སྨན་སློབ་གསར་བསྡུའི་གསལ་བསྒྲགས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.08.2015 |
བོད་ཀྱི་སྨན་རྩིས་མཐོ་རིམ་སློབ་གཉེར་ཁང་དུ་སྨན་སློབ་གསར་བསྡུའི་གསལ་བསྒྲགས།
ཕྱི་ལོ་ ༢༠༡༦ ནང་སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་གྲངས་༢༨ ཡིག་རྒྱུགས་རིམ་པ་གཉིས་ཀྱི་ལམ་ནས་འདེམས་སྒྲུག་བྱ་རྒྱུ་ལགས་ན། བོད་ཀྱི་གསོ་བ་རིག་པར་སློབ་གཉེར་གནང་འདོད་ཡོད་པ་དང་གཤམ་གསལ་ཆ་རྐྱེན་ཚང་བ་རྣམས་ཀྱིས་འཛུལ་ཞུགས་འགེངས་ཤོག་བསྐང་སྟེ་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡ ནས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༣༡ ཉིན་འགེངས་ཤོག་འདི་ག་སྨན་རྩིས་མཐོ་སློབ་ཡིག་ཚང་དུ་འབྱོར་ཐུབ་པ་དགོས་པ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༣༠ ནས་ཟླ་ ༥ ཚེས་ ༢ བར་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ཡིག་རྒྱུགས་རིམ་པ་དང་པོ་གཏོང་བར་ངེས་པར་ཕེབས་དགོས་པ་ཡིན།
ས་མིག་དང་སློབ་མའི་གྲངས་ཚད།
ཀ༽ གཏན་སློབ་ཁོངས་བུའི་ས་མིག……......................................................................༩
ཁ༽ གཏན་སློབ་ཁོངས་བུ་མོའི་ས་མིག..........................................................................༩
ག༽ ཧི་མ་ལ་ཡའི་རི་བརྒྱུད་ལ་ས་མིག..........................................................................༢
ང༽ སྨན་རྩིས་ལས་བྱེད་བུ་ཕྲུག་ལ་ས་མིག.....................................................................༢
ཅ༽ བོད་ནས་གསར་འབྱོར་ལ་ས་མིག.........................................................................༣
ཆ༽ བཙུན་པའི་ས་མིག...........................................................................................༡
ཇ༽ བཙུན་མའི་ས་མིག...........................................................................................༡
ཉ༽ ཕྱི་རྒྱལ་མི་རིགས་ལ་ས་མིག................................................................................༡
ཡིག་རྒྱུགས་རིམ་པ་དང་པོའི་བརྒྱ་ཆའི་ཐོབ། ༡༠༠
༡ སུམ་རྟགས་ལ་ཐོབ།.............................................................................................༢༠%
༢ སྤྱིའི་ཤེས་བྱ་ལ་ཐོབ།............................................................................................༢༠%
༣ རྩོམ་ཡིག་ལ་ཐོབ།................................................................................................༢༠%
༤ དབྱིན་ཡིག་ལ་ཐོབ།..............................................................................................༢༠%
༥ དྲི་བ་དྲིས་ལན་ལ་ཐོབ།.........................................................................................༢༠%
༦ ཚན་རིག་སློབ་ཕྲུག་Biology (PCB) ལ་དམིགས་བསལ་ཐོབ།........................................༥%
༧ ཡིག་རྒྱུགས་རིམ་པ་དང་པོའི་རྒྱུགས་འབྲས་དམའ་མཐར་བརྒྱ་ཆ་ལྔ་བཅུ་ལོན་པ་ལས་ས་དམིགས་སོ་སོ་ནས་ལྡབ་རེ་རྩེ་བཏོག་ བརྒྱབས་པ་རྣམས་ལ་ཟབ་སྦྱོང་ཉིན་བཅུའི་རྗེས། ཡིག་རྒྱུགས་རིམ་པ་གཉིས་པའི་རྒྱུགས་འབྲས་སྡོམ་སྟེ་ཆ་བགོས་ས་མིག་ལྟར་སློབ་བཞེས་ གནང་རྒྱུ།
ཡིག་རྒྱུགས་རིམ་པ་གཉིས་པའི་བརྒྱ་ཆའི་ཐོབ། ༥༠
༡ བློར་འཛིན་ལ་ཐོབ།.............................................................................................༢༥%
༢ གཏམ་བཤད་ལ་ཐོབ།...........................................................................................༢༥%
བོད་ཕྲུག་རྣམས་ལ་སློབ་འཇུག་གི་དགོས་ངེས་ཆ་རྐྱེན།
ཀ༽ དོ་བདག་ནས་བཙན་བྱོལ་བོད་མིའི་དང་བླངས་དཔྱ་ཁྲལ་དུས་ཐོག་ཕུལ་ཡོད་པའི་ས་གནས་རང་བདེན་ཚོགས་ཆུང་གི་རྒྱབ་གཉེར་དགོས།
ཁ༽ བུ་ལོན་སྒྲུབ་འཇལ་དགོས་པའི་རྙོག་གླེང་དང། བོད་ཀྱི་རྩ་དོན་ལ་གནོད་གཞིའི་བྱ་སྤྱོད་རིགས་སྤེལ་མྱོང་མེད་པའི་ས་གནས་འགོ་འཛིན་དང། ས་གནས་འགོ་འཛིན་མེད་སར་ས་གནས་རང་བདེན་ཚོགས་ཆུང་གི་རྒྱབ་གཉེར་དགོས།
ག༽ ༢༠༡༦ ཟླ་༣ ཚེས་༣༡ ཉིན་རང་ལོ་ཉེར་ལྔ་ལས་མ་བརྒལ་བ་དགོས།
ང་༽ གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ངེས་པར་ཡོད་དགོས།
ཅ༽ རང་ཉིད་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པ་ཚད་ལྡན་གྱི་རྒྱབ་གཉེར་དགོས་པ་དང། ཡིག་རྒྱུགས་རིམ་པ་གཉིས་པའི་སྐབས་བདེ་ལེགས་སྨན་ཁང་གི་བརྟག་དཔྱད་གྲུབ་འབྲས་གཞི་རྩར་འཛིན་རྒྱུ་ཡིན།
ཆ༽ རིག་འཚོ་མ་ཟིན་པ་དང། དབང་པོ་དང་ཡན་ལག་སྐྱོན་ཅན་མ་ཡིན་པ།
ཇ༽ དམའ་མཐར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་དང། སློབ་གྲྭ་གང་ནས་ཐོན་པའི་ངོས་སྦྱོར། རྒྱུགས་འབྲས་ཐོབ་ཁྲ། སྤྱོད་ལམ་གྱི་ལག་འཁྱེར་བཅས་དགོས། འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གཏོང་བཞིན་པ་རྣམས་ལ་གོང་འཁོད་ལག་འཁྱེར་རྣམས་ཡིག་རྒྱུགས་གྲུབ་འབྲས་ཐོན་རྗེས་འབུལ་འཐུས་ཆོག་ཀྱང་སློབ་གྲྭ་སོ་སོའི་ངོས་སྦྱོར་རེ་འདི་གར་ངེས་པར་དུ་འབུལ་དགོས།
ཉ༽ གསར་ཞུགས་སློབ་མ་གང་ཞིག་ཉམ་ཐག་ཡིན་ཚེ། བོད་མིའི་སྒྲིག་འཛུགས་ཀྱི་ནང་ཤེས་འཕྲོད་གསུམ་གྱི་ཉམ་ཐག་ཐོ་འགོད་ནང་ཉམ་ཐག་ཡིན་པའི་རྒྱབ་གཉེར་ངེས་པར་དུ་ཡོད་དགོས།
ཏ༽ བོད་ནས་གསར་དུ་འབྱོར་བ་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་གསུམ་མ་འཁོར་བ་དང། གཞི་རིམ་སློབ་གྲྭར་འགྲོ་བཞིན་པའི་ཁོངས་མ་ཡིན་ཚེ་སྣེ་ལེན་ཁང་གི་འབྱོར་ཚེས་འཁོད་པའི་ངོས་སྦྱོར་ངེས་པར་དགོས་པ་ཡིན།
ཧི་མ་ལ་ཡའི་རི་བརྒྱུད་དང་ཕྱི་རྒྱལ་མི་རིགས་རྣམས་ལ་སློབ་འཇུག་གི་དགོས་ངེས་ཆ་རྐྱེན།
ཀ༽ བོད་ཀྱི་སྨན་རྩིས་རིག་པར་སློབ་གཉེར་བྱེད་འདོད་མཆིས་པའི་ཕྱི་རྒྱལ་བ་དང་ཧི་མ་ལ་ཡའི་རི་བརྒྱུད་ཁོངས་ཀྱི་སློབ་མ་རྣམས་ལ་དམའ་མཐར་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་ངེས་པར་དགོས།
ཁ༽ སློབ་ཕྲུག་སྤྱི་མཚུངས་ལྟར་ཚུད་རྒྱུགས་ངེས་པར་འབུལ་དགོས།
ག༽ ཕྱི་རྒྱལ་སློབ་ཕྲུག་ཚོར་རང་ཉིད་གནས་ཡུལ་རྒྱལ་ཁབ་དེའི་ནང་ངམ། ཉེ་འཁོར་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཡོད་ན་དང་། དེ་ མིན་བོད་དོན་རྒྱབ་སྐྱོར་ཚོགས་པ་གང་རུང་གི་རྒྱབ་གཉེར་དགོས།
ང་༽ རྒྱ་གར་དུ་ལོ་བདུན་སློབ་སྦྱོང་བྱེད་ཆོག་པའི་སློབ་གཉེར་མཐོང་མཆན་Student Visa ངེས་པར་དུ་ཡོད་དགོས་པ་དང། དུས་ཚོད་ཕར་འགྱངས་བྱ་རྒྱུ་སོགས་དོ་བདག་སོ་སོས་འགན་ལེན་བྱེད་དགོས་པ་ལས་མཐོ་སློབ་ནས་འགན་ལེན་ཞུ་རྒྱུ་མིན།
ཅ༽ ཧི་མ་ལ་ཡ་རི་བརྒྱུད་ཀྱི་སློབ་ཕྲུག་རྣམས་ལ་རང་ཉིད་གནས་ཡུལ་མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱིས་དགག་བྱ་མེད་པའི་རྒྱབ་གཉེར་ཚད་ལྡན་དགོས་པའི་ཐོག་འོས་འཕེན་ལག་འཁྱེར་Voting card ངོ་མ་ངེས་པར་དུ་ཡོད་དགོས།
འཛུལ་རྒྱུགས་འགེངས་ཤོག་འབྱོར་ཚེས་མཐའ་མ།
༡། ཕྱི་ལོ་༢༠༡༥ ཟླ་༩ ཚེས་༡ ནས་ཕྱི་ལོ་༢༠༡༦ ཟླ་༣ ཚེས་༣༡ བར་འཛུལ་རྒྱུགས་འགེངས་ཤོག་བསྡུ་ལེན་བྱ་རྒྱུ་དང་། དེ་ལས་བརྒལ་ཚེ་ངོས་ལེན་ཞུ་རྒྱུ་མིན།
༢། འཛུལ་རྒྱུགས་གཏོང་འདོད་ཡོད་པ་རྣམས་ཀྱིས་བོད་ཀྱི་སྨན་རྩིས་མཐོ་སློབ་ཡིག་ཚང་ནས་འགེངས་ཤོག་བཞེས་རྒྱུའམ། གཤམ་འོག་སྦྲེལ་ཐག་ནས་ཐད་ཀར་ཕབ་བཤུས་གནང་དགོས། འགེངས་ཤོག་ནང་དོན་འཚེམས་ལུས་མེད་པར་བཀང་སྟེ་གོང་གསལ་དུས་བཀག་ནང་མཐོ་སློབ་དྲུང་ཡིག་སར་འབྱོར་ཐུབ་པ་བྱེད་དགོས།
༣། འཛུལ་རྒྱུགས་འགེངས་ཤོག་སྦྲག་ཐོག་གམ་མི་འགྲོ་བརྒྱུད་ནས་བཏང་སྟེ་ལམ་བར་བོར་བརླག་སོང་རིགས་འདི་ནས་འགན་ལེན་བྱ་རྒྱུ་མིན།
ཡིག་རྒྱུགས་རིམ་པ་དང་པོའི་གཏོང་ཡུལ་དང་ཟླ་ཚེས།
༡། འཛུལ་རྒྱུགས་གཏོང་ཡུལ་དྷ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་ཡིན།
༢། ཡིག་ཚད་གཏོང་དུས་ཕྱི་ལོ་༢༠༡༦ ཟླ་༤ ཚེས་༣༠ ནས་ཟླ་༥ ཚེས་༢ བར་ཡིན།
ཡིག་རྒྱུགས་རིམ་པ་གཉིས་པའི་གཏོང་ཡུལ་དང་ཟླ་ཚེས།
༡། འཛུལ་རྒྱུགས་གཏོང་ཡུལ་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་ཡིན།
༢། ཡིག་ཚད་གཏོང་དུས་ཕྱི་ལོ་༢༠༡༦ ཟླ་༥ ཚེས་༢༠དང་༢༡ གཉིས་ཡིན།
འཛུལ་ཞུགས་འགེངས་ཤོག
འཛུལ་ཞུགས་འགེངས་ཤོག་འདིར་ནོན་ནས་ཕབ་ལེན་གནང་རོགས།
འབྲེལ་བ་གནང་ཡུལ།
College Secretary
Tibetan Medical & Astro. College
Men-Tsee-Khang, Gangchen Kyishong
Dharamsala – 176215
Distt.Kangra (H.P) INDIA
Email: admission@men-tsee-khang.org
Tel: 0091-1892-223113/223222
མཐའ་མའི་འདོན་ཐེངས་།: 04.09.2015 ཉིན། 12:59 PM
<< སྔ་མ།