་དེ་ཕྱི་ལོ་ ༡༩༨༦ ཟླ་བ་ ༣ ཚེས་ ༢༨ བོད་མེ་སྟག་ཟླ་བ་ ༢ ཚེས་ ༨ མཚེན་ཚོུད་ ༡༡/༡༥ ཐོག་གློ་བུར་དུ་སྐུ་གཤེགས། ད་ཆ་བརྒྱུད་འཛིན་བུ་སྨན་རམས་པ་བློ་བཟང་ཚུལ་ཁྲིམས་དང་སྨན་པ་བསྟན་འཛིན་མཆོག་ལྡན་གཉིས་གསོ་རིག་སྨན་པའི་ལག་ལེན་བྱེད་མུས་ཡིན།།


༡༩༩༦ ཟླ་ ༣ ཚེས་ ༢༣ ཉིན་ྋསྐུའི་བླ་སྨན་པ་འཇམ་དབྱངས་བཀྲིས་དམ་པ་དེ་ཉིད་ ༡༩༦༣ ལོ་ནས་བཟུང་ཞབས་ལོ་ཉི་ཤུ་ལྷག་གི་རིང་སྨན་རྩིས་ཀྱི་བསྟན་པ་ཉག་ཕྲའི་དུས་རིམ་ནང་སྨན་སྦྱོར་འགན་འཛིན་དང་བརྟག་དཔྱད་སྨན་པ། དེ་རྗེས་ྋརྒྱལ་བའི་སྐུའི་བླ་སྨན་གྱི་མཛད་འགན་བཞེས་པ་བཅས་སྐུ་ཚེ་ཧྲིལ་པོར་ལྷག་བསམ་རྣམ་དག་གི་ཞབས་ཞུ་གནང་བར་དབུས་སྨན་རྩིས་ཁང་ནས་དྲན་རྟེན་མཛད་རྗེས་ཕྱག་ཁྱེར་གནང་།


















- འདི་ནི་ཕྱི་ལོ་ ༢༠༡༩ ཟླ་ ༩ ནང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཕྱོགས་བསྒྲིགས་དང་དཔར་བསྐྲུན་འགྲེམས་སྤེལ་ཞུས་པའི་དུས་དེབ་<<གསོ་རིག་ཆེད་རྩོམ་ཕྱོགས་བསྡུས།>>འདོན་ཐེངས་དང་པོ། ཞེས་པ་ནས་ཟུར་འདོན་ཞུས།

མཐའ་མའི་འདོན་ཐེངས་།: 25.09.2019 ཉིན། 10:06 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།