སྨན་སློབ་སྐབས་ཉི་ཤུའི་ཐོན་རྒྱུགས་ཆེན་མོ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.11.2021 |
སྨན་སློབ་སྐབས་ཉི་ཤུའི་ཐོན་རྒྱུགས་ཆེན་མོ།
བཞུགས་སྒར་དྷ་ས་སྨན་རྩིས་མཐོ་སློབ་ཁང་དུ་གཙོ་བོ་བོད་རིགས་ཡིན་པའི་སྨན་གྱི་སློབ་མ་སྐབས་ ༢༠ དང་ ༢༡ གཉིས་ཡོད་པ་ལས། ད་ལོ་སྨན་སློབ་སྐབས་ཉི་ཤུའི་སློབ་མ་ ༢༤ པོ་རྣམས་ལོ་ངོ་ལྔའི་རིང་བོད་ཀྱི་གསོ་བ་རིག་པའི་ཐོག་ཐོས་བསམ་སློབ་གཉེར་གྱི་རིམ་པ་ཡོངས་སུ་ཟིན་ཏེ་ཤིན་ཏུ་གྲགས་ཆེ་བའི་སྨན་གྱི་ཐོན་རྒྱུགས་ཆེན་མོ་སྤྲོད་བཞིན་ཡོད།
དེ་ཡང་ལོ་འདིའི་ཟླ་ ༡༠ ནང་ཐོག་མར་སྨན་སློབ་རྣམས་ཀྱི་ལོ་འཁོར་ངག་རྒྱུགས་སློབ་ཚན་གཏན་འབེབས་གཞིར་བཟུང་ངག་རྒྱུགས་དག་ཚང་དང་། གཞན་ཡང་དཔལ་ལྡན་རྒྱུད་བཞིའི་སྡོང་འགྲེམས་མ་ནོར་བར་རྒྱུགས་ལེགས་པར་འབུལ་ཟིན། ད་ཆ་ཐོན་རྒྱུགས་ཆེན་མོའི་ཡིག་རྒྱུགས་ལས་རིམ་འགྲོ་བཞིན་ཡོད། འདིའི་ཐད་དྷ་ས་སྨན་རྩིས་མཐོ་སློབ་ཡིག་ཚང་ནས་གཤམ་གསལ་ལས་རིམ་རེའུ་མིག་ཞིག་མཁོ་འདོན་གནང་བ་དེར་གཟིགས་ན་ཐོན་རྒྱུགས་དང་དེའི་རྗེས་ཀྱི་བྱེད་སྒོ་ཁག་གསལ་པོ་མཁྱེན་ཐུབ།
༄༅། །༢༠༢༡ ལོའི་སྨན་རྩིས་མཐོ་སློབ་ཁང་གི་སྨན་སློབ་སྐབས་༢༠ ཐོན་རྒྱུགས་ཆེན་མོའི་དུས་ཚེས་དང་། རྒྱུགས་གཞི། བརྒྱ་ཆའི་ཐོབ་བཅས་གཏན་འབེབས་རེའུ་མིག |
|||||
ཟླ་ཚེས། |
རེས་གཟའ། |
ལས་རིམ། |
རྒྱུགས་ལེན། ལེའུ་ཚན། |
ཐོབ་གྲངས། |
|
༡༠། ༡༡ - ༡༢ |
ཟླ་བ། - མིག་དམར། |
ངག་རྒྱུགས་ལེན་རྒྱུ། |
|
༥༠ |
|
༡༠། ༡༥ - ༡༦ |
པ་སངས། - སྤེན་པ། |
སྡོང་འགྲེམས་ཀྱི་རྒྱུགས་ལེན་རྒྱུ། |
|
༥༠ |
|
༡༠། ༢༥ |
ཟླ་བ། |
རྩ་རྒྱུད་དྲི་ཤོག་དང་པོ། |
ལེའུ་ ༡ - ༣ |
༥༠ |
|
༡༠། ༢༦ |
མིག་དམར། |
རྩ་རྒྱུད་དྲི་ཤོག་གཉིས་པ། |
ལེའུ་ ༤ - ༦ |
༥༠ |
|
༡༠། ༢༧ |
བར་སེང་། ལྷ་བབས་དུས་ཆེན། |
||||
༡༠། ༢༨ |
ཕུར་བུ། |
བཤད་རྒྱུད་དྲི་ཤོག་དང་པོ། |
ལེའུ་ ༡ - ༧ |
༥༠ |
|
༡༠། ༢༩ |
པ་སངས། |
བཤད་རྒྱུད་དྲི་ཤོག་གཉིས་པ། |
ལེའུ་ ༨ - ༡༤ |
༥༠ |
|
༡༠། ༣༠ |
སྤེན་པ། |
བཤད་རྒྱུད་དྲི་ཤོག་གསུམ་པ། |
ལེའུ་ ༡༥ - ༢༢ |
༥༠ |
|
༡༠། ༣༡ |
བར་སེང་། རེས་གཟའ་ཉི་མ། |
||||
༡༡།༡ |
ཟླ་བ། |
བཤད་རྒྱུད་དྲི་ཤོག་བཞི་པ། |
ལེའུ་ ༢༣ - ༣༡ |
༥༠ |
|
༡༡།༢ |
མིག་དམར། |
མན་རྒྱུད་དྲི་ཤོག་དང་པོ། |
སྐབས་དང་པོ་ནས་དྲུག་པ། |
༥༠ |
|
༡༡།༣ |
ལྷག་པ། |
མན་རྒྱུད་དྲི་ཤོག་གཉིས་པ། |
སྐབས་བདུན་པ་ནས་བཅོ་ལྔ། |
༥༠ |
|
༡༡།༤ |
བར་སེང་། |
||||
༡༡།༥ |
པ་སངས། |
ཕྱི་རྒྱུད་དྲི་ཤོག་དང་པོ། |
ལེའུ་ ༡ - ༡༢ |
༥༠ |
|
༡༡།༦ |
སྤེན་པ། |
ཕྱི་རྒྱུད་དྲི་ཤོག་གཉིས་པ། |
ལེའུ་ ༡༣ - ༢༧ |
༥༠ |
|
༡༡།༧ |
བར་སེང་། རེས་གཟའ་ཉི་མ། |
||||
༡༡།༨ |
ཟླ་བ། |
བྱང་ཁོག་ཡུལ་ཐིག |
མན་ངག་རྒྱུད། |
༡༠༠ |
|
༡༡།༩ |
མིག་དམར། |
རིག་གནས་དྲི་ཤོག་དང་པོ། |
|
༡༠༠ |
|
༡༡།༡༠ |
ལྷག་པ། |
རིག་གནས་དྲི་ཤོག་གཉིས་པ། |
|
༡༠༠ |
|
༡༡།༡༡ |
བར་སེང་། |
||||
༡༡།༡༢ |
པ་སངས། |
སྔོ་སྨན་དང་ཁྲོག་སྨན་ངོས་འཛིན། |
|
༥༠ |
༥༠ |
ཐོན་རྒྱུགས་ཆེན་མོའི་ཨང་ཐོབ་ ༨༠༠ ལོ་བཞིའི་གསོག་འཇོག་ཐོབ་ ༢༠༠ ཁྱོན་བསྡོམས་ཨང་ཐོབ་ ༡༠༠༠ |
|||||
༡༡། ༡༣ - ༡༦ |
བར་སེང་། |
||||
༡༡། ༡༧ - ༡༨ |
ལྷག་པ། - ཕུར་བུ། |
རྒྱུད་གསུམ་རྒྱུགས་འབུལ། |
|
|
|
༡༡། ༡༩ - ༢༣ |
བར་སེང་། |
||||
༡༡། ༢༤ - ༢༦ |
ལྷག་པ། - པ་སངས། |
ཉིན་གསུམ་རིང་སྐབས་༢༠ སློབ་ཐོན་རྣམས་སུ་ལག་ལེན་ཟབ་ཁྲིད། |
|||
དབུས་འཛིན་སྐྱོང་ནས་ཉམས་གསོག་ས་གནས་གསལ་བསྒྲགས། མཐོ་སློབ་ནས་ཕེབས་སྐྱེལ་ཇ་སྟོན་འབུལ་རྒྱུ། |
མཐའ་མའི་འདོན་ཐེངས་།: 09.11.2021 ཉིན། 9:36 AM
<< སྔ་མ།