ྋརྒྱལ་བའི་བཀྲིན་རྗེས་དྲན་དུ་སྤེལ་བའི་ལས་དོན་སྙིང་བསྡུས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 31.05.2015 |
༄༅། །སྤྱི་ལོ་ ༢༠༡༤ ལོ་ནི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ྋརྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་གཏན་
འབེབས་གནང་བ་བཞིན་བོད་ཀྱི་སྨན་རྩིས་ཁང་ནས་ྋརྒྱལ་བའི་བཀའ་དྲིན་རྗེས་དྲན་དང་སྟབས་བསྟུན་
གལ་ཆེའི་ལས་དོན་སྤེལ་བ་ཁག་གཤམ་གསལ།
ཀ༽རྒྱ་བལ་ནང་དུ་རིན་མེད་སྨན་སྐོར།
- རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷར་དང་། ཧོན་སུར། བེལ་ཀོབ་གཞིས་ཆགས་གསར་རྙིང་། མོན་གྷོ་གཞིས་ཆགས་བཅས་གཞིས་ཆགས་ཁག་བཞིར་སྤྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡ ནས་ཟླ་ ༥ ཚེས་ ༢༢ བར་ནད་པ་གྲངས་ ༢༣༤༢ ལ་རིན་མེད་སྐམ་ཁབ་སྨན་བཅོས་བགྱིས།
- མུམ་བྷེ་ནྰ་ལནྡ་ཤེས་ཡོན་བསྟི་གནས་ཁང་དུ་སྤྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༣༠ ནས་ཟླ་ ༦ ཚེས་ ༢ བར་ྋགོང་ས་མཆོག་གིས་རྒྱ་གར་མི་རིགས་ཆོས་ཞུ་བར་ནང་ཆོས་ངོ་སྤྲོད་གནང་བའི་སྐབས་སུ་ཉིན་གྲངས་བཞིའི་རིང་སྨན་བསྐོར་ཞུས་ཏེ་ནད་པ་གྲངས་ ༦༡༣ ལ་བརྟག་དཔྱད་དང་། ཧིན་སྒོར་ ༡༠༧,༩༠༧།༠༠ སྨན་སྦྱིན་བཏང་།
- ལ་དྭགས་གླེར་ྋགོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་གནང་བའི་སྐབས་དང་བསྟུན་སྤྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༣ ཚེས་ ༡༤ བར་ཉིན་གྲངས་བཅུ་གཉིས་རིང་ནད་པ་གྲངས་ ༣,༠༥༣ ལ་བརྟག་དཔྱད་ཞུས་ཏེ་ཧིན་སྒོར་ ༢༢༥,༧༣༩།༠༠ སྨན་སྦྱིན་བཏང་།
- མོན་རྟ་དབང་ཁུལ་དུ་སྤྱི་ལོ་༢༠༡༤ ཟླ་ ༨ ཚེས་ ༧ ནས་ ༡༧ བར་ཉིན་གྲངས་བཅུ་གཅིག་རིང་སྨན་བསྐོར་ཞུས་ཏེ་ནད་པ་གྲངས་ ༨༡༨ ལ་རིན་མེད་བརྟག་དཔྱད་སྨན་བཅོས་ཞུས།
- འབུམ་སྡེ་ལར་སྤྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༨ ནས་ ༢༤ བར་ཉིན་གྲངས་ ༧ རིང་རིས་མེད་ནད་པ་གྲངས་ ༦༣༦ ལ་རིན་མེད་སྐམ་ཁབ་སྨན་བཅོས་གནང་།
- བསྟན་འཛིན་སྒང་གཞིས་ཆགས་སུ་སྤྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༥ ནས་ཟླ་ ༩ ཚེས་ ༡ བར་ཉིན་གྲངས་ ༧ རིང་རིས་མེད་ནད་པ་ ༤༣༢ ལ་སྐམ་ཁབ་ཀྱི་སྨན་བཅོས་ཞུས།
- ཏི་ཛུ་ཁུལ་དུ་སྤྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༤ ནས་ ༡༣ བར་ཉིན་གྲངས་ ༡༠ རིང་རིས་མེད་ནད་པ་གྲངས་ ༩༢༩ ལ་རིན་མེད་སྨན་བཅོས་བགྱིས།
- མེའོ་ཁུལ་དུ་སྤྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༤ ནས་ཚེས་ ༢༣ བར་ཉིན་གྲངས་ ༡༠ རིང་རིས་མེད་ནད་པ་གྲངས་ ༡༣༥༡ ལ་རིན་མེད་སྨན་བཅོས་བགྱིས།
- རྡོར་གླིང་རིན་བིག་(Rimbick) ས་གནས་སུ་སྤྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ མང་གཙོའི་དུས་ཆེན་ཉིན་སྨན་བསྐོར་བསྐྱོད་དེ་ནད་པ་གྲངས་ ༥༥ ལ་བརྟག་དཔྱད་སྨན་བཅོས་དང་། ཧིན་སྒོར་ ༥,༥༩༢ སྨན་སྦྱིན་བཏང་།
- མེའོ་ཁུལ་དུ་སྤྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ རེས་གཟའ་ལྷག་པ་ྋསྐུའི་བླ་གཟའ་ཉིན་དང་སྟབས་བསྟུན་ས་གནས་དེ་གའི་མི་མང་ ༨༠ ལྷག་ཙམ་ལ་བོད་ཀྱི་གསོ་བ་རིག་པའི་ཟས་སྤྱོད་སྤང་བླང་སྐོར་གཏམ་བཤད་བྱས་པ་དང་། དེ་རྗེས་ནད་པ་གྲངས་ ༡༩༤ ལ་བརྟག་དཔྱད་སྨན་བཅོས་དང་། ཧིན་སྒོར་ ༢༠༢༩༦།༥༠ སྨན་སྦྱིན་བཏང་།
- སྦིར་ནང་སྲིད་རྒན་གསོ་ཁང་དུ་སྤྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ ཉིན་རྒན་གསོ་ཁང་གི་ནད་པ་ ༩ ལ་བྱུག་པ་བྱས་པར་བགྲེས་སོང་རྣམས་ཀྱི་ལུས་སེམས་གཉིས་ཀར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད།
- དྷ་སྟེང་ཡན་ལག་སྨན་ཁང་དུ་སྤྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ ཉིན་ཕྱི་ནང་མི་རིགས་དབྱེར་མེད་ནད་པ་གྲངས་ ༡༨༡ ལ་བརྟག་དཔྱད་སྨན་བཅོས་དང་། ཧིན་སྒོར་ ༢༢༢༨༣།༨༡ སྨན་སྦྱིན་བཏང་།
- ས་ལུ་སྒར་གྲོང་ཁྱེར་གྱི་ཁྲོམ་ཁང་ཆེན་མོ་ (Cosmos, Big Bazaar) ཞེས་པར་སྤྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ ཉིན་ནད་པ་གྲངས་ ༡༩༦ ལ་རིན་མེད་བརྟག་དཔྱད་སྨན་བཅོས་དང་། ཧིན་སྒོར་ ༢༠༥༡༡།༢༠ སྨན་སྦྱིན་བཏང་།
- ན་ཝི་མོམ་བྷེ་རུ་སྤྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ ཉིན་ནད་པ་གྲངས་ ༥༨ ལ་རིན་མེད་སྨན་བཅོས་བརྟག་དཔྱད་ཞུས།
- མ་ན་ལི་ཁུལ་དུ་སྤྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ ཉིན་ནས་ཚེས་ ༡༢ བར་ཉིན་གྲངས་ ༡༡ རིང་ནད་པ་གྲངས་ ༣༣༨ ལ་རིན་མེད་སྨན་བཅོས་ཞུས།
- དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་༸གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤ་ཡའི་ཆོས་ཞུ་བ་ཁག་ཅིག་ལ་སྤྱོད་འཇུག་གསུང་ཆོས་གྲུབ་པའི་ཕྱི་ཉིན་ཏེ་སྤྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༧ དང་། ༢༨ ཉིན་གཉིས་རིང་རིས་མེད་ནད་པ་གྲངས་ ༡༣༣ ལ་ཧིན་སྒོར་ ༦༦༥༤།༡༨ སྨན་སྦྱིན་བཏང་།
- དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ྋགོང་ས་མཆོག་གིས་ཐའེ་ཝན་ཆོས་ཞུ་བར་དབུ་མ་རྩ་བ་ཤེས་རབ་ཀྱི་གསུང་ཆོས་གྲུབ་པའི་ཕྱི་ཉིན་ཏེ་སྤྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༠ དང་། ༡༡ ཉིན་གཉིས་རིང་རིས་མེད་ནད་པ་ ༡༠༨ ལ་ཧིན་སྒོར་༤༡༦༠།༦༠ སྨན་སྦྱིན་བཏང་།
- དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ྋགོང་ས་མཆོག་གིས་ཀོ་རི་ཡའི་ཆོས་ཞུ་བར་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་གྲུབ་པའི་ཕྱི་ཉིན་ཏེ་སྤྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༤ དང་། ༡༥ ཉིན་གཉིས་རིང་རིས་མེད་ནད་པ་གྲངས་ ༡༠༠ ལ་ཧིན་སྒོར་ ༥༤༩༥།༣༨ སྨན་སྦྱིན་བཏང་།
- དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ྋགོང་ས་མཆོག་གིས་སོག་པོའི་ཆོས་ཞུ་བར་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་གྲུབ་པའི་ཕྱི་ཉིན་ཏེ་སྤྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༦ དང་། ༧ ཉིན་གཉིས་རིང་རིས་མེད་ནད་པ་གྲངས་ ༡༡༨ ལ་ཧིན་སྒོར་ ༧༣༣༧།༦༥ སྨན་སྦྱིན་བཏང་།
- ཅོན་ཏ་ར་ཡན་ལག་སྨན་ཁང་དུ་སྤྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ནོ་བེལ་ཞི་བདེའི་གཟེངས་རྟགས་ཉིན་དང་སྟབས་བསྟུན་ས་གནས་དེ་གའི་རྒྱ་གར་ཡུལ་མི་གྲངས་ ༡༣༩ ལ་སྨན་བཅོས་བརྟག་དཔྱད་དང་། ཧིན་སྒོར་ ༡༠༡༦༩།༡༠ སྨན་སྦྱིན་བཏང་།
- ལ་དྭགས་གླེ་རྒྱལ་སའི་དཀྱིལ་ཁ་ཆེའི་དགོན་པའི་མདུན་དང་། གཞིས་སྤྱི་ལས་ཁང་གི་རྭ་བའི་ནང་དུ་སྤྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ནོ་བེལ་ཞི་བདེའི་གཟེངས་རྟགས་ཉིན་མོ་དང་སྟབས་བསྟུན་ཚེས་ ༩ དང་ ༡༠ ཉིན་གཉིས་སྨན་སྦྱིན་ཁང་བཙུགས་ཏེ་ལ་དྭགས་ཡུལ་མི་དང་བོད་མི་ཁྱོན་བསྡོམས་ ༣༦༤ ལ་བརྟག་དཔྱད་སྨན་བཅོས་དང་། ཧིན་སྒོར་ ༢༦༠༣༥།༦༤ སྨན་སྦྱིན་བཏང་།
- ལྡི་ལི་ཧཊ་རུ་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་གོ་སྒྲིག་འོག་ྋགོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་དུས་སྟོན་སྐབས་ཏེ་སྤྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ནས་ ༡༤ བར་ཉིན་གྲངས་ ༣ རིང་རིས་མེད་ནད་པ་གྲངས་ ༡༦༨ ལ་ཧིན་སྒོར་ ༢༣༡༤།༩༦ སྨན་སྦྱིན་བཏང་།
- ཅེན་ནའེ་ཡན་ལག་སྨན་ཁང་གིས་སྤྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན་ས་གནས་དེ་གའི་རིས་མེད་ནད་པ་གྲངས་ ༢༥ ལ་ཧིན་སྒོར་ ༤༡༠༣།༢༠ སྨན་སྦྱིན་བཏང་།
- བེལ་ཀོབ་ཡན་ལག་སྨན་ཁང་གིས་སྤྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༩ ཉིན་རིས་མེད་ནད་པ་ ༣༡༢ ལ་ཧིན་སྒོར་ ༣༡༩,༠༤།༠༠ སྨན་སྦྱིན་གནང་།
- སེ་ར་ཡན་ལག་སྨན་ཁང་གིས་སྤྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༨ ཉིན་རིས་མེད་ནད་པ་གྲངས་༨༠ ལ་སྨན་བཅོས་དང་ཧིན་སྒོར་ ༡༠༢༩༡།༠༠ སྨན་སྦྱིན་གནང་།
- དིལླི་གྲོང་ཁྱེར་ནང་གནས་གཞི་བྱས་པའི་སི་ལེཀྲ་དང་ སི་ཀྲི་ཝཱཀ་རུ་ཧི་མ་ལ་ཡའི་དུས་སྟོན་ཐེངས་གསུམ་པ་སྟེ་སྤྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༢ ནས་ ༡༤ བར་རིས་མེད་ནད་པ་གྲངས་ ༢༥ ལ་སྨན་བཅོས་བརྟག་དཔྱད་དང་སྨན་སྦྱིན་བཏང་།
- དིལླི་ཤཱར་ཌ་དང་། ཀེམ་པིནཱ་ཀི། ཨེམ་སྦི། ཧོ་ཀྲོལ་དུ་ྋགོང་ས་མཆོག་གིས་ར་ཤེ་ཡའི་མི་རིགས་ཆོས་ཞུ་བར་བྱང་ཆུབ་ལམ་རིམ་གྱི་གསུང་ཆོས་གནང་བའི་སྐབས་ཏེ་སྤྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༥ ནས་ཚེས་ ༡༨ བར་ཉིན་གྲངས་ ༤ རིང་རིས་མེད་ནད་པ་གྲངས་ ༤༠༣ ལ་བརྟག་དཔྱད་སྨན་བཅོས་བྱས།
- མོན་གྷོ་དགའ་ལྡན་བྱང་རྩེར་བྱང་ཆུབ་ལམ་རིམ་གྱི་གསུང་ཆོས་གནང་བའི་སྐབས་ཏེ་སྤྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༢ ནས་ཚེས་ ༢༤ བར་ཉིན་གྲངས་ ༤ རིན་རིས་མེད་ནད་པ་གྲངས་ ༡,༤༥༦ ལ་ཧིན་སྒོར་ ༡༤༤,༣༡༦།༠༠ སྨན་སྦྱིན་བཏང་།
- བལ་ཡུལ་གྱི་ས་གནས་མཆོད་རྟེན་ཉེ་འགྲམ་དང་། བཟོ་གཞིས་ཇོ་ལ་ཁེལ། མཚོད་ཤམ་ཆུ་དབར་དགོན། བཀྲ་ཤིས་གླིང་། བཀྲ་ཤིས་དཔལ་འཁྱིལ། དཔལ་འབྱོར་གླིང་། བྱམས་པ་གླིང་བཅས་སུ་སྤྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣ ནས་ཟླ་ ༡༢ ཚེས་ ༡༥ བར་ཉིན་གྲངས་ ༢༤ རིང་མི་རིགས་དབྱེར་མེད་ནད་པ་གྲངས་ ༡༤༦༠ ལ་རིན་མེད་སྐམ་ཁབ་ཀྱིས་སྨན་བཅོས་གནང་།
- ཡུ་པི་མངའ་སྡེའི་ས་གནས་སཱན་ཀཱ་སཱི་སྟེ་རྒྱལ་བ་ལྷ་ལས་བབས་པའི་གནས་ཆེན་དུ། སྤྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༣༡ ནས་ཟླ་ ༢ ཚེས་ ༡ བཅས་ཉིན་གཉིས་རིང་ྋགོང་ས་མཆོག་གིས་གསུང་ཆོས་གནང་བའི་སྐབས་དང་བསྟུན་ནད་པ་གྲངས་ ༡༢༨ ལ་བརྟག་དཔྱད་སྨན་བཅོས་དང་། ཧིན་སྒོར་ ༦༥༤༩།༠༠ སྨན་སྦྱིན་བཏང་།
- དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༦།༧ ཉིན་གཉིས་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོར་ྋགོང་ས་མཆོག་གིས་སྐྱེས་རབས་ཆོས་འབྲེལ་རྗེས་ནད་པ་གྲངས་ ༡༥༢ ལ་བརྟག་དཔྱད་སྨན་བཅོས་ཞུས་པ་དང་། སྒོར་༤༢༣༣།༠༥ ཡི་སྨན་སྦྱིན་བཏང་།
ཁ༽ ཕྱི་རྒྱལ་དུ་སྨན་རྩིས་སྐོར་སྐྱོད།
- ཨ་རིར་སྤྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༤ ནས་ཟླ་ ༦ ཚེས་ ༢༩ བར་སྨན་པ་གཅིག་དང་། སྐར་ནག་དབྱངས་རྩིས་པ་གཅིག་བཅས་སྨན་རྩིས་བསྐོར་བསྐྱོད་གནང་སྟེ། སྨན་རྩིས་དོན་གཉེར་བ་རིས་མེད་མི་རིགས་མི་གྲངས་ ༣༥༥ ལྷག་ལ་བོད་ཀྱི་སྨན་རྩིས་ཀྱི་བརྟག་དཔྱད་སྨན་བཅོས་དང་། རྩིས་འབྲས་འདོན་པ་སོགས་གནང་ཡོད།
- ཨིན་ཡུལ་དུ་སྤྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༧ ནས་ཟླ་ ༦ ཚེས་ ༡༡ བར་ཉིན་གྲངས་ ༡༥ རིང་སྨན་པ་གཅིག་དང་སྐར་ནག་དབྱངས་རྩིས་པ་གཅིག སྨན་རྩིས་ལས་སྣེ་གཅིག་བཅས་ཀྱིས་བོད་ཀྱི་སྨན་རྩིས་དོན་གཉེར་བ་གྲངས་ ༡༢༥ ལ་བོད་ཀྱི་སྨན་རྩིས་གཉིས་ཀྱི་སྐོར་གཏམ་བཤད་དང་། དེའི་ནང་ནས་ནད་པ་འགའ་ཞིག་ལ་སྨན་བཅོས་བརྟག་དཔྱད་དང་། རྩིས་འབྲས་འདོན་པ་བཅས་མཛད།
- ཀ་ཛག་ཀ་སི་ཐན་དུ་སྤྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༦ ནས་ཚེས་ ༢༧ བར་ཉིན་གྲངས་ ༢༢ རིང་སྨན་པ་གཅིག་གིས་ནད་པ་གྲངས་ ༥༥ ལ་སྨན་བཅོས་བརྟག་དཔྱད་བྱས།
- ཨ་རིར་སྤྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༤ ནས་ཟླ་ ༡༡ ཚེས་ ༡ བར་ཉིན་གྲངས་ ༨ རིང་སྨན་པ་གཅིག་གིས་རང་རིགས་དང་ཕྱི་རྒྱལ་བ་ཁྱོན་བསྡོམས་ནད་པ་གྲངས་ ༢༡༤ ལ་སྨན་བཅོས་བརྟག་དཔྱད་ཞུས།
- ལྷོ་ཨ་མི་རི་ཀར་སྤྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༨ ནས་ཟླ་ ༡༡ ཚེས་ ༢༡ བར་ཉིན་གྲངས་ ༣༥ རིང་སྨན་པ་གཉིས་དང་ལས་བྱེད་གཅིག་གིས་མི་གྲངས་ ༧༠༩ ལ་བོད་སྨན་སྐོར་གཏམ་བཤད་དང་། ནད་པ་གྲངས་ ༡༡༡ ལ་བརྟག་དཔྱད་སྨན་བཅོས་ཞུས།
ག༽ ྋགོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཆེད་གཞན་ཡང་ལས་དོན་གལ་ཆེ་ཁག་གཅིག་བསྒྲུབས་པ།
- སྤྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡ ཉིན་བོད་ཀྱི་སྨན་རྩིས་ཁང་གིས་མི་མང་གི་འཕྲོད་བསྟེན་ཤེས་བྱ་ཡར་རྒྱས་གཏོང་ཆེད་རིན་མེད་ཟླ་རེའི་ཚགས་པར་སྨན་རྩིས་ཟླ་གསར། ཞེས་པ་འདི་གསར་དུ་འདོན་སྤེལ་ཞུས་པ་དང་། ད་བར་འདོན་ཐེངས་ ༡༣ བཏོན་ཟིན།
- སྤྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༦ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་རོ་ཧི་ནི་ཡན་ལག་སྨན་ཁང་གསར་དུ་དབུ་འབྱེད་གནང་།
- སྤྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༦ ཉིན་ྋགོང་ས་མཆོག་ཕྱི་ལུགས་དགུང་གྲངས་དོན་དགུར་ཕེབས་པའི་སྐུའི་འཁྲུངས་སྐར་གཟབ་རྒྱས་སྲུང་བརྩི་ཞུས། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༦།༣༠ ནས་ ༡༠།༣༠ བར་སྨན་རྩིས་སློབ་ཕྲུག་རྣམས་ཀྱིས་སྙན་ངག་གྱེར་འདོན་དང་། གཞས་དང་ཞབས་བྲོ། གཏམ་བརྗོད་སོགས་རྣམ་པ་འདྲ་མིན་གྱི་རིག་རྩལ་འཁྲབ་སྟོན་གཟིགས་མོ་བ་ཚོའི་སྤྱན་ལམ་དུ་ཕུལ། སྐབས་དེར་སྐུ་མགྲོན་དུ་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། བཀའ་དྲུང་ཟུར་པ་བསོད་ནམས་ཚེ་རིང་མཆོག་ཕེབས་ཡོད་པ་དང་། དེ་བཞིན་གསར་འགོད་པ་སོགས་མི་སྣ་གང་མང་ཕེབས་ཡོད།
- སྤྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༤ ཉིན་བོད་ཀྱི་སྨན་རྩིས་ཁང་གིས་རྒྱ་ཡིག་སྡེ་ཚན་ཞིག་གསར་དུ་དབུ་འབྱེད་ཞུས་ཤིང་། སྨན་རྩིས་གཉིས་དང་འབྲེལ་བའི་རྒྱ་ཡིག་དྲྭ་རྒྱ་ཞིག་ཟླ་ ༩ ཚེས་ ༡༦ ཉིན་དངོས་སུ་དབུ་འབྱེད་ཀྱིས་ཤར་གཏོང་ཞུས། དྲྭ་རྒྱ་འདིར་ད་ལྟའི་ཆར་ལེའུ་ ༡༠ དང་། ནང་གསེས་ཚན་པ་ ༢༧ ས་བཅད་ཁྱོན་བསྡོམས་ ༡༠༦ དང་ཡིག་འབྲུ་ ༤༩༠༠༠ ཙམ་དང་། པར་རིས་ ༡༠༠ ལྷག་ཡོད། དེ་ནི་འཛམ་གླིང་གང་སར་གནས་པའི་རྒྱ་མི་རིགས་ཀྱིས་བོད་ཀྱི་སྨན་རྩིས་རིག་གཞུང་ལ་ལོངས་སུ་སྤྱོད་ཐུབ་པའི་ཆེད་ཡིན།
- སྤྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སྨན་རྩིས་ཁང་གི་ལས་བྱེད་དང་། ཕྱི་ནས་ཕེབས་པའི་མི་མང་བཅས་འཛོམས་པའི་དབུས་སྨན་རྩིས་ཁང་གི་སློབ་ཕྲུག་རྣམས་ཀྱིས་ྋགོང་ས་མཆོག་གི་མཛད་འཕྲིན་དང་སྦྱར་བའི་སྙན་རྩོམ་འགྲན་བསྡུར་བགྱིས་པ་དང་། འཛིན་སྐྱོང་ནས་ཨང་རིམ་གཞིར་བཟུང་བྱ་དགའ་གསོལ་བསྩལ་གནང་།
- སྤྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡ ནས་ ༣ བར་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་པ་ཚོགས་གནང་ཡོད། ཐེངས་འདིར་ལུས་སེམས་སྲོག་དང་འབྲེལ་བའི་བརྗོད་གཞི་ཁག་བཞིའི་སྟེང་བོད་བརྒྱུད་ནང་བསྟན་རིག་པ། རྒྱ་གར་ཚེའི་རིག་བྱེད། ཡུནཱནི། སིདྷ། རྒྱ་ནག་བཅས་ཀྱི་སྲོལ་རྒྱུན་སྨན་ལུགས། དེ་བཞིན་དེང་རབས་སེམས་ཁམས་རིག་པ་བཅས་གཞུང་ལུགས་ཁག་དྲུག་གི་མཁས་དབང་བཅུ་གཅིག་ཕེབས་ནས་བགྲོ་གླེང་མཛད་པ་དང་། རྒྱལ་ཁབ་བཅུ་བཞི་ནས་དོན་གཉེར་བ་༣༧༠ ལྷག་ཙམ་མཉམ་ཞུགས་གནང་ཡོད།
- སྤྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་ཁྱབ་ཁོངས་ཀཱ་ལ་བུ་ར་གྷི་ (Kalaburagi) ཞེས་པའི་གྲོང་ཁྱེར་དུ་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཨང་ ༥༥ པ་དེ་གསར་དུ་དབུ་འབྱེད་ཞུས་ཡོད། མཛད་སྒོའི་སྟེང་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་དང་། སྨན་ཁང་གི་སྦྱིན་བདག་སྐུ་ཞབས་ཨ་ལམ་པྲབྷཱུ། སྨན་ལས་དང་སྐུ་མགྲོན་བཅས་མཉམ་འཛོམས་ཐོག་དགེ་འདུན་པ་ཁག་ཅིག་གིས་སྨན་ཁང་ལ་རྒྱ་ཆེ་རབ་གནས་ཀྱང་མཛད་གནང་ཡོད། དེ་སྔོན་གྲོང་ཁྱེར་དེའི་མིང་ལ་གུལ་བྷར་ག་ (Gulbarga) ཞེས་འབོད་ཀྱང་ཉེ་ལམ་མངའ་སྡེ་གཞུང་གིས་ (Kalaburagi) ཞེས་མིང་སྒྱུར་གནང་ཡོད།
- སྤྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༩ ཉིན་བཙན་བྱོལ་དུ་དངུལ་ཆུ་བཙོ་ཐལ་ཆེན་མོའི་བཟོ་སྐྲུན་ཐེངས་བདུན་པ་ལེགས་གྲུབ་བྱུང་ཡོད། ཟླ་ ༡༡ ཚེས་ ༡༢ ནས་འགོ་འཛུགས་ཀྱིས་སྨན་པ་གྲངས་ ༡༡ དང་ལས་བྱེད་དང་ལས་མི་བསྡོམས་མི་གྲངས་ ༤༦ ནས་ངལ་བ་དང་ལེན་དང་ཆོ་ག་ཕྱག་ལེན་ཚང་ལ་མ་ནོར་བར་ལེགས་པར་བསྒྲུབས་ཏེ་བཙོ་ཐལ་ཀི་ལོ་ ༡༣༨ བཟོས་ཐུབ་ཡོད། འདི་ནི་སྨན་རྩིས་ཁང་ནས་བཟོ་སྐྲུན་བགྱིས་པའི་རིན་ཆེན་རིལ་བུའི་རྒྱུ་ཆ་གཙོ་བོ་ཞིག་ཡིན། དངུལ་ཆུ་བཙོ་ཐལ་གྱི་ལག་ལེན་ནང་སྔོན་འགྲོའི་ཞབས་རིམ་དང་། གེགས་གཏོར་ཞབས་རིམ། ཚོགས་འབུལ། དེ་བཞིན་དགྲ་སྤྲད་ཀྱི་ཆོ་ག་ཡོད་པ་རྣམས་ཚུལ་བཞིན་བསྒྲུབས་ཡོད།
- སྤྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡ ཉིན་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་ནས་སེམས་དང་སེམས་བྱུང་གི་རྣམ་གཞག་སྐོར་ཕྱོགས་སྒྲིག་བགྱིས་པའི་དེབ་གྲངས་གྲངས་ ༥༠༠ གསར་དུ་དཔར་བསྐྲུན་ཞུས།
- སྤྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༧ ཉིན་ཨེམ་དཱ་སྦཏ་གྲོང་ཁྱེར་དུ་ཡོད་པའི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་རྒྱ་བསྐྱེད་ཐོག་འཇམ་དཔྱད་ཁང་ཞིག་གསར་འཛུགས་དབུ་འབྱེད་ཞུས།
- འདི་ལོ་སྨན་སྤྲི་དཀར་ཨ་དང་། སྨན་སྤྲི་དཀར་བྲེ་གཉིས་ཞེས་པ་གཉིས་གསར་གཏོད་ཀྱིས་ཉམས་ཞིབ་བྱེད་བཞིན་པ་དང་། དེ་བཞིན་ཐོན་དངོས་གྲུམ་བུའི་བྱུག་སྣུམ་དང་། གཞང་འབྲུམ་བྱུག་སྣུམ་གཉིས་གསར་གཏོད་དང་ཉམས་ཞིབ་ལེགས་གྲུབ་བྱུང་སྟེ་ཚོང་འགྲེམས་འགོ་འཛུགས་ཟིན་པ་དང་། སྐྲ་བྱུག་ཟླ་འོད་དང་། མཁྲིས་པ་ཚ་སེལ་བྱུག་སྣུམ། བད་ཀན་གྲང་སེལ་བྱུག་སྣུམ། བཞིན་མདངས་མཛེས་གསལ་བཅས་ཁག་བཞི་གསར་གཏོད་ཀྱིས་ཚོད་ལྟ་ལེགས་འགྲུབ་ཟིན་ལ་ཉེ་བ་ཡིན།
མཐའ་མའི་འདོན་ཐེངས་།: 01.06.2015 ཉིན། 10:28 AM
<< སྔ་མ།