སྨན་རྩིས་དྲ་བ། - མདུན་ངོས།

སྨན་སྐོར་འགྲོ་ས་གསར་པ་འགོ་འཛུགས་ཞུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.06.2019
མདུན་ངོས། >>


སྨན་སྐོར་འགྲོ་ས་གསར་པ་འགོ་འཛུགས་ཞུས།

ནུབ་བང་གྰལ་མངའ་སྡེའི་ས་ལུ་སྒ་རའི་ཡན་ལག་སྨན་རྩིས་ཁང་ནས་དེ་སྔོན་ཟླ་རེ་མཚམས་སུ་རྒྱ་གར་དང་འབྲུག་གི་ས་མཚམས་ཇཡ་གྰཾབ་ཞེས་པར་སྨན་སྐོར་དུ་འགྲོ་སྲོལ་ཡོད་ཀྱང་། འདི་ལོའི་ཟླ་ ༤ ཚེས་ ༡ ནས་ས་གནས་དེར་ཡན་ལག་སྨན་རྩིས་ཁང་དངོས་སུ་དབུ་འབྱེད་བྱས་ཤིང་ནད་པར་བརྟག་དཔྱད་སྨན་བཅོས་ཀྱི་འཕྲོད་བསྟེན་ཞབས་འདེགས་ཡན་ལག་སྨན་ཁང་སྤྱི་མཚུངས་བཞིན་འགྲོ་མུས་སུ་ཡིན།  དེར་བརྟེན་ས་ལུ་སྒ་རའི་ཡན་ལག་སྨན་ཁང་ནས་རྒྱ་བལ་ས་མཚམས་གལ་གལིཡྰ། བྷྰཏ་གྰཾབ་(Galgalia Bhatgaon)ཞེས་པ་སྨན་སྐོར་འགྲོ་ཡུལ་ས་གནས་གསར་པ་དེར་འཕྲོད་བསྟེན་ཞབས་འདེགས་ཞུ་རྒྱུ་ཡིན་པ་གཏན་ཁེལ་འདུག འདིའི་ཐད་ས་ལུ་སྒ་རའི་ཡན་ལག་སྨན་ཁང་འགན་འཛིན་སྨན་རམས་པ་འཇམ་དབྱངས་སྒྲོལ་མ་ལགས་ཀྱིས་གསུངས་དོན། ཇཡ་གྰཾབ་དུ་ཡན་ལག་སྨན་ཁང་གསར་འཛུགས་བྱུང་རྗེས་དེར་སྨན་སྐོར་འགྲོ་མི་དགོས་སྟབས། ང་ཚོས་འདི་ནས་སྨན་སྐོར་བྱེད་ཡུལ་ས་གནས་གཞན་ཞིག་གོ་སྒྲིག་ཞུས་པ་ཡིན། རྒྱུན་ལྡན་བལ་ཡུལ་ཁུལ་ནས་ཀྱང་བོད་སྨན་བསྟེན་མཁན་ནད་པ་མང་པོ་ཡོང་བཞིན་ཡོད་པ་དེ་དག་ལ་དམིགས་ཏེ Mangal Seva Samiti (བཀྲ་ཤིས་ཞབས་ཞུ་ལྷན་ཚོགས།)ཞེས་ཚོགས་པ་དེའི་འགན་འཁུར་བ་ཁོང་ཚོའི་བརྒྱུད་འདི་ཟླའི་ཚེས་ ༡༥ ཉིན་ས་གནས་སུ་སྨན་སྐོར་དབུ་འབྱེད་མཛད་སྒོ་མདོར་བསྡུས་ཤིག་བསྐྱངས་ཡོད་ལ། ནད་པར་བརྟག་དཔྱད་སྨན་བཅོས་ཀྱང་དངོས་སུ་འགོ་འཛུགས་ཞུས་པ་ཡིན་ཞེས་གསུངས་སོང་།

དེ་ནི་རྒྱ་གར་བལ་ཡུལ་ལམ། བལ་ཡུལ་རྒྱ་གར་མཛའ་འབྲེལ་ཚོགས་པས་གཞོགས་འདེགས་ཤིང་ Mangal Seva Samiti ཡིས་གོ་སྒྲིག་ཐོག་ཀིཤན་གཾཅ་རྫོང་ཁོངས་གལ་གལིཡྰ་ས་མཚམས་སུ་ཆགས་པའི་དུརྒྰ་ལྷ་མོའི་ཁང་གི་ཉེ་འགྲམ་དུ་ཟླ་རེ་འཆར་ཅན་སྨན་སྐོར་བསྐྱོད་རྒྱུ་ཡིན་འདུག ཟླ་འདིའི་ཚེས་ ༡༥ ཉིན་སྨན་སྐོར་དབུ་འབྱེད་མཛད་སྒོའི་སྐབས་རྒྱ་བལ་གཉིས་ཀྱི་ས་གནས་དེ་གའི་གནད་ཡོད་མི་སྣ་མང་དག་ཅིག་ཕེབས་ནས་དགའ་བསུའི་གསུང་བཤད་གནང་ཡོད་ལ་ས་གནས་མང་ཚོགས་ནས་ཀྱང་མཉམ་ཞུགས་གནང་ཡོད།།

     
        

     





མཐའ་མའི་འདོན་ཐེངས་།: 26.06.2019 ཉིན། 10:43 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།