སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་སློབ་མར་ཚན་རིག་གི་ཟབ་སྦྱོང་ཐེངས་གཉིས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 21.06.2014
མདུན་ངོས། >>

 

སྨན་རྩིས་སློབ་མར་སྨན་གྱི་ཚན་རིག་གི་ཟབ་སྦྱོང་ཐེངས་གཉིས་པ།


ཕྱི་ལོ་༢༠༡༤ ཟླ་བ་༦ ཚེས་༡༠ ཉིན་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་སྨན་རྩིས་མཐོ་སློབ་ཁང་གཉིས་མཉམ་འབྲེལ་ཐོག་ཚན་རིག་གི་ཟབ་སྦྱོང་ཐེངས་གཉིས་པ་དབུ་ཚུགས་ཞུས་འདུག
ཚན་རིག་ཟབ་སྦྱོང་གི་ལས་འཆར་དེ་བཞིན་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་གཉིས་ཟུང་འབྲེལ་བགྱིས་ཏེ། སྨན་རྩིས་སློབ་གཉེར་བ་རྣམས་རིག་གསར་ཚན་རིག་ལ་གོ་རྟོགས་དང་རྒྱུས་ལོན་གང་ལེགས་ཡོང་ཕྱིར་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག ཟབ་སྦྱོང་ཐེངས་དང་པོ་དེ་འདས་ལོའི་ཟླ་བ་༦ པའི་ཚེས་༡༠ ནས་༢༢ བར་ཁྱོན་ཉིན་གྲངས་བཅུ་གཉིས་རིང་སློབ་འཁྲིད་གནང་ཡོད་པ་དང་། མཐར་ཡིག་རྒྱུགས་བཏང་སྟེ་གྲུབ་འབྲས་གང་ལེགས་བྱུང་བར་བརྟེན་ལོ་ལྟར་ཟབ་སྦྱོང་སྤྲོད་རྒྱུར་ཐུགས་གཏན་འཁེལ་འདུག

ཐེངས་འདིའི་ཚན་རིག་ཟབ་སྦྱོང་དེ་ཚོགས་རིམ་མི་འདྲ་བ་གཉིས་ལ་ཆ་བགོས་བྱས་ཏེ། ཚོགས་རིམ་དང་པོ་དེ་བཞིན་འདི་ཟླའི་ཚེས་༡༠ ནས་༡༤བར་ཉིན་གྲངས་ལྔའི་རིང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེན་མོ་བ་ཨེཌྦར་གྲི་ཕེ་ཀྲ་ས་(Dr Edward Pettus) དང་མིའི་ནཱ་ཁན་ནན་(Dr Meena Kannan) མཆོག་གཉིས་ཀྱིས་ལུས་ཀྱི་གནས་ལུགས་དང་མཚན་ཉིད་རིག་པའི་ཐོག་ཉིན་རེར་ཚོགས་ཐེངས་བཞི་སློབ་འཁྲིད་དང་མཐར་རྒྱུགས་བཞེས་གནང་འདུག ཚོགས་རིམ་གཉིས་པ་དེ་འདི་ཟླའི་ཚེས་༡༧ ནས་༢༡བར་ཉིན་གྲངས་ལྔའི་རིང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་ཆེ་མོ་བ་རི་ཅར་གྲི་ཕི་ཏྲ་མན་(Dr Richard Pittman )དང་ཇོན་ན་ཐན་ ཕ་ལེའ་ཁར་(Dr Jonathan Flacker) གཉིས་ཀྱིས་ནད་ཁམས་རྗས་འགྱུར་རིག་པ་དང་བརྟག་ཐབས་རིག་པའི་ཐོག་ཉིན་རེར་ཚོགས་ཐེངས་བཞི་སྨན་སློབ་ཁོ་ནར་སློབ་འཁྲིད་གནང་འདུག་པ་དང་ཡིག་རྒྱུགས་ཀྱང་བཏང་གནང་འདུག

ཐེངས་འདིའི་ཟབ་སྦྱོང་གི་འབྲེལ་མཐུད་པ་སྨན་རྩིས་མཐོ་སློབ་ཁང་གི་སྨན་པ་རྣམ་སྒྲོལ་ལྷ་མོ་དང་ཨེ་མོ་རི་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་བ་གསུམ་ནས་གནང་འདུག དེ་བཞིན་ཟབ་སྦྱོང་སྐབས་སྐད་སྒྱུར་དྷ་ས་བོད་ཀྱི་དཔེ་མཛོད་ཁང་ནས་གདན་ཞུས་གནང་འདུག

མཐའ་མའི་འདོན་ཐེངས་།: 23.06.2014 ཉིན། 4:45 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།