སྨན་རྩིས་དྲ་བ། - མདུན་ངོས།

སྨན་སློབ་བདུན་གྱིས་རྒྱུད་གསུམ་བློ་རྒྱུགས་ཕུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.12.2022
མདུན་ངོས། >>



སྨན་སློབ་བདུན་གྱིས་རྒྱུད་གསུམ་བློ་རྒྱུགས་ཕུལ།


ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༢ ཉིན་རྒྱབ་འགྲོ་ཕན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་སྤྱི་ཁྱབ་འགན་འཛིན་གཙོས་སྡེ་ཚན་ཁག་གི་འགན་འཛིན་དང་། སྨན་རྩིས་མཐོ་སློབ་ཁང་གི་ཡིག་ཚད་ཚོགས་ཆུང་དང་། དགེ་སློབ་བཅས་རྒྱུགས་དཔང་ཚང་འཛོམས་ཐོག་སྨན་སློབ་སྐབས་༢༡ རྒྱུད་གསུམ་བློ་རྒྱུགས་ཆེད་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་བསྐྱངས་ནས་རྒྱུད་གསུམ་བློ་རྒྱུགས་འགོ་འཛུགས་གནང་ཡོད།

དེ་ཡང་སྨན་སློབ་སྐབས་ ༢༡ སློབ་མ་རྣམས་ཀྱི་ནང་ནས། སྨན་སློབ་ངག་དབང་བསྟན་འཛིན་དང་། སྨན་སློབ་ Maria Chumitova  སྨན་སློབ་བསོད་ནམས་ཆོས་སྒྲོན། སྨན་སློབ་འཆི་མེད་ལྷ་མོ། སྨན་སློབ་བསྟན་འཛིན་ཆུང་རྟགས། སྨན་སློབ་འཇམ་དབྱངས་ཆོས་སྒྲོན། སྨན་སློབ་བསྟན་འཛིན་ངག་དབང་བཅས་བདུན་གྱིས་ཟླ་ ༡༡ ཚེས་ ༢༢ ནས་ ༢༥ བར་དཔལ་ལྡན་རྒྱུད་གསུམ་བློ་རྒྱུགས་འཐུས་ཚང་ཕུལ་ཡོད། རྒྱུད་གསུམ་བློ་རྒྱུགས་འབུལ་མཁན་བདུན་ནས་དྲུག་བོད་རིགས་ཡིན་ལ། ཨུ་རུ་སུའི་བུ་མོ་སྨན་སློབ་ Maria Chumitova  ནི་ད་བར་འགྲོ་ཕན་སྨན་རྩིས་ཁང་དུ་རྒྱུད་གསུམ་བློ་རྒྱུགས་འབུལ་མཁན་ཕྱི་རྒྱལ་སྨན་སློབ་ཁོངས་ནས་གཉིས་པ་དེ་ཆགས་ཡོད།

བོད་ཀྱི་གསོ་བ་རིག་པའི་རྩ་གཞུང་དཔལ་ལྡན་རྒྱུད་བཞི་ནས་རྩ་རྒྱུད་དང་། བཤད་རྒྱུད། ཕྱི་མ་རྒྱུད་བཅས་རྒྱུད་གསུམ་ལ་རགས་པར་ཕྱེ་ན་རྩ་རྒྱུད་ལ་ལེའུ་དྲུག་དང་། བཤད་རྒྱུད་ལ་ལེའུ་སོ་གཅིག ཕྱི་མ་རྒྱུད་ལ་ལེའུ་ཉེར་བདུན་ཡོད་ལ་ཚིག་ཚོགས་ཁྱོན་བསྡོམས་བདུན་ཁྲི་དྲུག་སྟོང་ལྷག་ཙམ་ཡོད་པ་དེ་ཉིད་སྟན་ཐོག་གཅིག་གི་སྟེང་བློ་རྒྱུགས་འབུལ་ན་དུས་རྒྱུན་ཕལ་ཆེར་ཕྱག་ཚོད་གསུམ་ནས་བཞི་ཙམ་འགོར་བ་ཡིན་མོད་ཀྱང་ད་ཐེངས་སློབ་མ་རེ་ཟུང་གིས་ཕྱག་ཚོད་གཉིས་དང་ཕྱེད་ཀའི་ནང་ཚུན་འབུལ་ཐུབ་པ་ཡང་བྱུང་ཡོད།།








མཐའ་མའི་འདོན་ཐེངས་།: 30.03.2023 ཉིན། 4:26 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།