སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.04.2016 |
<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>
སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན་གྱི་འཕེལ་རིམ་དང་གནས་བབས།
ཐོག་མའི་མིང་དང་མགོ་འཛུགས་ཀྱི་བྱུང་རིམ་སྐོར།
སྡེ་ཚན་འདིའི་ཐོག་མའི་འབྱུང་ཁུངས་ཡང་སྔར་ཉམས་ཞིབ་སྡེ་ཚན་ཞིག་ཡོད་པ་དེ་ནས་རིམ་པས་སྡེ་ཚན་ཟུར་དུ་ཆགས་པ་ཞིག་ཡིན་ཞིང་། ལས་གཞི་འདྲ་མིན་དང་འབྲེལ་མིང་བསྒྱུར་སྣ་ཚོགས་བྱས་ཡོད། དེ་ཡང་ཐོག་མའི་མིང་དུ་གནས་ཚུལ་ཕྱོགས་བསྒྲིགས་དང་པར་བསྐྲུན་སྡེ་ཚན་ཞེས་ཟེར་བ་དང་། (དེའི་རྗེས་སུ་བསྡུས་མིང་ལ་གནས་དཔར་སྡེ་ཚན་ཡང་ཟེར།) ཐོག་མར་མགོ་བཙུགས་པའི་སྐབས་ནི་སྐུ་ངོ་ཚེ་རིང་བཀྲ་ཤིས་ཀྱི་དུས་སུ་ཡིན་ཅིང་། ཕྱི་ལོ་ ༡༩༩༥ ཟླ་ ༤ ཚེས་ ༢ ཉིན་སྡེ་ཚན་འདི་ཐོག་མར་གནས་ཚུལ་ཕྱོགས་སྒྲིག་དང་དཔར་བསྐྲུན་སྡེ་ཚན་ཞེས་པའི་མཚན་བྱང་འོག་དབུ་བརྙེས། སྐབས་དེར་འགན་འཛིན་དུ་སྨན་རམས་པ་བློ་བཟང་ཆོས་འཕེལ་ལགས་དང་། འགན་འཛིན་གཞོན་པར་རྒྱལ་མཚན་ལགས་བསྐོ་བཞག་བྱས། དེ་ནས་ཕྱི་ལོ་ ༡༩༩༥། ༨། ༤། ཉིན་དགེ་འདུན་དཔལ་བཟང་སྡེ་ཚན་གྱི་ལས་བྱེད་དུ་བསྐོ་བཞག་བྱས། སྐབས་དེར་སྡེ་ཚན་གྱི་ལས་གཞི་ནི་སྨན་རྩིས་དང་འབྲེལ་བའི་ཡིག་ཆ་དང་འཚོལ་བསྡུ་དང་གནས་ཚུལ་ཕྱོགས་བསྒྲིགས་བྱེད་རྒྱུ་དང་། སྨན་དཔེ་དང་ཡིག་ཆའི་རིགས་པར་བསྐྲུན་བྱེད་རྒྱུ་དེ་ཡིན། ད་དུང་དེའི་ཐོག་ཟླ་གསུམ་གསར་འཕྲིན་རེ་ཡང་འདོན་སྤེལ་བྱེད་རྒྱུ་བཅས་ཡིན་པ་བཞིན། དེ་དག་གི་རྩོམ་སྒྲིག་པར་རྒྱལ་མཚན་བསྐོ་བཞག་བྱས།
ཕྱི་ལོ་ ༢༠༠༤ ཟླ་ ༤ ཚེས་ ༡ ཉིན། (སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན།) དུ་མིང་བསྒྱུར་བྱས། དེའི་རྐྱེན་གྱིས་སྡེ་ཚན་འདིའི་ཁོངས་སུ་མིང་དོན་རྗེས་འབྲེལ་གྱིས་སྔར་ཡོད་ཀྱི་སྐར་རྩིས་པ་ཡང་རང་སོར་བཞག་གནང་མཛད་ཡོད་ཀྱང་། དེའི་རྗེས་ཀྱི་ཉིན་གྲངས་བཅོ་ལྔའི་རྗེས་སུ་སྡེ་ཚན་འགན་འཛིན་སྐབས་གཉིས་པ་སྨན་རམས་པ་ཚེ་རིང་རྡོ་རྗེ་ནས་ངེད་ཀྱིས་སྐར་རྩིས་སྐོར་ལ་གང་ཡང་ཤེས་ཀྱི་མེད་ཚུལ་སོགས་བརྗོད་དེ་སྐར་རྩིས་པ་གཉིས་པོ་དེའི་རྗེས་ཀྱི་ཟླ་བ་ལྔ་བ་ནས་སྐར་རྩིས་སྡེ་ཚན་ལ་བཏང་བ་དང་། ལས་དོན་ཐད་ལ་ཞིབ་འཇུག་གི་ལས་གཞི་རང་སོར་གནས་རྒྱུ་གཏན་འབེབས་དང་ལས་འཆར་ཡང་སྨན་རྩིས་རིག་གཞུང་ཞིབ་འཇུག་གི་ཁོངས་སུ་བཞག་འདུག དེ་ནས་སྐར་རྩིས་པ་ཀུན་གྱིས་ཞིབ་འཇུག་བྱ་ཡུལ་སྐོར་ལ་གྲོས་བསྡུར་བྱས་མཐར་སྐར་རྩིས་འགན་འཛིན་ནས་སྐར་རྩིས་པ་གཉིས་སྐར་རྩིས་སྡེ་ཚན་དུ་འཇོག་གནང་དང་འབྲེལ་ཁོངས་སྔར་རྒྱུན་འཇོག་རྒྱུ་གཏན་ཁེལ། ལོ་དེའི་ཟླ་ ༥། ༡། ནས་སྐར་རྩིས་ཞིབ་འཇུག་པ་གཉིས་སྐར་རྩིས་སྡེ་ཚན་ཁོངས་སུ་ཟླ་བསྒྲིལ་བཏང་སྟབས་སྡེ་ཚན་འདིའི་སྔར་གྱི་མིང་དེ་ལའང་དོན་མཐུན་གྱི་འགྱུར་བ་བཏང་ནས་ ༼གསོ་རིག་ཞིབ་འཇུག་སྡེ་ཚན༽ ཞེས་བརྗོད་རྒྱུ་ནང་ཁུལ་ནས་གཏན་འཁེལ་བྱས་ཏེ་གསོ་རིག་ཞིབ་འཇུག་སྡེ་ཚན་ལ་མིང་བསྒྱུར་བྱས་པ་ཙམ་ལས་ཡོངས་གསལ་བཏང་མེད།
ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༡༨ ཉིན་རིག་གཞུང་ལྷན་ཚོགས་ཐེངས་བཅུ་དགུ་པའི་ཐོག་སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན་ཞེས་ཐག་གཅོད་གཏན་འབེབས་གནང་། དེའི་རྗེས་ནས་ཕྱི་ལོ་ ༢༠༡༡། ༤། ༡། སྨན་རྩིས་དྲ་བ་བཟོ་བསྐྲུན་ལེགས་གྲུབ་བྱུང་བ་དང་བསྟུན་ནས་སྔར་གྱི་མིང་སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན་ཞེས་བརྗོད་རྒྱུ་གཏན་ཁེལ་བ་དང་སྡེ་ཚན་ཁོངས་སུ་སྐར་རྩིས་ཞིབ་འཇུག་པ་ཡང་འཇོག་རྒྱུ་གཏན་ཁེལ་བ་བཞིན་སྐར་རྩིས་པ་གཉིས་བསྐོ་བཞག་བྱས་ཏེ་སྨན་རྩིས་རིག་གཞུང་ཞིབ་འཇུག་གི་ངོ་བོར་གནས་ཤིང་མིང་དོན་མཚུངས་པར་གྱུར།
འགན་འཛིན་གྱི་རིམ་པ།
༡། སྨན་རམས་པ་བློ་བཟང་ཆོས་འཕེལ། ༡༩༩༥། ༥། ༡། - ༢༠༠༡། ༨། ༢༡ བར།
༢། སྨན་རམས་པ་ཚེ་རིང་རྡོ་རྗེ། ༢༠༠༡། ༨། ༢༡། - ༢༠༠༥། ༣། ༩།
༣། སྨན་རམས་པ་པདྨ་རྡོ་རྗེེ། ༢༠༠༥། ༣། ༩། - ༢༠༠༨། ༡༠། ༡།
(བར་སྐབས་འདི་ལ་སྨན་རམས་པ་བླ་ཞབས་སྤེན་པ་ཚེ་རིང་གིས་ཕྱི་ལོ་ ༢༠༠༨། ༤། ༡ ནས་ཟླ་དྲུག་རིང་སྒེར་དགོངས་ཞུས་པ་དང་། ཕྱི་ལོ་ ༢༠༠༨། ༡༠། ༡ སླར་ཡང་རྒན་ཡོལ་སྔ་བསྣུར་ཞུས་པ་དང་། དེ་ལྟར་ཞུ་དགོས་པའི་རྒྱུ་རྐྱེན་མང་པོ་ཞིག་འཕྲད་པ་དང་། སྨན་རམས་པ་པདྨ་རྡོ་རྗེ་ལགས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡ ནས་སྨན་རྩིས་ཁང་མཁས་པའི་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་བསྐོ་བཞག་གིས་དམིགས་བསལ་གསོ་རིག་ཞིབ་འཇུག་སྡེ་ཚན་དང་ནད་བཅོས་ཉམས་ཞིབ་སྡེ་ཚན། ཕབ་བསྒྱུར་སྡེ་ཚན་བཅས་ཀྱི་སློབ་སྟོན་པར་བསྐོ་བཞག་གནང་བ་དང་དེ་ནས་སྨན་རམས་པ་ཆོས་ལོ་ཐར་ཕྱི་ལོ་༢༠༠༨། ༡༠། ༩ ལ་འགན་ཚབ་ཏུ་བསྐོ་བཞག་བྱས། )
༤། སྨན་རམས་པ་ཆོས་ལོ་ཐར་ལགས་ནས་༢༠༠༩། ༣། ༢། -༢༠༡༠། ༧། ༡། (བར་འགན་ཁུར་ཞུས་པ་དང་འདི་ནས་ ༢༠༡༠། ༧། ༢༥ ནས་༢༠༡༡། ༡། ༢༥ བར་དུ་ཟླ་དྲུག་རིང་སྒེར་དགོངས་ཐོག་ནུབ་ཕྱོགས་ཁ་ན་ཌར་ཕྱིན། དེའི་རྗེས་ནས་དུས་མཚམས་རྫོགས་ཉེར་སྐབས་སླར་ཡང་ལོ་གཅིག་དང་ཕྱེད་ཀར་༢༠༡༢། ༧། ༢༥) སྒྲིག་གསལ་ཐོབ་ཐང་ལྟར་བསྐྱར་དུ་ཤེས་ཡོན་ཡར་རྒྱས་ཐད་དགོངས་པ་ཞུས་པར་བརྟེན་ཕྱི་ལོ་ ༢༠༡༠ ཟླ་༧ ཚེས་༡ ནས་སྡེ་ཚན་གྱི་ལས་དོན་ཆེ་ཕྲ་ཀུན་ལ་འགན་འཛིན་གཞོན་པ་དགེ་འདུན་འཇམ་དབྱངས་རྒྱ་མཚོ་ནས་འགན་ལེན་དང་མཇུག་སྐྱོང་འཆར་འགོད་བྱེད་བཞིན་ཡོད།)
དཔེ་རྒྱུན་དཀོན་རིགས་འཚོལ་བསྒྲུབ་དང་པར་བསྐྲུན།
སྡེ་ཚན་འདིའི་འགན་འཛིན་རིམ་བྱུང་གིས་སྐབས་སོ་སོར་སྡེ་ཚན་གྱི་སྐབས་འཕྲལ་ལས་དོན་རྣམས་གང་ནུས་བསྒྲུབས་ཡོད་ཅིང་། དེ་ཡང་སྡེ་ཚན་འདི་ནི་བོད་ཀྱི་གསོ་བ་རིག་པ་དང་རྩིས་རིག་པའི་གཞུང་ལུགས་ཏེ་སྔོན་བྱོན་མཁས་དབང་རྣམས་ཀྱི་དྲི་མ་མེད་པའི་བརྩམས་ཆོས་རིགས་ཕྱོགས་བསྒྲིགས་དང་ཞིབ་འཇུག འཚོལ་བསྡུ་བདག་ཉར་བྱེད་མཁན་གྱི་སྡེ་ཚན་ཞིག་ཡིན་པའི་ཆ་ནས་ལོ་མང་རིང་འདི་ནས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རིག་གཞུང་འདི་ཉིད་ཉམས་པ་སླར་གསོ་དང་། ཡོད་པ་རྒྱུད་འཛིན། མེད་པ་གསར་འདྲེན་བཅས་རྩ་དོན་དུ་བཟུང་སྟེ་རྒྱུན་ཆད་ལ་ཉེ་བའི་སྨན་རྩིས་གཞུང་ལུགས་དང་ཉམས་ཡིག་རིགས་འཚོལ་སྒྲུབ་དང་མྱུར་སྐྱོབ། ཞིབ་འཇུག་བྱེད་རྒྱུ་དང་། དེང་དུས་འཚོ་བཞུགས་ཡོད་པའི་བོད་ཕྱི་ནང་གི་མཁས་དབང་རྣམས་ཀྱི་བརྩམས་ཆོས་དང་ལོ་རྒྱུས་ཕྱོགས་བསྒྲིགས་དང་། ཞུ་དག་དཔར་སྐྲུན་སོགས་བྱེད་བཞིན་པ་དང་། གཞན་ཡང་སྨན་རྩིས་དང་འབྲེལ་བའི་བགྲོ་གླེང་དང༌། ཚོགས་འདུའི་ངོ་བོ། སྨན་རྩིས་པ་མཁས་དབང་རྒན་གྲས་རྣམས་ཀྱི་འདྲ་པར་དང་ལོ་རྒྱུས་བརྙན་ཕབ། སྨན་རྩིས་ཁང་གི་འདས་དང་ད་ལྟའི་ལོ་རྒྱུས་དང་འབྲེལ་ཡོད་ཀྱི་བརྙན་ཕབ་སྤྱིན་ཤོག་གསོག་ཉར་བཅས་བྱེད་བཞིན་པ་ལྟར་དཔེ་རྙིང་མཁོ་བསྒྲུབ་ཀྱི་ཆེད་དང་། དཔེ་རྒྱུན་ཆད་ལ་ཉེ་བའི་སྨན་རྩིས་རིག་པའི་བརྩམས་ཆོས་གྲགས་ཅན་ཁག་མྱུར་སྐྱོབ་ཆེད་བལ་ཡུལ་དང༌། འབྲས་ལྗོངས། འབྲུག་ཡུལ། ལ་དྭགས། སོག་ཡུལ་དང་ཨུ་རུ་སུ་སོགས་རྒྱ་ཁབ་ཕྱི་ནང་གང་སར་ཡོད་པའི་དགོན་སྡེ་དང་དཔེ་མཛོད་ཁང་རྣམས་ལ་ཐད་ཀར་འབྲེལ་གཏུགས་བྱས་ཏེ། དེ་དག་ཏུ་ཡོད་པའི་སྨན་རྩིས་རིག་པའི་དཔེ་དེབ་རྣམས་འཚོལ་ཞིབ་དང་།
ཡང་ན་མ་ཕྱི་གཡར་ཞུས་ཀྱིས་པར་བཤུས་དང་གློག་ཀླད་དུ་པར་འཇུག་སོགས་བྱས་པ་གཤམ་གསལ།
༡། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་རྒྱུད་ཀྱི་གཞུང་དང་འགྲེལ་པ་མུན་སེལ་སྒྲོན་མེ་ཞེས་བྱ་བ།
༢། གསོ་བ་རིག་པའི་མན་ངག་ཀུན་གྱི་གཅེས་བསྡུས་ཕན་བདེ་སྙིང་པོ་ཞེས་བྱ་བ། (མཚན་གཞན། འབྲི་གུང་གཅེས་བསྡུས། )
༣། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་དང་པོ་རྩ་བའི་རྒྱུད་ཀྱི་རྣམ་བཤད་ཞལ་ལུང་དོན་གསལ་ཞེས་བཻཌྰུརྱའི་འོད་ཟེར་རྣམ་པར་བཞད་པ་ཞེས་བྱ་བ།
༤། རྡོ་རྗེ་གཏུམ་པོ་ཁྱུང་ལྔའི་སྒྲུབ་ཐབས་གདུག་པ་ཅན་འཇོམས་པར་བྱེད་པ་རྡོ་རྗེ་ཕ་ལམ་ཞེས་བྱ་བ།(ཀུན་མཁྱེན་བཀའ་འབུམ་ནང་བཞུགས་ཡོད།)
༥། ཕྱག་བཞེས་འགའ་ཞིག་ཟིན་བྲིས་ཞེས་བྱ་བ། (འདིའི་ནང་དུ། སྲང་ཚད། ཅོང་ཞི་བསིལ་སྦྱོར། ཟུར་མཁར་བའི་རྡོ་ཞུན་རྒྱལ་པོའི་སྦྱོར་བ། བཅུད་ལེན་རོ་ཙའི་སྦྱོར་བ། འབའ་སམ་སྨན་མར། དངུལ་ཆུ་གཡའ་ཕྱིས་དུག་འདོན། གག་ལྷོག་གཉེན་གཟེར་སོགས། མུ་ཟི་འདུལ་ཐབས། ཙནྡན་མར་ཁུ་བཟོ་ཚུལ། གཏར་རྩའི་གྲངས། བླ་གནས་འཕོ་ཚུལ། བདུད་རྩི་ལྔ་ལུམས། རླངས་ལུམས། )
༦། དབང་པོ་རིལ་བུའི་མན་ངག་ཅེས་བྱ་བ།
༧། ཟུར་མཁར་བའི་ཁྱད་ཆོས་དུག་ཐབས་བདུད་རྩིའི་དགའ་སྟོན་ཞེས་བྱ་བ།
༨།མན་ངག་ལྷན་ཐབས་གསང་བའི་གབ་ཚིགས་བདུད་རྩི་གཏེར་ཆེན་བུམ་པ་མཁའ་འགྲོའི་གཏད་རྒྱའི་བྱ་མདུད་ཅེས་བྱ་བ། (མཚན་གཞན། ལྷན་ཐབས་ལྡེ་མིག) (དེབ་ཨང་ ༡༩ ནང་དུའང་བཞུགས་ཡོད།) (མ་དཔེ་ཆ་ཚང་བ་མེད།)
༩། ཤོག་དྲིལ་ཞེས་བྱ་བ།
༡༠། མན་ངག་ལྷན་ཐབས་ཀྱི་སྨན་མིང་གི་ངོ་སྤྲོད་ལག་ལེན་གྱི་རྒྱུན་མི་ཉམས་པའི་ཕྱིར་ཟིན་བྲིས་སུ་བཀོད་པ།
༡༡། ཉམས་ཡིག་བརྒྱ་རྩ།
༡༢། ཉེར་མཁོའི་སྨན་སྦྱོར་འཆི་མེད་བདུད་རྩིའི་བུམ་བཟང་།
༡༣། སྨན་སྦྱོར་བདུད་རྩིའི་ཐིག་ལེ། (ལྷ་ས་སྨན་རྩིས་ཁང་གི་ཤིང་དཔར། )
༡༤། སྨན་སྦྱོར་གྱི་ནུས་པ་ཕྱོགས་བསྡུས་ཕན་བདེའི་ལེགས་བཤད། (ལྷ་ས་སྨན་རྩིས་ཁང་གི་ཤིང་དཔར། )
༡༥། ནད་སྨན་སྤྲང་པོའི་ཉམས་ཡིག(ལྷ་ས་སྨན་རྩིས་ཁང་གི་ཤིང་དཔར། )
༡༦། འཚོ་བྱེད་ལས་དང་པོ་བ་ལ་ཉེ་བར་མཁོ་བའི་ཟིན་ཐིག་གཅེས་བར་བཏུས་པ་བདུད་རྩིའི་ཐིགས་པ།(ལྷ་ས་སྨན་རྩིས་ཁང་གི་ཤིང་དཔར།)
༡༧།གསོ་རིག་མན་ངག་གཅེས་བཏུས་ཀུན་འདུས་གཏེར་མཛོད་ཅེས་བྱ་བ།
༡༨། མཁས་པའི་མན་ངག་ཀུན་བཏུས་བདུད་རྩིའི་ཐིགས་པ་གསོ་རིག་དགོས་པ་ཀུན་འབྱུང་།།(པོད་དང་པོ་དང་གསུམ་པ་བཞུགས་ཡོད།)
༡༩། ནུས་པ་རྐྱང་སེལ་གྱི་སྨན་ངོ་གསལ་བྱེད།།
༢༠། འབྲོང་རྩེ་བེའུ་བུམ་ཆེན་མོ་ཞེས་བྱ་བ་ཤིན་ཏུ་ཟབ་པ་ཞེས་པ། (དེབ་ཨང་ ༢༧ ནང་དུའང་གཞུང་འདི་བཞུགས་ཡོད།)
༢༡། གསོ་དཔྱད་རྒྱལ་པོའི་དཀོར་མཛོད།
༢༢། རིན་ཆེན་འཁྲུངས་དཔེ། (གཞུང་འདི་དེབ་ཨང་ ༢༠ གཤམ་དུ་བཞུགས་ཡོད།)
༢༣། སྲིད་གསུམ་གཙུག་རྒྱན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཞལ་ལུང་དངུལ་ཆུ་བཙོ་ཆེན་རིལ་བུའི་སྦྱོར་སྡེབ་ཟླ་བ་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་ཛ་ཧ་རི།
༢༤། རིན་ཆེན་དངུལ་ཆུའི་སྦྱོར་བའི་རྟོགས་པ་བརྗོད་པའི་གཏམ། ངོ་མཚར་འཆི་མེད་གྲུབ་པའི་རྣ་རྒྱན་ཞེས་བྱ་བ།
༢༥། རིན་ཆེན་རིལ་བུ་རྣམས་ཀྱི་ཕན་ཡོན་དང་བསྟེན་ཚུལ་སྙིང་པོར་དྲིལ་བ་བདུད་རྩིའི་ཟླ་སྣང་ཞེས་བྱ་བ། ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོ་ཆོས་ཀྱི་གྲགས་པའི་གསུང་འབུམ་ (བ) པའི་ནང་དུ་རིན་ཆེན་སྨན་སྦྱོར་སྐོར་གསུང་རྩོམ་ཁག་ ༡༥ ཙམ་བཞུགས་ཡོད་པ་གཤམ་གསལ།
༢༦། རིན་ཆེན་གྲང་སྦྱོར་རིལ་ནག་གི་སྔོན་བྱུང་གླེང་གཞི་ཞེས་བྱ་བ།
༢༧། རིན་ཆེན་རིལ་ནག་ཆེན་མོའི་ཟིན་བྲིས་བརྟན་གཡོའི་བཅུད་བསྡུས་མཁས་པ་དགའ་བྱེད་ཅེས་བྱ་བ།
༢༨།རིན་ཆེན་གྲང་སྦྱོར་རིལ་ནག་གི་ཁ་སྐོང་ལྡུམ་སྨན་གྱི་མན་ངག་ཅེས་བྱ་བ།
༢༩། རིན་ཆེན་རིལ་བུ་འཐག་ཐབས་ཀྱི་ཞལ་གདམས་ཞེས་བྱ་བ།
༣༠། ཀོང་བུ་འདག་སྦྱོར་ཞལ་གདམས་ཞེས་བྱ་བ།
༣༡། རིལ་ནག་འབྲིང་པོ་དང་ཆུང་ངུའི་ཟིན་བྲིས་འཆི་བ་གཤོལ་འདེབས་ཞེས་བྱ་བ།
༣༢།གྲང་སྦྱོར་རིལ་ནག་དྲང་ངེས་བརྟག་པ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ།
༣༣། གྲང་སྦྱོར་རིལ་ནག་གི་ཕན་ཡོན་མོས་ལྡན་དགའ་བའི་དབྱར་རྔ་ཞེས་བྱ་བ།
༣༤། རིན་ཆེན་རིལ་བུ་གཏོང་ཚུལ་གྱི་ཟིན་བྲིས་ཞེས་བྱ་བ།
༣༥། རིན་ཆེན་རིལ་བུའི་ཆ་ལག་སྦྱར་དུག་གསོ་ཐབས་ཞེས་བྱ་བ།
༣༦།རིན་ཆེན་གྲང་སྦྱོར་རིལ་བུའི་ཆ་ལག་ཕྲན་བུའི་དུག་གསོ་ཐབས་ཞེས་བྱ་བ།
༣༧།རིན་ཆེན་ཚ་སྦྱོར་གྱི་ཟིན་བྲིས་གཅོང་ནད་བདེ་སྟེར་ཞེས་བྱ་བ།
༣༨། རིན་ཆེན་རིལ་ནག་ཆེ་འབྲིང་ཆུང་ངུའི་སྦས་དོན་གསལ་བྱེད་ནམ་མཁའི་ནོར་བུ་ཞེས་བྱ་བ།
༣༩། ཉེར་ལྔ་ཉི་ཤུ་རྩ་ལྔའི་སྦྱོར་བ་རིན་ཆེན་སྲོག་གི་རྒྱབ་རྟེན་ཞེས་བྱ་བ།
༤༠།རིམས་བཅོས་གུད་དུ་བཀོལ་བ་རིན་ཆེན་སྲོག་གི་ཞགས་པ་ཞེས་བྱ་བ།
༤༡། དངུལ་ཆུའི་ཞལ་གདམས་རོ་བཅུད་ཆེན་མོ་ཞེས་བྱ་བ།
༤༢། རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཟླ་ཤེལ་རིལ་བུའི་སྦྱོར་བ་དྲང་སྲོང་རྒྱུན་ཤེས་ཀྱི་ལུགས་ཁོལ་དུ་ཕྱུང་པ།
༤༣། རིན་པོ་ཆེའི་སྦྱོར་བའི་གཙོ་བོ་བདུད་རྩི་བཅུད་རྒྱལ་དངུལ་ཆུ་བཙོ་བཀྲུ་ཆེ་མོའི་ལག་ལེན་སྙིང་པོར་དྲིལ་བ་ཕན་བདེའི་གཏེར་མཛོད་ཅེས་བྱ་བ།
༤༤། རིལ་ནག་གསང་སྟོན་གསལ་བྱེད་འཆི་མེད་ནོར་བུ་ཞེས་བྱ་བ་བཞུགས་སོ། །
༤༥། ཚངས་པའི་ནོར་བུ་རིལ་ནག་ཀུན་འདུས་རྐང་གཉིས་བདེ་སྟེར་དཀར་ཆག་དག་སྣང་སྤྲོ་བྱེད་ཅེས་བྱ་བ།
༤༦། བིཥཏ་ཟི་མའི་སྦྱོར་བ་ཁྱད་དུ་འཕགས་པའི་ཟབ་གནད་གདམས་པ་ཞེས་བྱ་བ།
༤༧། རིན་ཆེན་རིལ་བུ་གཏོང་ལུགས་ཁྱད་བཅོས་མཁས་པའི་ཕྱག་ལེན་བཞུགས།
༤༨། དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཟ་འཆིང་གི་ལག་ལེན་གསང་མཛོད་སྦས་པའི་ལྡེ་མིག་ཅེས་བྱ་བ།
༤༩། བདུད་རྩི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྦྱོར་བས་གྲུབ་པའི་བཅུད་ལེན་ཏུ་བསྒྱུར་བའི་ལག་ལེན་རྣམ་པར་གསལ་བ་འཚོ་བྱེད་མཁས་པའི་སྙིང་བཅུད་ཅེས་བྱ་བ།
༥༠། སྨན་སྦྱོར་ཆེ་ཆུང་རྣམས་ལ་ཉེ་བར་མཁོ་བའི་ལྩགས་བརྒྱད་དང་ཁམས་བརྒྱད་ཀྱི་དུག་འདོན་ཐལ་སྨན་གྱི་ཆོ་ག་འཚོ་མཛད་མཁས་པའི་ཁྱད་ནོར་ཞེས་བྱ་བ། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་མཆོག་གི་གསུང་འབུམ་པོད་དྲུག་པའི་ནང་བཞུགས་སྨན་རྩོམ་ཁག་བདུན་བཞུགས་ཡོད།
༥༡། རིན་པོ་ཆེ་དང་ས་རྡོའི་རིགས་ཀྱི་སྨན་ངོ་ཤེས་པར་བྱེད་པའི་ཡིག་ཆུང་།
༥༢། ཤིང་ཐང་རྩི་གསུམ་གྱི་སྨན་ངོ་ཤེས་བྱེད་ཅེས་བྱ་བ།
༥༣། སྔོ་ཡི་རིགས་ཀྱི་སྨན་ངོ་ཤེས་བྱེད་ཅེས་བྱ་བ།
༥༤། ཚྭ་དང་སྲོག་ཆགས་ལས་འབྱུང་དང་ཐལ་བ་སོགས་ཀྱི་སྨན་ངོ་ཤེས་བྱེད་ཅེས་བྱ་བ།
༥༥། རྩ་བརྟག་ཚུལ་མདོར་བསྡུས་ཞེས་བྱ་བ། (དེབ་ཨང་ ༢༣ རྩ་ཆུའི་བརྟག་ཐབས་རིག་པ་ཕྱོགས་བསྡུས་ཞེས་པ་དེའི་ནང་དུའང་བཞུགས་ཡོད། )
༥༦། གཏར་རྩ་ངོས་འཛིན་པའི་ཡིག་ཆུང་། (དེབ་ཨང་ ༢༣ རྩ་ཆུའི་བརྟག་ཐབས་རིག་པ་ཕྱོགས་བསྡུས་ཞེས་པ་དེའི་ནང་དུའང་བཞུགས་ཡོད། )
༥༧། འབའ་སམ་སྨན་མར་བྱ་ཚུལ་ཞེས་བྱ་བ།
༥༨། འབྲོང་སྨན་སྙིང་ཐིག་གི་མན་ངག་གཅིག་ཏུ་བསྡུས་པའི་ལག་ལེན་དགོས་འདོད་ནོར་བུའི་ཕྲེང་བ་ཞེས་བྱ་བ།
༥༩། ཟིན་ཏིག་མཛེས་རྒྱན་བདུད་རྩི་སྨན་མཛོད་ཅེས་བྱ་བ།
༦༠། རྒྱུད་བཞིའི་འགྲེལ་པ་གཞན་ལ་ཕན་པའི་གཏེར་ཞེས་བྱ་བ། (གཞུང་འདི་ཀུན་མཁྱེན་གྱི་གསུང་འབུམ་པོད་ཀ་པའི་ནང་བཞུགས་ཡོད། )
༦༡། དུག་ནད་སྦྱོར་ངན་བཅོས་པའི་ཡི་གེ་ཕ་ལམ་རྡོ་རྗེའི་མཚོན་ཆ་ཞེས་བྱ་བ་ཨྰ་སྰི་ནཾ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི་རྒྱུད་བཞིའི་དཀའ་མཆན་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་མེ་ལོང་ཞེས་བྱ་བ།
༦༢། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་རྒྱུད་ལས་དུམ་བུ་དང་པོ་རྩ་བའི་རྒྱུད་ཀྱི་དཀའ་མཆན།
༦༣། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་དཀའ་མཆན།
༦༤། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་གི་རྒྱུད་ཀྱི་དཀའ་མཆན།
༦༥། དུམ་བུ་བཞི་པ་ཕྱི་མ་ཕྲིན་ལས་རྒྱུད་ཀྱི་དཀའ་མཆན།
༦༦། གསོ་བ་རིག་པའི་མན་ངག་སྦྱོར་བ་བརྒྱ་པའི་མཚན་ཞེས་བྱ་བ།
༦༧། སྨན་བྱིན་རླབས་བྱ་ཚུལ་བདུད་རྩིའི་ཐིགས་པ་ཞེས་བྱ་བ། ཕ་བོང་ཁ་མཆོག་གིས་མཛད་པའི་གསོ་རིག་སྐོར་གྱི་བསྙེལ་བྱང་ཁ་འཐོར་ཉུང་ཤས་འགའ་ཕྱོགས་གཅིག་ཏུ་བཀོལ་པ།
༦༨། གྲུབ་ཆེན་ཐང་སྟོང་པའི་རིལ་དཀར་གྱི་སྦྱོར་ཚད།
༦༩། བད་ཀན་དམུ་ཆུའི་བཅོས་ཚུལ་སོག་པོའི་འཕྲུལ་བཅོས་གསང་བའི་མན་ངག་ཁྱད་འཕགས།
༧༠། མཧཱ་ཙི་ནའི་ལུགས་ཀྱི་ཡའུ་རྨུ་ཆུའི་གཡུལ་ལས་རྣམ་རྒྱལ་གྱི་ལག་ལེན་སྦྱོར་དངོས་མཇུག་གསུམ་གྱི་ཟིན་བྲིས་གཡའ་བྲལ་མེ་ལོང་ལས་བྱུང་བ། འབའ་ར་བ་རྒྱལ་མཚན་དཔལ་བཟང་གིས་མཛད་པའི་གསོ་རིག་གསུང་རྩོམ་ཕྲན་ཚེགས་གསུམ་ཙམ་བཞུགས།
༧༡། གེགས་སེལ་སྨན་དཔྱད་མ་ཞེས་བྱ་བ།
༧༢། བཅུད་ལེན་སྣ་ཚོགས།
༧༣། ཡིག་ཆུང་གི་ཞལ་ཤེས་སྟོང་གི་མཛད་པ་ཞེས་བྱ་བ།
༧༤། ཕྱི་རྒྱུད་རིན་པོ་ཆེའི་རྒྱབ་རྒྱན་སྤྲོས་ཆུང་མཁས་པའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ།། (ཕྱི་རྒྱུད་རྩ་མདོ་ཆུ་མདོའི་ཊིཀ་ཡིན་པ་དེབ་ཨང་ ༢༣ ནང་དུའང་བཞུགས་ཡོད།)
༧༥། གཏར་སྲེག་ཆགས་དཔྱད་ཀྱི་ལག་ལེན་གཟུགས་བརྙན་འཆར་བྱེད་བཞུགས་པ་ལེགས་སོ། །
༧༦། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་བྱ་བའི་གསང་སྨན་གབ་ཚིག་ཞལ་ཤེས་སྦྱོར་ཚད་སོགས་མ་སྦས་ལྷུག་པ་བཤད་པ་བདུད་རྩིའི་གཏེར་བུམ་མཁའ་འགྲོའི་གཏད་རྒྱའི་རྒྱ་མདུད་བཀྲོལ་བའི་རིན་ཆེན་གསེར་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།། (མཚན་བསྡུས་པ། མན་ངག་ལྷན་ཐབས་ཀྱི་ལྡེ་མིག་བརྗོད། ) (གཞུང་འདི་དེབ་ཨང་༤ནང་དུའང་བཞུགས་ཡོད།)
༧༧། མན་ངག་ལྷན་ཐབས་ཀྱི་སྨན་སྦྱོར་ཕྱག་ལེན་བྱེད་ཐབས་ཟིན་བྲིས་སུ་བཀོད་པ་བཞུགས་སོ།།
༧༨། མན་ངག་ལྷན་ཐབས་ཀྱི་སྨན་མིང་གིས་མཚོན་ངོ་སྤྲོད་ལག་ལེན་ངག་རྒྱུན་མ་ཉམས་པའི་ཟིན་བྲིས་སུ་བཀོད་པ་བཞུགས་སོ།།
༧༩། སྲང་ཚད། (ལྷན་ཐབས་སྨན་བཅོས་སྐབས་ཀྱི་སྨན་སྣ་སོ་སོའི་སྲང་ཚད་བསྟན་ཡོད།)
༨༠། གཡུ་ཐོག་མཁས་པའི་ཟབ་དཔྱད་གསེར་མདོག་གི་སྦྱོར་བ་བཞུགས་སོ།།
༨༡། མན་ངག་ལྷན་ཐབས་ཀྱི་གསང་སྨན་ངོས་འཛིན་བཞུགས་སོ།།
༨༢། སྲོག་རླུང་གྱད་སྦྱོར་ཉེར་ལྔའི་གསང་སྨན།
༨༣། རིན་པོ་ཆེའི་བང་མཛོད་ལས། བླ་གནས་བརྩི་བ་བཞུགས་སོ། (གཏེར་སྨན། )
༨༤། མན་ངག་སྲོ་མ་རྐེ་ཁུགས་ལས། རྟ་བཅོས་རིན་ཆེན་ཕྲེང་བ་བཞུགས་སོ།།
༨༥། པདྨ་བཀའ་ཐང་ལས་ཉི་ཤུ་པ་ལ་ནད་ཀྱི་བསྐལ་པ་དར་ཞེས་གསུངས་པའི། གཞུང་གཞན་རྡོ་རྗེ་དྲག་པོའི་དགོངས་གཏེར་ལས་སུམ་ཅུ་ཁ་དར་ཉི་ཤུ་ཉེ་བའི་དུས་སུ་ནད་རིམས་མཐའ་ཡི་གག་འབྲུམ་རིམ་ལྷོག་གག་གཟེར་འབྱུང་བར་བཤད་པའི་དེ་དག་བཅོས་ཚུལ་ནག་པོ་སུམ་སྒྲིལ་ཚར་གཅོད་རལ་གྲི་བཞུགས་སོ། །བདུད་རྩི་སྨན་གྱི་ཕྱག་ལེན་སྣ་ཚོགས་ཕྱོགས་གཅིག་ཏུ་བསྡུས་པའི་གསུང་པོད་འདིའི་ནང་གསོ་རིག་ཆོས་ཚན་ཕྲན་ཚེགས་གྲངས་ ༢༨ ཙམ་བཞུགས་ཡོད་པ་གཤམ་གསལ།
༨༦། བསམ་འཕེལ་དབང་གི་རྒྱལ་པོའི་སྦྱོར་བ་དང་མཁལ་ནད་ཁུ་བ་འཛག་གཅོད་དོ། །
༨༧། རིན་ཆེན་རིལ་བུ་ཕན་ཡོན་གཏོང་ལུགས།
༨༨། མགོ་བཅོས་ནོར་གྱི་བང་མཛོད་ཅེས་བྱ་བ་མཁས་པའི་མགུལ་རྒྱན་བཞུགས་སོ།།
༨༩། གཉན་ཚད་བཅོས་ཐབས།
༩༠། བཻ་རོ་ཙ་ནས་མཛད་པའི་རིམས་སྲུང་ནག་པོ་དགུ་སྦྱོར་བཞུགས་སོ།།
༩༡། ཚེ་ལ་དབང་བའི་རིལ་དམར་ཡོངས་གྲགས་བཞུགས་སོ།།
༩༢། ཚེ་འཛིན་ནོར་བུ་དང་། ལི་ཤི་བཅུ་གཅིག ཟངས་ཐལ་ཉེར་དྲུག་སྦྱོར་བ་དེའི་ཟིན་བྲིས་བཞུགས་སོ།།
༩༣། རྗེ་ཟུར་མཁར་བའི་ཁྱད་ཆོས་མ་ཞུ་སྤྱི་འཇོམས་དང་ལིང་ཏོག་བཤལ་བ་བཞུགས་སོ།།
༩༤། བད་ཀན་སྐྱ་སྨུག་བཅོས་ཐབས་མཁས་དབང་དམ་པའི་ཕྱག་ལེན་བཞུགས་སོ།།
༩༥། འདུས་ནད་སྨུག་པོ་ཐུར་བབས་དང་། སྦྱར་དུག་སྣོད་དུ་བབས་པ་བཅོས་ཐབས་བཞུགས་སོ།།
༩༦། གློ་ནད་བཅོས་ཐབས་བདུད་རྩི་ཞེས་བྱ་བ།
༩༧། དབང་རིལ་བཞུགས་སོ།།
༩༨། ཉེར་ལྔ་ཉི་ཤུ་རྩ་ལྔའི་སྦྱོར་བ་རིན་ཆེན་སྲོག་གི་ཆད་མཐུད་ཅེས་བྱ་བ།
༩༩། སྐྱེས་མཆོག་ཟུར་མཁར་བའི་ཁྱད་ཆོས་རྡོ་ཞུན་རྒྱལ་པོའི་སྦྱོར་སྡེ་བདུད་རྩི་གཏེར་མཛོད་ཅེས་བྱ་བ།
༡༠༠། དཔལ་ལྡན་ཟུར་མཁར་བ་དང་བྱར་པོ་པཎ་ཆེན་སོགས་མཁས་པའི་ཕྱག་ལེན་ཉེར་མཁོའི་ཟིན་བྲིས་ལས་རླུང་ནད་བཅོས་ཐབས་ཞེས་བྱ་བ།
༡༠༡། དཔལ་ལྡན་ཟུར་མཁར་བ་བློ་གྲོས་རྒྱལ་པོའི་ཕྱག་ལེན་དམུ་ཆུའི་ཞལ་གདམས།
༡༠༢། ཟླ་ཤེལ་ཆུ་འདྲེན་དང་། གླང་ཐབས་རྒྱུ་བབ་ཚ་བའི་བཅོས་རྣམས།
༡༠༣། སྦྱོངས་ཀྱི་གདམས་པ་ཁ་ཐོར།
༡༠༤། ཟླ་ཤེལ་གྱུར་བུའི་སྦྱོར་བ་ཞེས་བྱ་བ།
༡༠༥། སྤང་རྩི་དྲུག་པ་སོགས་སྦྱོར་སྡེ་ཟབ་མོ་འགའ་ཞིག་ཅེས་བྱ་བ།
༡༠༦། དྲེག་ནད་བཅོས་ཐབས་རྡོ་རྗེ་ཐོག་འབེབས་ཞེས་བྱ་བ།
༡༠༧། དམུ་ཆུའི་ཞལ་གདམས་མཐར་ཐུག་ཅེས་བྱ་བ།
༡༠༨། དམུ་ཆུ་གཙོ་བོར་གྱུར་པའི་ཆུ་བཤལ་གདམས་པ་བཞུགས་སོ།།
༡༠༩། སེ་འབྲུ་ཚད་ལྡན་གྱི་སྦྱོར་བ་བློ་གསལ་མཁས་པའི་ཡིད་འཕྲོག་ཅེས་བྱ་བ།
༡༡༠། མིག་འགྲིབ་ཕྱེ་ཐབས་དང་། མ་ཞུ་ཤ་དུག་ཆད་པའི་རིགས་རྨ་རིགས་གཉན་སྲིན་སྐྲངས་འབུར་བྱུག་སྨན།
༡༡༡། སྟོད་འཚངས་ཁྲག་རླུང་དང་། མིག་སྨན་བད་ཀན་བཅོས་ཐབས་སྣ་ཚོགས།
༡༡༢། མན་ངག་ལྷན་ཐབས་ཀྱི་ཆིག་རྒྱུད་ཅེས་བྱ་བ།
༡༡༣། དམར་པོ་རིལ་བུ།
༡༡༤། གསོ་རིག་རྒྱུད་བཞི་དོན་འདུས་མཐོང་བ་རབ་གསལ་ལས། ཕྱེ་མའི་ལག་ལེན་སྙིང་པོར་དྲིལ་བ་ཞེས་བྱ་བ། ༡༡༥། གསོ་དཔྱད་ཚོགས་ཀྱི་མན་ངག་རིན་ཆེན་འཁྲུངས་དཔེ་བསྟན་པ་ཞེས་བྱ་བ། (གཞུང་འདི་དེབ་ཨང་ ༡༢ ནང་དུའང་བཞུགས་ཡོད། )
༡༡༦། གསོ་བ་རིག་པའི་མན་ངག་མཐའ་དག་གི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་ནས་མན་ངག་ཡོན་ཏན་རྒྱུད་དང་ཕྱི་མ་ཕྲིན་ལས་རྒྱུད་དག་གི་ལྷན་ཐབས་ཀྱི་ཚུལ་དུ་བཀོད་པ་ཕན་བདེ་ནོར་བུའི་བང་མཛོད་ཅེས་བྱ་བ། (མཚན་གཞན། སི་ཏུ་སྨན་བསྡུས་ཨེ་ཝཾ་ཟེར། འདི་ཝཾ་ཡིན། )
༡༡༧།རིན་ཆེན་དབང་རིལ་ཤེལ་གྱི་མཆོད་རྟེན་དང་རིན་ཆེན་རྟ་རི་མ་བཅས་ཀྱི་སྦྱོར་སྡེ་བགྱིས་པའི་ཚུལ་གཞན་ཕན་ཟླ་འོད་གཞོན་ནུའི་ཁྲི་ཤིང་ཞེས་བྱ་བ།
༡༡༨། དཔལ་ལྡན་རྒྱུད་བཞི་ལ་སོགས་གསོ་རིག་བཀའ་བསྟན་མན་ངག་ཀུན་གྱི་གནད་བསྡུས་ཕན་བདེའི་བསིལ་ཟེར་སྤྲོ་བའི་ཟླ་བ་གསར་པ་ཞེས་བྱ་བ། (མཚན་གཞན། སི་ཏུ་སྨན་བསྡུས་ཨེ་ཝཾ་ཟེར། འདི་ཨེ་ཡིན།)
༡༡༩། རྩ་དཔྱད་ཉི་འོད་རབ་གསལ་དང་། ཆུ་དཔྱད་ཟླ་བའི་མེ་ལོང་ཞེས་བྱ་བ་ཟུར་མཁར་བའི་ཁྱད་ཆོས་སོ།། (ལེ་ཚན་འདི་དེབ་ཨང་ 28 རྗེ་ཟུར་མཁར་བའི་མན་ངག་བྱེ་བ་རིང་སྲེལ་གྱི་ཁ་ཐོར་སྡེ་ཚན་ནང་དུའང་བཞུགས་ཡོད།)
༡༢༠། ཕྱི་རྒྱུད་རྩ་ཆུའི་ལྷན་ཐབས་མེད་དུ་མི་རུང་བ་བློ་འཛིན་བདེ་ཁྱད་ཟུར་དུ་བཀོལ་བ།
༡༢༡།བདུད་རྩི་སྙིང་པོའི་རྒྱུད་ཀྱི་འགྲེལ་པ་དྲང་སྲོང་ཞལ་ལུང་ལས་དུམ་བུ་བཞི་པ་ཕྱི་མའི་རྒྱུད་ཀྱི་རྩ་མདོ་ཆུ་མདོའི་ཊི་ཀ་ཞེས་བྱ་བ།(དེབ་ཨང་ ༡༩ ནང་དུ་ཕྱི་རྒྱུད་རིན་པོ་ཆེའི་རྒྱབ་རྒྱན་སྤྲོས་ཆུང་མཁས་པའི་མགུལ་རྒྱན་ཞེས་མཚན་བྱང་ཡོད་པ་དེ་གཞུང་འདི་རང་ཡིན།)
༡༢༢། གསར་འགྱུར་རྩ་དང་ཆུ་ལ་བརྟག་ཐབས་ཞེས་བྱ་བ། (དར་མོ་སྨན་རམས་པའི་གདམས་ངག་བཀའ་རྒྱ་མ་ལས་ཟུར་བཏོན)
༡༢༣། རྩ་བརྟག་ཚུལ་མདོར་བསྡུས་ཞེས་བྱ་བ། (དེབ་ཨང་ ༡༤ ནང་དུའང་སྨན་རྩོམ་འདི་བཞུགས་ཡོད།)
༡༢༤། གཏར་རྩ་ངོས་འཇིན་པའི་ཡིག་ཆུང་། (དེབ་ཨང་ ༡༤ ནང་དུའང་སྨན་རྩོམ་འདི་བཞུགས་ཡོད།)
༡༢༥། སྐོར་ཚོམས་སྟོང་ཐུན་བཅུ་གཅིག་ལས་དང་པོ་རྩ་དང་། གཉིས་པ་ཆུའི་སྟོང་ཐུན་ཞེས་བྱ་བ། (ཆ་ལག་བཅོ་བརྒྱད་ནས་ཟུར་དུ་ཕྱུངས།)
༡༢༦། ཕྱི་རྒྱུད་རྩ་ཆུའི་ལྷན་ཐབས་འཚོ་བྱེད་མགུལ་པའི་མཛེས་རྒྱན།
༡༢༧། མ་ལ་ཡའི་དཀའ་འགྲེལ་འདོད་པ་འཇོོ་བ་ཞེས་བྱ་བ། དྲང་སྲོང་མཐོང་བ་དོན་ལྡན།
༡༢༨། མ་ལ་ཡའི་དཀའ་འགྲེལ་ཞེས་བྱ་བ།
༡༢༩། མ་ལ་ཡའི་བཀའ་འགྲེལ་འདོད་པ་འབྱོར་བ་ཞེས་བྱ་བ།
༡༣༠།རི་བོ་གངས་ཅན་གྱི་དཀའ་འགྲེལ་བདུད་རྩི་ཟླ་བའི་འོད་ཟེར་ཞེས་བྱ་བ།
༡༣༡།སྣ་ཚོགས་མན་ངག་ཉེར་ལྔ་བརྒྱ་རྩ་འཆི་མེད་བདུད་རྩི་ཤེལ་དཀར་ཕྲེང་བ་ཞེས་བྱ་བ་མཁས་མང་ཡོངས་ཀྱི་མགུལ་རྒྱན་ལེགས་པར་བྱ་བ།
༡༣༢། དཔྱད་མཆོག་གཏར་གའི་གདམས་པ་ཉེས་འཁྲུགས་རྙོགས་དྲུངས་འབྱིན་བྱེད་ཀརྐེཏ་ཞེས་བྱ་བ།
༡༣༣། མེ་བཙའི་གདམས་པ་རྒྱས་པར་སྤྲོས་པ་གསལ་བར་སྟོན་པ་ཟིན་བྲིས་རབ་དྭངས་ཤེལ་དཀར་མེ་ལོང་གསར་པ་ཞེས་བྱ་བ།
༡༣༤། རྩ་སྦྱོང་ཞལ་གདམས་གནད་ཀྱི་གཟེར་བུ་ཞེས་བྱ་བ།
༡༣༥། བཤལ་སྐྱུགས་དང་བཅས་རྩ་སྦྱོང་ཀྱི་ལག་ལེན་རྒྱུད་ཀྱི་དགོངས་པ་གསལ་བར་བྱེད་པའི་ཞལ་གདམས་ཟིན་བྲིས་ཉི་མའི་སྙིང་པོ་ཞེས་བྱ་བ།
༡༣༦། དཔྱད་མཆོག་མེ་བཙའི་གདམས་པ་གསལ་བར་བཤད་པ་ཟླ་ཤེལ་གཞོན་ནུའི་མྱུ་གུ་ཞེས་བྱ་བ།
༡༣༧། གསོ་བྱེད་བདུད་རྩིའི་འཁྲུལ་མེད་ངོས་འཛིན་བཟོ་རིག་མེ་ལོང་དུ་རྣམ་པར་ཤར་པ་མཛེས་མཚར་མིག་རྒྱན་ཞེས་བྱ་བ།
༡༣༨། དྲི་མེད་ཤེལ་ཕྲེང་ནས་བཤད་པའི་སྨན་གྱི་འཁྲུངས་དཔེ་མཛེས་མཚར་མིག་རྒྱན་ཞེས་བྱ་བ།
༡༣༩།(ཀ)གཙང་སྟོད་དར་མ་མགོན་པོའི་རྒྱུད་ལུང་མན་ངག་དུ་མའི་བཅུད་ཆུང་སློབ་མའི་དོན་དུ་ཟིན་ཐིག་དང་བུ་ལ་གདམས་པ་ཡང་ཐིག་བཅས་སོ།།(པོད་དང་པོ། )
༡༤༠།(ཁ)གཙང་སྟོད་དར་མ་མགོན་པོའི་རྒྱུད་ལུང་མན་ངག་དུ་མའི་བཅུད་ཆུང་སློབ་མའི་དོན་དུ་ཟིན་ཐིག་དང་བུ་ལ་གདམས་པ་ཡང་ཐིག་བཅས་སོ།།(པོད་གཉིས་པ། )
༡༤༡། འབྲོང་རྩེ་བེ་བུམ་ཆེན་མོ་ཞེས་བྱ་བ་ཤིན་ཏུ་ཟབ་པ་ཞེས་བྱ་བ། (དེབ་ཨང་ ༡༠ ནང་དུའང་གཞུང་འདི་བཞུགས་ཡོད། )
༡༤༢། དཔལ་ལྡན་ཟུར་མཁར་བའི་ཁྱད་ཆོས་མན་ངག་བྱེ་བ་རིང་སྲེལ་མ་ཡིག་བུ་ཡིག་གཉིས་དང་ཁ་ཐོར་བཅས་སོ། །
༡༤༣། ནད་སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་པ་ཞེས་བྱ་བ། (ནད་སྔགས། )
༡༤༤། ནད་བརྒྱ་སྔགས་གཅིག་སྐོར། སྔགས་འབུམ། )
༡༤༥། ཚེ་སྒྲུབ་རྡོ་རྗེ་ཡང་རྗོང་ལས༔ འགོས་ནད་ཀུན་འཇོམས་སྔགས་ཀྱི་མཚོན་ཆ་ཞེས་བྱ་བ། (ནད་འཇོམས། )
༡༤༦། ནད་ཀྱི་མཁྱུད་དཔྱད་སྣ་ཚོགས་ཕྱོགས་གཅིག་བཀོད་པ་ཟུག་རྔུ་ཀུན་སེལ་ཞེས་བྱ་བ། (ནད་དཔྱད། )
༡༤༧། མཁྱུད་དཔྱད་སྣ་ཚོགས་ཕྱོགས་བསྡུས་ཙནྟ་མཎི། (མཁྱུད་དཔྱད། )
༡༤༨། ལུས་ལ་ཉེར་མཁོ་སྐབས་བརྒྱད་པ། (ཉེར་མཁོ། མི་ཕམ་གསུང་འབུམ་ད་པའི་ནང་བཞུགས་ཡོད། )
༡༤༩། གསོ་རིག་རྒྱུད་འབུམ་བྱེ་བའི་ཡང་སྙིང་འགྲོ་ཀུན་འབྱུང་འཁྲུགས་ནད་ཀྱི་ཟུག་རྔུས་མནར་བའི་གདུང་བ་ཀུན་ཏུ་སེལ་བྱེད་སྨན་སྦྱོར་སྟོང་དང་རྩ་བརྒྱད་ཕན་བདེ་དཔྱིད་ཀྱི་དགའ་སྟོན་རོལ་པའི་རྒྱན་ཞེས་བྱ་བ།
༡༥༠། གསོ་རིག་འབུམ་རྒྱུད་ཀུན་གྱི་གཅེས་བཏུས་འཆི་བདག་ཞགས་གཅོད་བདེ་བའི་དབུགས་འབྱིན་ཞེས་བྱ་བ།
༡༥༡། ཚེ་རིག་རྒྱུད་འབུམ་བྱེ་བའི་ཡང་བཅུད་ཟུར་རྒྱན་ཉེར་མཁོ་དཔག་བསམ་ལྗོན་ཤིང་བཟང་པོ་ཞེས་བྱ་བ།
༡༥༢། གསོ་རིག་སྨན་གྱི་ལག་ལེན་བཟོ་ཐབས་པཏྲའི་འཕྲུལ་འཁོར་གསལ་བྱེད་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ། རཏྣ་གླིང་པ་རིན་ཆེན་དཔལ་བཟང་གི་གསུང་པོད་ ༤ ནང་བཞུགས་གཏེར་ནས་དྲངས་པའི་སྨན་སྐོར་ཁག་ཅིག
༡༥༣། ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་བདུད་རྩི་སྨན་གྱི་གསང་བསྒྲུབ་ཅེས་བྱ་བ།
༡༥༤། ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ སྨན་སྒྲུབ་རྩ་བརྒྱད་སྟོང་གི་རྣམ་པར་དབྱེ་བ་ལྡེའུ་མིག་གི་གདམས་པ་ཡིག་ཆུང་བཀོལ་བ་ཞེས་བྱ་བ་བཞུགས་སོ།།
༡༥༥། ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། བདུད་རྩི་སྨན་སྒྲུབ་ཀྱི་པྲ་ཁྲིད་ལག་ལེན་ཡིག་ཆུང་བཀོལ་བ་བཞུགས་སོ།།
༡༥༦། བདུད་རྩི་སྨན་གྱི་བསྐུལ་ཆོག་ཡིག་ཆུང་བཀོལ་བ་བཞུགས་སོ།། བདུད་རྩི་སྨན་སྒྲུབ་ཡིག་ཆུང་སྲུང་མའི་བསྐུལ་ཆོག་བཞུགས་སོ།།
༡༥༧། ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། བདུད་རྩི་སྨན་གྱི་བསྒྲུབ་པའི་དབང་རྒྱས་པ་དངོས་གྲུབ་བདུད་རྩིའི་གཏེར་ཞེས་བྱ་བ་བཞུགས་སོ།།
༡༥༨། ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། བདུད་རྩི་སྨན་སྒྲུབ་མན་ངག་ཡིག་ཆུང་བཀོད་པའོ།།
༡༥༩། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ནད་བརྒྱ་སྨན་གཅིག་རིལ་བུ་དཀར་དམར་གྱི་གཞུང་གསལ་བྱེད་དང་བཅས་སོ།།
༡༦༠། གསོ་རིག་བསྟན་བཅོས་མཐའ་དག་གི་སྙིང་པོ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་མན་ངག་རིན་ཆེན་འབྱུང་གནས་ཞེས་བྱ་བ།
དཔེ་དེབ་པར་བསྐྲུན་བྱས་པ་ཁག་གི་ཐོ་གཞུང་།
སྨན་རྩིས་བསྟན་པ་མི་ཉམས་རྒྱུད་འཛིན་ཆེད་པར་སྐྲུན་འགྲེམས་སྤེལ་ཞུས་པའི་སྨན་རྩིས་ཀྱི་གསུང་འབུམ་དང་དཔེ་དེབ་ཁག་གི་དཀར་ཆག་དགེའོ།།
༡། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད། (པར་རྙིང་། གཡུ་ཐོག་ཡོན་ཏན་མགོན་པོ།
༢། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད། (པར་གསར། གཡུ་ཐོག་ཡོན་ཏན་མགོན་པོ།
༣། སྨན་གཞུང་ཆ་ལག་བཅོ་བརྒྱད། གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ།
༤། སྐྱེམས་པ་ཚེ་དབང་མཆོག་གིས་མཛད་པའི་རྒྱུད་བཞིའི་འགྲེལ་པ། (པོད་ ༣ སྐྱེམས་པ་ཚེ་དབང་།
༥། རྒྱུད་བཞིའི་འགྲེལ་པ་མེས་པོའི་ཞལ་ལུང་། (པོད་༢) ཟུར་མཁར་བ་བློ་གྲོས་རྒྱལ་པོ།
༦། གསོ་རིག་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན། སྡེ་སྲིད་སངས་རྒྱས་རྒྱ་མཚོ།
༧། རྒྱུད་བཞིའི་འགྲེལ་པ་བེེཌྰུརྱ་སྔོན་པོ། (པར་རྙིང་། པོད་༢) སྡེ་སྲིད་སངས་རྒྱས་རྒྱ་མཚོ།
༨། རྒྱུད་བཞིའི་འགྲེལ་པ་བེེཌྰུརྱ་སྔོན་པོ། (པར་གསར། པོད་ ༢) སྡེ་སྲིད་སངས་རྒྱས་རྒྱ་མཚོ།
༩། མན་ངག་ལྷན་ཐབས། སྡེ་སྲིད་སངས་རྒྱས་རྒྱ་མཚོ།
༡༠། མན་ངག་ལྷན་ཐབས་ཀྱི་ལྡེ་མིག ངག་དབང་སངས་རྒྱས་དཔལ་བཟང་།
༡༡། གདམས་ངག་བཀའ་རྒྱ་མ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས།
༡༢། ཕྱི་མ་རྒྱུད་ཀྱི་མཆན་འགྲེལ་དཀའ་ཕྲེང་མུན་སེལ་སྒྲོན་མེ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས།
༡༣། ཉམས་ཡིག་བརྒྱ་རྩ། གོང་སྨན་དཀོན་མཆོག་འཕན་དར།
༡༤། ཕྱག་རྡོར་མགོན་པོའི་གཅེས་བསྡུས་རིན་ཆེན་ཕྲེང་བ། ཕྱག་རྡོར་མགོན་པོ།
༡༥། ཟིན་ཏིག་གཅེས་བཏུས་དང་ཉེར་མཁོ་སྡུད་པོད་བེེཌྰུརྱ་ལྡེ་མིག ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།
༡༦། སྨན་དཔྱད་ཟླ་བའི་རྒྱལ་པོ། འཕགས་པ་འཇམ་དཔལ་དབྱངས།
༡༧། ཤེལ་གོང་ཤེལ་ཕྲེང་། དེའུ་དམར་བསྟན་འཛིན་ཕུན་ཚོགས།
༡༨། ཤེལ་གོང་ཤེལ་ཕྲེང་། (པར་གསར) དེའུ་དམར་བསྟན་འཛིན་ཕུན་ཚོགས།
༡༩། ལྷན་ཐབས་ཀྱི་དཀའ་གནད་བཀྲོལ་བ་རྣམ་རྒྱལ་གསེར་མདོག་གི་ཕྲེང་བ། སོག་པོ་ལུང་རིགས་བསྟན་དར།
༢༠། རྒྱུད་བཞིའི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན། སོག་པོ་ལུང་རིགས་བསྟན་དར།
༢༡། གསོ་རིག་བེའུ་བུམ་དཀར་པོ། འབྲོང་རྩེ་ལྷ་སྲས་རྒྱལ་པོ།
༢༢། གཅེས་བསྡུས་འཆི་མེད་ནོར་ཕྲེང་། ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས།
༢༣། སྨན་རྩིས་ཁང་གི་ཆོས་སྤྱོད། (དཔེ་གཟུགས) བླ་སྨན་མཁྱེན་རབ་ནོར་བུ།
༢༤། སྨན་རྩིས་ཁང་གི་ཆོས་སྤྱོད། (དེབ་གཟུགས། པར་གསར) བླ་སྨན་མཁྱེན་རབ་ནོར་བུ།
༢༥། འཁྲུངས་དཔེ་ངོ་མཚར་གསེར་གྱི་སྙེ་མ། བླ་སྨན་མཁྱེན་རབ་ནོར་བུ།
༢༦། རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་། (པོད་ ༤ ཁྲོ་རུ་ཚེ་རྣམ།
༢༧། འབྱུང་བ་བཞི་ལས་ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ་ཚུལ། བླ་སྨན་བསྟན་འཛིན་ཆོས་གྲགས།
༢༨། གསོ་རིག་ལས་རྩ་རླུང་ཐིག་ལེ་གསུམ་གྱི་རྣམ་གཞག བླ་སྨན་བསྟན་འཛིན་ཆོས་གྲགས།
༢༩། ྋགོང་ས་མཆོག་གི་བཀའ་སློབ་ཕྱོགས་བསྒྲིགས། (དེབ་ ༣) གསོ་རིག་ཞིབ་འཇུག་སྡེ་ཚན།
༣༠། དཔལ་ལྡན་རྒྱུད་ལས་རྩ་བཤད་ཕྱི་གསུམ་ཁ་སྐོང་དང་བཅས་པ། གསོ་རིག་ཞིབ་འཇུག་སྡེ་ཚན།
༣༡། མན་རྒྱུད་ལས་ནད་ཀྱི་རྒྱུ་རྐྱེན་དབྱེ་བ་རྟགས། གསོ་རིག་ཞིབ་འཇུག་སྡེ་ཚན།
༣༢། བོད་ཀྱི་གསོ་རིག་སློབ་དེབ། (པར་བཤུས། ) གསོ་རིག་ཞིབ་འཇུག་སྡེ་ཚན།
༣༣། བོད་ཀྱི་གསོ་རིག་སློབ་དེབ། (པར་གསར། པོད་ ༢) གསོ་རིག་ཞིབ་འཇུག་སྡེ་ཚན།
༣༤། སྨན་རྩིས་གསུང་བཤད་ཕྱོགས་བསྒྲིགས། གསོ་རིག་ཞིབ་འཇུག་སྡེ་ཚན།
༣༥། སྨན་བཅོས་ཉམས་ཡིག་ཕྱོགས་བསྡུས། གསོ་རིག་ཞིབ་འཇུག་སྡེ་ཚན།
༣༦། གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར། བྱམས་པ་འཕྲིན་ལས།
༣༧། གངས་ལྗོངས་གསོ་རིག་བསྟན་པའི་དར་རྒུད་ལས་འཕྲོས་པའི་གཏམ། སྨན་རམས་པ་ཚེ་རིང་དོན་གྲུབ།
༣༨། རྒྱུན་མཁོའི་བོད་སྨན་གྱི་ཕན་ཡོན་ལག་དེབ། (དེབ་སྔ་ཕྱི་ ༢) སྨན་རམས་པ་སྤེན་པ་ཚེ་རིང་།
༣༩། སྨན་སྦྱོར་ནུས་པ་ཕྱོགས་བསྡུས་ཕན་བདེའི་འབྱུང་གནས། སྨན་རམས་པ་སྤེན་པ་ཚེ་རིང་།
༤༠། སྨན་གྱི་ནུས་པ་ཕྱོགས་བསྡུས་ཕན་བདེའི་ལེགས་བཤད། སྨན་རམས་པ་བསྟན་འཛིན་གྲགས་པ།
༤༡། སྐམ་ཁབ་དང་མེ་བཙའི་བཅོས་ཐབས། སྨན་རམས་པ་བསྟན་འཛིན་མཐའ་ཡས།
༤༢། གསོ་བ་རིག་པ་ཐོག་མའི་འབྱུང་ཁུངས་ལ་རོབ་ཙམ་དཔྱད་པ། སྨན་རམས་པ་ཆོས་ལོ་ཐར།
༤༣། འགྲོ་ཕན་སྨན་རྩིས་ཁང་གི་གདན་རབས་དྲི་མེད་ཤེལ་གྱི་མེ་ལོང་། སྨན་རམས་པ་ཆོས་ལོ་ཐར།
༤༤། འགྲོ་ཕན་སྨན་རྩིས་ཁང་གི་བྱུང་རབས་བརྗོད་པ་ཀ་ལ་པིང་ཀའི་གྲེ་འགྱུར། སྨན་པ་རྣམ་རྒྱལ་ཚེ་རིང་སོགས།
༤༥། ཉམས་གསོག་སྨན་པའི་ལམ་སྟོན་ཉམས་ཡིག་སྙིང་བསྡུས། སྨན་རམས་པ་པདྨ་རྡོ་རྗེ།
༤༦། སྦྲུམ་མའི་འཕྲོད་བསྟེན་དང་བྱིས་པ་ཉེར་སྤྱོད་སྐོར་གྱི་ཤེས་བྱ། སྨན་རམས་པ་པདྨ་རྡོ་རྗེ།
༤༧། རྒྱ་གར་ཚེའི་རིག་བྱེད་ལས་ཟས་སྤྱོད་ཀྱི་སྤང་བླངས། སྨན་རམས་པ་རྡོ་གཤོང་ཚེ་རིང་རྡོ་རྗེ།
༤༨། སྨན་རྩིས་ཁང་གི་ངོ་སྤྲོད་མདོར་བསྡུས། སྨན་རམས་པ་གཡང་འབུམ་རྒྱལ།
༤༩། སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་ལུང་ལྟར་ྋགོང་ས་མཆོག་དང་འབྲེལ་ཡོད་ལོ་རྒྱུས། བླ་སྨན་བློ་བཟང་དབང་རྒྱལ།
༥༠། རྒྱུད་འདི་ཉིད་ཟབ་མོ་ནང་དོན་རིག་པ་དང་འབྲེལ་བའི་ཀུན་ཁྱབ་རྩིས་རིག་དང་འབྲེལ་ཚུལ། བླ་སྨན་བློ་བཟང་དབང་རྒྱལ།
༥༡། འབྲས་རྩིས་བེེ་དཀར་དགོངས་དོན་དྲི་མེད་ཀུན་ཕན་མེ་ལོང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ།
༥༢། གཤིན་རྩིས་འཁྱེར་བདེ་གཅེས་བཏུས། སྡེ་སྲིད་སངས་རྒྱས་རྒྱ་མཚོ།
༥༣། དབྱངས་འཆར་དུས་སྦྱོར་མོ་འབྲས་མཾ་ཀུ་ར། སྡེ་སྲིད་སངས་རྒྱས་རྒྱ་མཚོ།
༥༤། འབྱུང་རྩིས་ཟླ་བའི་འོད་ཟེར། ལོ་ཆེན་དྷརྨ་ཤྲཱི།
༥༥། རྩིས་གཞུང་ཉིན་བྱེད་སྣང་བ། ལོ་ཆེན་དྷརྨ་ཤྲཱི།
༥༦། ཉིན་བྱེད་སྣང་བའི་དཀའ་འགྲེལ་གསེར་ཀྱི་ཤིང་རྟ། ལོ་ཆེན་དྷརྨ་ཤྲཱི།
༥༧། ཁྱུང་ནག་ལུགས་ཀྱི་བརྒྱ་རྡེའི་འགྲེལ་པ་ཚེ་རབས་ལས་རྩིས། ཁྱུང་ནག་ཤཱཀྱ་དར་རྒྱས།
༥༨། ཁྱུང་ནག་ལུགས་ཀྱི་གཤིན་རྩིས་རྡེལ་བསྐོར། ཁྱུང་ནག་ཤཱཀྱ་དར་རྒྱས།
༥༩། རྩིས་ཀྱི་ལག་ལེན་གསལ་བར་བྱེད་པའི་ལྡེ་མིག གོ་འཇོ་ཚེ་རྣམ།
༦༠། ཚེས་ཞག་སྒྲ་གཅན་དང་ཟླ་ཉི་སྒྲིབ་ཚུལ། གོ་འཇོ་ཚེ་རྣམ།
༦༡། ཚེ་རྩིས་འབྲས་བུ་བློ་གསར་དགའ་བསྐྱེད། གསོ་རིག་ཞིབ་འཇུག་སྡེ་ཚན།
༦༢། བོད་རྒྱལ་ཡོངས་རྩིས་པའི་ཚོགས་ཆེན་གྱི་གསུང་བཤད་ཕྱོགས་བསྒྲིགས། སྐར་རྩིས་སྡེ་ཚན།
༦༣།རིགས་ལྡན་མཆོད་པའི་འོད་སྣང་།བྲག་དགོན་བསྟན་པ་རབ་རྒྱས།
༦༤། རྡེལ་འགྲེལ་དཔག་བསམ་ལྗོན་ཤིང་། ཨ་ཁུ་ལྷ་མོ་ཚུལ་ཁྲིམས།
༦༥། དབྱངས་འཆར་ཆེན་མོ་ཤེལ་གྱི་མེ་ལོང་། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ།
༦༦། རྩིས་དཀར་ནག་གི་དྲིས་ལན་ཉིན་བྱེད་དབང་པོའི་སྣང་བ། རྒྱལ་མཆོག་ལྔ་པ་ཆེན་པོ།
༦༧།རྩིས་གཞིའི་མན་ངག་རིགས་ལྡན་འཛུམ་པའི་འོད་ཟེར། བཕྱག་མཛོད་གསུང་རབ།
༦༨། དབྱངས་འཆར་གཟའ་བདུན་མོ་དཔེ། སྐར་རྩིས་སྡེ་ཚན།
༦༩། དུས་འཁོར་འགྲེལ་ཆེན་དྲི་མེ་འོད། རིགས་ལྡན་པདྨ་དཀར་པོ།
༧༠། སེམས་སེམས་བྱུང་དང་བློའི་རབ་དབྱེ་ཆེ་ལོང་ཙམ་བརྗོད་པ། དགེ་བཤེས་བསྟན་པ་བཀྲིས།
༧༡། རྒྱན་གྱི་བསྟན་བཅོས་མཚོ་བྱུང་དགྱེས་པའི་འཛུམ་ཟེར། ཧོར་གཙང་འཇིགས་མེད།
༧༢། Fundamentals of Tibetan Medicine - Men Tsee Khang
༧༣། Tibetan Astronomy,Astrology(Brief Introduction) - Men Tsee Khang
༧༤། Men Tsee Khang: An Information Guide - Men Tsee Khang
༧༥། Based on the Prophecy of lord Buddha a brief life story of HH The Dalai Lama and Related events - Dr. Lobsang Wangyal
༧༦། སྨན་རྩིས་དུས་དེབ། (བོད་ཡིག) ༡ (༡༩༩༦) དུས་དེབ་རྩོམ་སྒྲིག་ཚོགས་ཆུང་།
༧༧། སྨན་རྩིས་དུས་དེབ། (བོད་ཡིག) ༢ (༡༩༩༦) དུས་དེབ་རྩོམ་སྒྲིག་ཚོགས་ཆུང་།
༧༨། སྨན་རྩིས་དུས་དེབ། (བོད་ཡིག) ༣ (༡༩༩༧) དུས་དེབ་རྩོམ་སྒྲིག་ཚོགས་ཆུང་།
༧༩། སྨན་རྩིས་དུས་དེབ། (བོད་ཡིག) ༤ (༡༩༩༨) དུས་དེབ་རྩོམ་སྒྲིག་ཚོགས་ཆུང་།
༨༠། སྨན་རྩིས་དུས་དེབ། (བོད་ཡིག) ༥ (༡༩༩༩) དུས་དེབ་རྩོམ་སྒྲིག་ཚོགས་ཆུང་།
༨༡། སྨན་རྩིས་དུས་དེབ། (བོད་ཡིག) ༦ (༢༠༠༢) དུས་དེབ་རྩོམ་སྒྲིག་ཚོགས་ཆུང་།
༨༢། སྨན་རྩིས་དུས་དེབ། (བོད་ཡིག) ༧ (༢༠༠༣) དུས་དེབ་རྩོམ་སྒྲིག་ཚོགས་ཆུང་།
༨༣། སྨན་རྩིས་དུས་དེབ། (བོད་ཡིག) ༨ (༢༠༠༤) དུས་དེབ་རྩོམ་སྒྲིག་ཚོགས་ཆུང་།
༨༤། སྨན་རྩིས་དུས་དེབ། (བོད་ཡིག) ༩ (༢༠༠༥) དུས་དེབ་རྩོམ་སྒྲིག་ཚོགས་ཆུང་།
༨༥། སྨན་རྩིས་དུས་དེབ། (བོད་ཡིག) ༡༠ (༢༠༠༦) དུས་དེབ་རྩོམ་སྒྲིག་ཚོགས་ཆུང་།
༨༦། sMen - rTsis Journal (1995 vol-1, no.1) Editorial Board
༨༧། sMen - rTsis Journal (1995 vol-1, no.2) Editorial Board
༨༨། sMen - rTsis Journal (1996 vol-2, no.1) Editorial Board
༨༩། sMen - rTsis Journal (2000 vol-2, no. 2) Editorial Board
༩༠། sMen - rTsis Journal (2007 vol-4, issue 1) Editorial Board
༩༡། གཙུག་ལག ༡ སྐར་རྩིས་སྡེ་ཚན།
༩༢། གཙུག་ལག ༢ སྐར་རྩིས་སྡེ་ཚན།
གལ་ཆེའི་ལས་གཞི།
༡། སྨན་རྩིས་དྲ་བ་བཟོ་བསྐྲུན་བྱས་པ།
དུས་ཀྱི་འགྱུར་འགྲོས་དང་མཐུན་པར་དེང་རབས་ཀྱི་གློག་རྡུལ་དྲ་ལམ་བེད་སྤྱད་དེ་རང་རེའི་ཐུན་མོང་མ་ཡིན་པའི་སྨན་རྩིས་གཞུང་ལུགས་དང་། དེའི་ལག་ལེན་གྱི་ཁྱད་ཆོས་རྣམས་འཛམ་གླིང་སྟེང་གི་ཕྱི་ནང་མི་རིགས་དོན་གཉེར་ཅན་ཡོངས་ལ་སྤྱན་ལྟར་ཞུ་རྒྱུ་དང་། ལྷག་པར་དུ་བོད་ཀྱི་སྨན་རྩིས་གཉིས་ཀྱི་རིག་གཞུང་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་མཁན་རྣམས་ལ་དཔྱད་གཞིའི་ཡིག་ཆ་སོགས་ཀྱི་སླད་དུ་སྨན་རྩིས་གཉིས་ཀྱི་གཞུང་རྩ་བ་དང་འགྲེལ་བ་རྣམས་ཐད་ཀར་དྲྭ་ལམ་ནས་མཐུན་རྐྱེན་དུས་ཐོག་བསྐྲུན་ཐུབ་རྒྱུ་དང་། དེའི་ཁར་རང་རིགས་གཙོས་པའི་བོད་ཡིག་མཁྱེན་མཁན་དག་ལ་བོད་ཀྱི་སྨན་རྩིས་རིག་པའི་གཞུང་ནས་གསུངས་པའི་འཕྲོད་བསྟེན་སློབ་གསོ་དང་། ཉིན་རེའི་བྱེད་སྒོའི་རྣམ་གཞག་གི་སྐོར་ནས་ཀྱང་ངོ་སྤྲོད་ཞིབ་ཅིང་རྒྱས་པ་གློག་འཕྲུལ་དྲ་བ་ (website) ལམ་ནས་དུས་ནས་དུས་སུ་འབུལ་ལམ་ཞུ་རྒྱུ་དང་། དེ་འབྲེལ་གྱི་སྨན་རྩིས་ཡིག་ཆ་རྣམས་ཀྱང་གློག་འཕྲུལ་དུ་པར་རྩ་བཅུག་སྒྲིག་གི་ལས་རིམ་སོགས་སྤེལ་རྒྱུའི་སླད་དུ་སྨན་རྩིས་རིག་གཞུང་དྲ་བ་ཞིག་སྤྱི་ལོ་ ༢༠༡༠། ༧། ༡ ནས་དངོས་སུ་གསར་འཛུགས་ལག་བསྟར་གྱིས་སྤྱི་ལོ་ ༢༠༡༡། ༣། ༢༣ ཉིན་ཡོངས་སུ་ལེགས་འགྲུབ་ཀྱིས་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་སྨན་རྩིས་ཁང་ཚོགས་ཁང་དུ་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བཀའ་དྲིན་བསྐྱངས།
དང་པོ། སྔོན་འགྲོའི་ལས་རིམ།
དབུས་སྨན་རྩིང་ཁང་སྨན་རྩིས་ཞིབ་འཇུག་སྡེ་ཚན་ནས་བོད་ཡིག་ཐོག་གསར་དུ་བཟོ་བསྐྲུན་བྱས་པའི་སྨན་རྩིས་དྲྭ་བ་འདི་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཆེན་སྨན་དང་རྩིས་གཉིས་བརྗོད་བྱ་གཙོ་བོར་བཟུང་ནས་སྒྲུབ་བཞིན་པའི་རིག་གཞུང་དྲྭ་ཚིགས་ཤིག་ཡིན། འདིའི་བརྒྱུད་རིམ་ནི་སྤྱི་ལོ་ ༢༠༠༩ ལོ་ནས་བོད་གཞུང་སྨན་རྩིང་ཁང་གི་གནས་བབ་དང་ལས་འགན་གང་གི་ཐད་ནས་ཀྱང་འདི་ལྟའི་དྲྭ་བ་ཞིག་ཡོད་ན་ལེགས་ཚུལ་གྱི་གྲོས་འགོའི་བསམ་ཚུལ་ཞིག་སྡེ་ཚན་ནང་ཁུལ་དུ་བཏོན་པ་དང་། དེའི་ཐད་དུ་གླེང་སློང་བྱས་ཀྱང་ལག་ལེན་དངོས་སུ་འདེབས་མཁན་དཀོན་པའི་ཁར་ཇུས་འགོད་པ་དང་རྩོམ་སྒྲིག་པ་སོགས་ཆ་རྐྱེན་དགོས་ངེས་རྣམས་ཀྱང་དུས་ཐོག་འགྲིག་མིན་གྱི་རྐྱེན་པས་ཚད་མ་ལོངས་པར་དེ་མུར་ལུས།
དེ་ནས་སླར་ཡང་ ༢༠༡༠ ཟླ་ ༧ ཚེས་ ༡ ནས་འགན་གཞོན་སྨན་པ་འཇམ་དབྱངས་རྒྱ་མཚོས་འགན་ཁུར་གཙོ་བོའི་ཐོག་ལས་རོགས་སྨན་པ་ཨོ་ཤོད་བསོད་ནམས་སྒྲོལ་དཀར་དང་སྨན་པ་ཉི་མ་ཚེ་རིང་། སྨན་པ་སྐལ་བཟང་དོན་ལྡན། ལྷ་མོ་སྐྱིད་འཛོམས་བཅས་ལས་མི་ཡོང་ལ་ཆེད་བསྐུལ་དང་དགེ་བསྐུལ་གྱིས་ལས་གཞི་འདི་ཉིད་དམིགས་སུ་བཟུང་ནས་ལས་འཆར་གསར་དུ་བཀོད། དེ་ནས་གློག་ཀླད་ཆེད་མཁས་པ་དང་དྲྭ་བ་ཇུས་འགོད་པ་སེར་སྨད་རྒན་བློ་བཟང་སྨོན་ལམ་ལགས་སུ་དྲྭ་ཚིགས་འདིའི་དགོས་པ་རྒྱུ་མཚན་དང་བཅས་ཞུ་སྐུལ་འབྲེལ་གཏུགས་དང་སྙན་སྒྲོན་ཡང་ཡང་བྱས་པས་ཁོང་གིས་ཀྱང་དེ་ལྟར་བཟོ་རྒྱུའི་ཞལ་བཞེས་གནང་བ་དང་། དེ་བཞིན་ངེས་སྟོན་པའམ་སྨན་རྩིས་འགན་འཛིན་སྨན་རམས་པ་སྐུ་ངོ་རྟ་མགྲིན་མཆོག་ལའང་ལས་རིམ་གྱི་དགོས་དམིགས་དང་བྱུང་རིམ་སྙན་གསེང་དང་འབྲེལ་འཛིན་སྐྱོང་ནས་ཀྱང་གལ་ཆེའི་ལས་དོན་འདི་ལ་སྐུལ་ལྕག་དང་རྒྱབ་སྐྱོར་གྱིས་མཐར་སྤྱི་ལོ་ ༢༠༡༠། ༩། ༡༨ ཉིན་སྨན་རྩིས་རིག་གཞུང་ལྷན་ཚོགས་ནང་དེ་ལྟར་བཟོ་ཆོག་པའི་བཀའ་འཁྲོལ་ཐོབ་པ་བཞིན་ལས་རིམ་བསྒྲུབས།
གཉིས་པ། དྲྭ་བའི་མིང་། སྨན་རྩིས་དྲ་བ་ (www.mentsee.org) ཞེས་ཟེར།
གསུམ་པ། ས་བཅད་ཀྱི་གནས་སྟངས།
སྨན་རྩིས་དྲྭ་བ་འདིའི་ནང་དུ་རྩ་བའི་ས་བཅད་བཅུ་གཉིས་དང་། ནང་གསེས་སུམ་བཅུ་ཐམ་པ། ཡིག་ཆ་རིང་ཐུང་གྲངས་བརྒྱད་ཅུ་དང་ཁྱོན་བསྡོམས་ཐོག་མའི་ཆར་ཤོག་གྲངས་སུམ་སྟོང་མ་ཟིན་ཙམ་ཡོད་པ་དང་། དྲྭ་བའི་སྤྱི་འགྲོས་ཀྱི་བརྩི་ལུགས་ལྟར་ན་སྨན་རྩིས་དྲྭ་བ་འདིའི་ནང་དུ་ཡིག་སྣོད་དེ་ (File) ལྔ་སྟོང་བརྒྱ་དང་བརྒྱད་ཅུ་གྱ་དྲུག་ (༥༡༨༦) ཡོད།
བཞི་པ། ནང་ངོས་ཡིག་ཆའི་སྐོར།
༡། མདུན་ངོས། >>ནང་གསེས། >སྨན་རྩིས་དྲྭ་ཚིགས་སྐོར། སྨན་རྩིས་ཁང་གི་ངོ་སྤྲོད། ཡན་ལག་སྨན་ཁང་ཁག གསོ་རིག་ཐོན་དངོས། གསལ་བསྒྲགས། འབྲེལ་བ་གནང་ཡུལ། འབྲེལ་མཐུད། སོགས་ཡོད།
༢། བཀའ་སློབ། >>ནང་གསེས>ྋགོང་ས་མཆོག་གི་བཀའ་སློབ།
༣། ལོ་རྒྱུས། >>ནང་གསེས། >གསོ་རིག་ལོ་རྒྱུས། རྩིས་ཀྱི་ལོ་རྒྱུས།
༤། གཞུང་ལུགས། >>ནང་གསེས། >རྒྱུད་བཞི། བཻ་སྔོན། མེས་པོའི་ཞལ་ལུང་།
༥། སྨན་སྦྱོར། >>ནང་གསེས། >སྔོན་འགྲོའི་ཆ་རྐྱེན། དངོས་གཞིའི་སྦྱར་ཐབས།
༦། སྨན་བཅོས། >>ནང་གསེས། >བོད་ཀྱི་སྨན་བཅོས་རིག་པ། དྲ་ལམ་སྨན་བཅོས།
༧། རྩིས་རིག>>ནང་གསེས། >ཉིན་བྱེད་སྣང་བ། རྣམ་འགྲེལ་གསེར་ཤིང་། འབྱུང་རྩིས་ཟླ་ཟེར། ལོ་ཐོ། གནམ་གཤིས་སྔོན་བརྡ། ས་ཡོམ་གནས་ཚུལ།
༨། ཆེད་རྩོམ། >>ནང་གསེས། >སྨན་རྩིས་སྐོར་གྱི་རྩོམ་ཡིག
༩། གསར་འཕྲིན། >>ནང་གསེས། >འཕྲོད་བསྟེན། གསོ་རིག་ཐོན་དངོས། ཁྱབ་བསྒྲགས།
༡༠། དྲ་བརྙན། >>ནང་གསེས། >སྒྲ་རྐྱང་བའི་སྡེ་ཚན། (Audio) བརྙན་རིས་སྡེ་ཚན། (Video)
༡༡། པར་མཛོད། >>ནང་གསེས། >སྨན་རྩིས་ཁང་དང་འབྲེལ་བའི་པར་རིགས་སྣ་ཚོགས།
༡༢། གླེང་སྟེགས། >>ནང་གསེས། >སྨན་དང་རྩིས་ཀྱི་དཔྱད་གཞི་སྣ་ཚོགས་བཅས་ཡོད།
སྨན་རྩིས་དྲ་བ་འདི་ནི་འདི་ག་སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན་འདིས་ལོ་མང་རིང་རིག་གཞུང་དང་འབྲེལ་བའི་ལས་རིམ་གྱི་ཉམས་མྱོང་ལ་གཞིགས་ཏེ་འབད་བརྩོན་བྱས་པའི་གྲུབ་འབྲས་ལས་བྱུང་བ་ཞིག་ཡིན། དེ་བཞིན་གནད་དོན་དེ་གཞི་ལ་བཞག་སྟེ་བཙན་བྱོལ་བོད་གཞུང་སྨན་རྩིས་ཁང་གི་གནས་བབ་དང་ངོ་བོ་ལ་ཉམས་ཞིབ་བྱས་པ་བརྒྱུད་ནས་ཚོགས་པ་འདིའི་མཚན་གནས་རྗེས་འབྲེལ་དང་ལོ་རྒྱུས་ཀྱི་གནས་བབ། རིག་གཞུང་གི་འགན་འཁྲི། མི་འབོར་གྱི་ནུས་ཤུགས། དཔལ་འབྱོར་གྱི་ཆ་རྐྱེན་གང་ཅི་ནས་འདི་ལྟ་བུའི་ལས་དོན་ཞིག་བསྒྲུབ་དགོས་པ་འཕྱིས་མེད་ཀྱང་སྔ་མེད་པའི་གནས་སྟངས་སུ་མཐོང་བ་སོགས་ལ་བརྟེན་ནས་འཛིན་སྐྱོང་ལ་སྙན་གསེང་དང་འབྲེལ་བཀའ་འཁྲོལ་རྒྱབ་གཉེར་གནང་བ་དང་། དུས་མཚུངས་ལས་གཞི་འདི་ལ་རིག་གཞུང་ལྷན་ཚོགས་སུའང་གོ་བསྡུར་གྲོས་འཆམ་གནང་ནས་དགོས་ངེས་ཀྱི་རྒྱབ་གཉེར་ཆ་ཚང་ཐོབ་ཟིན་པའི་ལས་གཞི་གལ་ཆེན་ཞིག་ཡིན།
༡། སྨན་རྩིས་དྲ་བ་འདིའི་ངོ་བོ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་སྨན་དང་སྐར་དཔྱད་རྩིས་རིག་པ་འདི་གཉིས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཆེད་དུ་རྩ་ཆེའི་རིག་གཞུང་འདི་ཉིད་སྔར་ཡོད་ཁྱབ་སྤེལ་དང་། མེད་པ་ནང་འདྲེན། ཡོད་པ་རྒྱུན་འཛིན་བྱེད་རྒྱུ་བཅས་ཡིན།
༢། སྨན་རྩིས་དྲྭ་བ་འདིའི་གྲུབ་ཆ་ནི་སྨན་རྩིས་རིག་པའི་གཞུང་ལུགས་གཞིར་བཞག་སྟེེང་། གལ་ཆེའི་ལས་ཚན་འདི་དག་ཡོད་དེ། ༡། བཀའ་སློབ། ༢། ལོ་རྒྱུས། ༣། གཞུང་ལུགས། ༤། སྨན་སྦྱོར། ༥། སྨན་བཅོས། ༦། རྩིས་རིག ༧། རྩོམ་ཡིག ༨། གསར་འཕྲིན། ༩། གླེང་སྟེགས། ༡༠། སྒྲ་བརྙན། ༡༡། པར་མཛོད། བཅས་ཡིན།
༣། དོན་ཚན་འདི་དག་གཙོ་བོར་བཟུང་བའི་སྨན་རྩིས་དྲྭ་བ་འདིའི་ཕྱི་ནང་གི་ལས་གཞི་འདི་ཉིད་ནི་ད་ལྟ་ལེགས་འགྲུབ་ཡོངས་སུ་བྱུང་ཞིང་། མགོ་འཛུགས་ཀྱི་དུས་ཚོད་ནི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོའི་ཉིན་ཕྱིི་ལོ་ ༢༠༡༡ ལོའི་སྤྱི་ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་ྋགོང་ས་ལྷ་མིའི་རྣམ་འདྲེན་མཆོག་སྨན་རྩིས་ཁང་དུ་ྋཆིབས་བསྒྱུར་བཀའ་དྲིན་ཆེ་བསྐྱངས་སྐབས་དབུ་འབྱེད་བྱིན་འབེབས་མཛད་ཡོད། ཉིན་དེ་ནས་བཟུང་དྲ་བ་འདིའི་ལས་གཞི་དངོས་སུ་འགོ་བརྩམས་པ་ཡིན། དེར་བརྟེན་སྨན་རྩིས་དྲ་བ་འདི་ནི་སྤྱིར་སྨན་རྩིས་ཁང་གི་ལས་དོན་གལ་ཆེན་གྱི་རྣམ་གྲངས་གཙོ་བོ་ཞིག་ཡིན་པ་དང་། སྒོས་སུ་སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན་གྱི་གལ་ཆེའི་ལས་དོན་ཞིག་ཡིན་པར་བརྟེན་མགོ་འཛིན་སྐྱོང་ནས་མཇུག་འབྲེལ་ཡོད་སྡེ་ཚན་རྣམས་ནས་མཐུན་འགྱུར་དུས་ལྟར་ཆེ་གནང་ཡོང་རྒྱུ་ནི་ལས་དོན་འདིའི་གལ་ཆེའི་མཐུན་འགྱུར་གཙོ་བོ་ཆགས་ཡོད། དེས་ན་སྡེ་ཚན་འདིའི་ད་ལྟའི་ལས་གཞི་དང་མ་འོངས་ལས་འཆར་གྱི་དོན་ཚན་གསུམ་པོ་འདི་ནི་སྨན་རྩིས་ཁང་ལ་ཆ་བཞག་ན་རླབས་ཆེན་གྱི་ལས་གཞི་དགོས་ངེས་ཅན་ཞིག་ཡིན་པར་བརྟེན་དེང་རབས་ཀྱི་གློག་རྡུལ་དྲྭ་ལམ་བརྒྱུད་སྨན་རྩིས་ཀྱི་གཞུང་ལུགས་དང་། ལག་ལེན་ཀྱི་ཁྱད་ཆོས་རྣམས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱེད་བཞིན་པ་དང་། ལྷག་པར་དུ་སྨན་རྩིས་དྲྭ་བ་བཟོ་སྐྲུན་གྱིས་སྨན་རྩིས་རིག་གཞུང་གི་ལས་རིགས་རྣམས་དྲྭ་ལམ་ནས་ཐད་ཀར་རྩོམ་སྒྲིག་དང་རྒྱུད་འཛིན་དར་སྤེལ་བྱེད་བཞིན་ཡོད།
ད་ལྟའི་ལས་གཞི་དང་མ་འོངས་ལས་འཆར།
དོན་ཚན་དང་པོ། དཔེ་ཐོག་ཞིབ་འཇུག་སྐོར།
༡། བོད་ཀྱི་གསོ་བ་རིག་པའི་རྩ་བ་གཞུང་ཆེན་དཔལ་ལྡན་རྒྱུད་བཞི་དང་བོན་ལུགས་ཀྱི་འབུམ་བཞི། རྒྱ་གཞུང་ཡན་ལག་བརྒྱད་པ་རྩ་འགྲེལ་དང་འགྲེལ་ཆེན་ཟླ་ཟེར་བཅས་ཀྱི་ལྟ་གྲུབ་དང་། ཐ་སྙད། བརྡ་ཆད། ཚིག་སྦྱོར། རྩོམ་ལུགས་སོགས་ལ་ཞིབ་བསྡུར་གྱིས་བསྟན་བཅོས་དེ་དག་གི་རྒྱུད་རིམ་དང་སྔ་རྟིང་གི་ལོ་རྒྱུས་ལ་དབྱེ་ཞིབ་ཀྱིས་ཞིབ་འཇུག་དཔེ་དེབ་འདོན་སྤེལ་བྱ་རྒྱུ།
༢། རྒྱུད་ཚིག་གི་བརྡ་རྙིང་དང་གབ་ཚིག་སོགས་བརྡ་ཆད་གོ་དཀའ་བ་རྣམས་དང༌། གཞུང་གི་དངོས་བསྟན་དང་ཤུགས་བསྟན་ལས་རྟོགས་དགོས་པའི་གཙོ་གནད་དང་དཀའ་གནད། དོགས་གནད་ཀྱི་རིགས་སུ་གྱུར་བའི་ནང་དོན་ཐད་ལ་སྨན་གཞུང་རྙིང་གྲས་ཁག་ལ་ཞིབ་དཔྱད་དང༌། སྔོན་བྱོན་འགྲེལ་ལུགས་མི་མཐུན་པ་རྣམས་བསྡུ་རུབ་ཀྱིས་བལྟ་བདེའི་རེའུ་མིག་བཟོ་རྒྱུ།
༣། མུ་ཁྱུད་འཛིན་དང་ཐང་ལ་འབར་སོགས་དྲང་སྲོང་ཆེན་པོ་བརྒྱད་ཀྱིས་ཞུས་པར་གྲགས་པའི་འཕགས་ཡུལ་གྱི་གསོ་དཔྱད་རིག་པའི་གཞུང་ལུགས་གྲགས་ཅན་ ༼ཙ་ར་ཀ་སྡེ་བརྒྱད་༽ དང༌། སློབ་དཔོན་དཔའ་བོས་མཛད་པའི་༼ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་༽ལོ་ཆེན་རིན་ཆེན་བཟང་པོས་བོད་འགྱུར་སོགས་བསྟན་བཅོས་དག་ལ་ཞིབ་འཇུག་གིས་ཡུལ་དུས་དང་བསྟུན་པའི་སྨན་དཔྱད་དང༌། ནད་རིགས་འགོག་བཅོས་སོགས་ཀྱི་ཐད་ཕན་ནུས་མྱུར་ཐོན་གྱི་སྨན་སྦྱོར་དང༌། ཟས་སྤྱོད། སྔགས་སྲུང༌། རྫས་སྲུང་གི་རིགས་སྟབས་བདེ་ཡོད་མེད་ཞིབ་འཇུག་བྱེད་རྒྱུ།
༤། བོད་ཀྱི་གསོ་བ་རིག་པའི་མཚན་སྙན་འཛམ་གླིང་སྟེང་ཁྱབ་བརྡལ་སོང་བ་དང་བསྟུན་དེ་ལ་དོ་སྣང་བྱེད་མཁན་གྱི་མཁས་བླུན་བར་མ་ཅི་རིགས་ནས་ཨིིན་ཡིག་གིས་མཚོན་པའི་ཕྱི་རྒྱལ་སྐད་ཡིག་སྟེང་བོད་ཀྱི་གསོ་རིག་དང་འབྲེལ་བའི་དཔྱད་བརྗོད་ཁུངས་ལྡན་ཡིན་མིན་སྣ་ཚོགས་ཤིག་འགྲེམས་སྤེལ་བྱེད་བཞིན་པ་དེ་རིགས་ལ་དུས་ཐོག་ལན་འདེབས་གསེད་བཀྲོལ་བྱ་ཐབས་ལ་བརྩོན་རྒྱུ།
དོན་ཚན་གཉིས་པ། དཔེ་རྙིང་མཁོ་བསྒྲུབ་དང་ཡིག་ཆ་ཕྱོགས་བསྒྲིགས།
༡། དཔེ་རྒྱུན་ཆད་ལ་ཉེ་བའི་སྨན་རྩིས་རིག་པའི་བརྩམས་ཆོས་གྲགས་ཅན་ཁག་མྱུར་སྐྱོབ་ཆེད་བལ་ཡུལ་དང༌། འབྲས་ལྗོངས། འབྲུག་ཡུལ། ལ་དྭགས། གར་ཤ སྤི་ཏི། མོན་ཡུལ། སོག་ཡུལ། ཨུ་རུ་སུ་སོགས་ལ་ཡོད་པའི་དཔེ་མཛོད་ཁང་དང་དགོན་སྡེ་ཁག་ལ་ཐད་ཀར་འབྲེལ་བ་དང་ཕྱོགས་བསྐྱོད་བྱས་ཏེ། དེ་དག་ཏུ་ཡོད་པའི་སྨན་རྩིས་རིག་པའི་དཔེ་དེབ་རྣམས་འཚོལ་ཞིབ་དང་། ཡང་ན་མ་ཕྱི་གཡར་ཞུས་ཀྱིས་པར་བཤུས་དང་གློག་ཀླད་དུ་པར་འཇུག་སོགས་བྱེད་པ།
༢། བོད་ཀྱི་སྨན་རྩིས་རིག་པའི་སྐོར་ལ་བོད་ཡིག་ཐོག་ད་བར་དུ་རྩོམ་ཡིག་དང་དཔེ་དེབ་གྲངས་ཇི་ཙམ་བྱུང་ཡོད་མེད་ཀྱི་མཚན་ཐོ་བསྡུ་རུབ་དང་འབྲེལ། ད་ལྟ་དངོས་སུ་གནས་ཡོད་པའི་དཔེ་དེབ་ཁག་དང་མེད་པའི་སྐོར་ལ་རིགས་གཉིས་སུ་དགར་ནས་འཚོལ་བསྡུ་དང་འབྲེལ་གལ་ཆེའི་ལས་གཞི་བརྩམ་རྒྱུ།
༣། ཕྱི་ལུགས་དང་། རྒྱ་ནག་གི་ཀྲུང་དབྱིའི་ལུགས། རྒྱ་གར་གྱི་སྔར་སྲོལ་ཚེའི་རིག་བྱེད་སོགས་ལུགས་གཞན་གྱི་ནད་གཞི་དང༌། སྨན་རྫས། བཅོས་ཐབས་སོགས་ཀྱི་ཐ་སྙད་རྣམས་བོད་ཕྱི་ནང་གཉིས་དང༌། སྨན་རྩིས་ཁང་གི་སྨན་པ་ནང་ཁུལ་ལ་མཚོན་ནའང་གཅིག་གྱུར་མེད་པར་བྱུང་རྒྱལ་དུ་སྤྱོད་བཞིན་པ་འདིས་རང་རེའི་རིག་གཞུང་ཉམས་ཆག་གཏོང་བཞིན་ཡོད་པས། གསར་བྱུང་གི་མིང་དང་། བརྡ་ཆད་དམ་ཐ་སྙད་རྣམས་ཕྱོགས་བསྒྲིགས་དང༌། དེ་དག་གི་གོ་དོན་དང་ཁྱབ་ཚད་ལ་ཞིབ་འཇུག་གིས་གཅིག་གྱུར་གཏན་འབེབས་ཡོང་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུ།
༤། བོད་ཀྱི་སྨན་རྩིས་རིག་པའི་གཞུང་དུ་ཡོད་བཞིན་པའི་ཆོས་ཕྱོགས་ཀྱི་ཆོ་ག་དང་ཕྱག་ལེན་རྣམས་ཉམས་རྒུད་དུ་འགྲོ་བཞིན་པའི་རིགས་དཔེར་ན། སྦྱིན་སྲེག་དང༌། སྨན་སྒྲུབ། ཐིག་རྩ། མཆོད་བཞེངས། གདངས་དབྱངས། རོལ་གར་སོགས་ཀྱི་ཕྱག་ལེན་དག་གྲུབ་མཐའ་རིས་མེད་ཀྱི་ཆོས་བརྒྱུད་ཁག་གི་བླ་སྤྲུལ་དང༌། རྒན་རབས། གཞོན་རབས་སོགས་གོ་རྟོགས་ཡོད་པའི་འབྲེལ་ཡོད་རྣམས་དང་། དེ་བཞིན་དགོན་སྡེ་ཁག་གི་དཔེ་མཛོད་སོགས་སུ་དེ་དང་འབྲེལ་བའི་གཏེར་ཆོས་གསུང་འབུམ་ཇི་ཡོད་བརྩད་ཞིབ་དང་ཐབས་འཚོལ་བྱ་རྒྱུ།
༥། བོད་ཕྱི་ནང་གཉིས་ཀྱི་སྨན་པ་དང་རྩིས་པ་བགྲེས་གཞོན་ཁྲོད་ལོ་མང་ནང་ནད་ཐོག་དངོས་ཀྱི་ཉམས་མྱོང་དང་རྒྱུད་ཀྱི་དགོངས་དོན་ཟུང་དུ་སྦྲེལ་ཏེ་སྨན་བཅོས་དང་རྩིས་རིག་པའི་རྩ་དོན་མི་ཉུང་བ་གང་ཡོད་རྣམས་བརྙན་པར་ལེན་པ་དང་། སྒྲ་འཇུག་བྱེད་པ། ཚིག་ཐོ་རྒྱག་པ། ཟིན་བྲིས་སུ་ཕབ་པ། པར་དུ་རྒྱག་པ་བཅས་དང་། གཞན་དུས་དེབ་དང་ཚོགས་འདུ་གལ་ཆེན་གྱི་གཏམ་བཤད་དང་རྩོམ་རིགས་ཚད་ལྡན་རྣམས་ཕྱོགས་བསྒྲིགས་དང་ཉར་ཚགས་འགྲེམས་སྤེལ་བྱ་རྒྱུ།
༦། སྨན་རྩིས་ཀྱི་གཞུང་རྙིང་གྲས་དང༌། འཚོ་བཞེས་སྨན་རྩིས་པ་བགྲེས་གཞོན་རྣམས་ཀྱིས་གསོ་དཔྱད་དང་རྩིས་རིག་སྐོར་ལ་འབྲེལ་བའི་གསར་རྩོམ་ཇི་བྱུང་ཁག་ལ་སྤུས་ཚད་ལོང་མིན་དང་དཔར་སྐྲུན་བྱེད་འོས་མིན་ལ་ཞིབ་འཇུག་བྱ་རྒྱུ་བཅས་སོ།།
དོན་ཚན་གསུམ་པ། ལས་བྱེད་འཕོ་འགྱུར།
ཕྱི་ལོ་༡༩༩༥ ཟླ་ ༤ ཚེས་ ༢ ནས་སྡེ་ཚན་འདི་ཐོག་མར་༼གནས་ཚུལ་ཕྱོགས་སྒྲིག་དང་དཔར་བསྐྲུན་སྡེ་ཚན།༽༼གནས་དཔར་སྡེ་ཚན།༽ ཞེས་པའི་མཚན་བྱང་འོག་དབུ་བརྙེས།
༡༽ འགན་འཛིན་དང་པོའི་སྐབས་ལས་བྱེད་གསར་པ་བསྐོ་བཞག་གནང་བ་གྲངས་༡༨། ༼༡༩༩༥། ༥། ༡། -༢༠༠༡། ༨། ༢༡བར། ༽
སྨན་པ་༨། སྐར་རྩིས་པ་༣། ལས་བྱེད་༢། ལས་དྲུང་༤། དེབ་རིགས་བདག་ཉར་དང་ཚོང་འགྲེམས་པ་༢། བཅས་བསྡོམ་ལས་བྱེད་གྲངས་༡༨།
༢༽ འགན་འཛིན་གཉིས་པའི་སྐབས་ལས་བྱེད་གསར་པ་བསྐོ་བཞག་གནང་བ་གྲངས་༡། ༼༢༠༠༡། ༨། ༢༡-༢༠༠༥། ༣། ༩བར། ༽
སྔར་ཡོད་སྨན་པ་༣། སྐར་རྩིས་པ་༢། ལས་དྲུང་༢། དེབ་རིགས་བདག་ཉར་དང་ཚོང་འགྲེམས་པ་༡། སྟེང་འགན་འཛིན་སྨན་པ་གསར་པ་བསྐོ་བཞག་གནང་བ་༡། བཅས་བསྡོམ་ལས་བྱེད་གྲངས་༩།
༣༽ འགན་འཛིན་གསུམ་པའི་སྐབས་ལས་བྱེད་གསར་པ་བསྐོ་བཞག་གནང་བ་གྲངས་༤། ༼༢༠༠༥། ༣། ༩-༢༠༠༨། ༡༠། ༡༽
སྔར་ཡོད་སྨན་པ་༢། ལས་དྲུང་༡། དེབ་རིགས་བདག་ཉར་དང་ཚོང་འགྲེམས་པ་༡། སྟེང་འགན་འཛིན་སྨན་པ་གཙོས་པའི་སྨན་པ་༤། བསྡོམ་ལས་བྱེད་གྲངས་༨།
༤༽ འགན་འཛིན་བཞི་པའི་སྐབས་ལས་བྱེད་གསར་པ་བསྐོ་བཞག་གནང་བ་མི་གྲངས་༤། ༼༢༠༠༩། ༣། ༢-༢༠༡༠། ༧། ༡ ། བར། ༽
སྔར་ཡོད་སྨན་པ་༤། ལས་དྲུང་༡། དེབ་རིགས་བདག་ཉར་དང་ཚོང་འགྲེམས་པ་ ༡། སྟེང་སྨན་པ་ ༢། དང་སྐར་རྩིས་པ་ ༢། བཅས་བསྡོམས་ད་ཡོད་ལས་བྱེད་གྲངས་བཅུ་ཡོད་པ་བཅས་སོ།། །།
མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:53 AM
<< སྔ་མ།