སྨན་རྩིས་དྲ་བ། - གསེར་འོད་འབར་བའི་དུས་རབས་གཅིག

སྨན་རྩིས་མཐོ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.04.2016
གསེར་འོད་འབར་བའི་དུས་རབས་གཅིག >>

<< གསེར་འོད་འབར་བའི་དུས་རབས་གཅིག་གི་བཤུལ་ལམ >>

 

སྨན་རྩིས་མཐོ་སློབ།

སྨན་རྩིས་མཐོ་རིམ་སློབ་གཉེར་ཁང་ནི་བོད་ཀྱི་སྨན་རྩིས་རིག་པའི་གཞུང་ལུགས་ཐོག་ཕྱི་ནང་མི་རིགས་དབྱེར་མེད་ཀྱི་བསླབ་པ་དོན་གཉེར་ཅན་ལ་སྨན་རྩིས་ཀྱི་ཤེས་ཡོན་སློབ་སྦྱོང་སྤྲོད་སའི་གལ་གནད་ཆེ་བའི་རིག་གཞུང་སྡེ་ཚན་ཞིག་ཡིན་ཞིང་། སློབ་མའི་བསྡུ་ཁུངས་ནི་བོད་རིགས་གཞོན་སྐྱེས་གཙོས། རྒྱ་གར་དང་བལ་པོ། ཨུ་རུ་སུ། སོག་པོ། ཉི་ཧོང་། ཀོ་རི་ཡ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སློབ་ཕྲུག་བསྡུ་བཞེས་གནང་བཞིན་ཡོད། སྨན་སློབ་རྣམས་ལ་བསླབ་གཞི་གཙོ་བོ་རྒྱུད་བཞིའི་ཆ་ལག་དང་བཅས་པ་དང་། རྩིས་སློབ་རྣམས་ལ་སྐར་རྩིས་དང་འབྱུང་རྩིས། དབྱངས་འཆར་གསུམ་ཡིན་ལ། སྨན་རྩིས་གཉིས་ཀྱི་གཞུང་དང་ལག་ལེན་གཙོ་བོའི་སྟེང་ནང་ཆོས་དང་། བརྡ་སྤྲོད་རིག་གནས། ཚན་རིག་སོགས་ཕྱི་ནང་གི་ཤེས་ཡོན་གང་མང་སློབ་ཁྲིད་བྱེད་བཞིན་པ་མ་ཟད། རྒྱུན་ལྡན་སློབ་མའི་བྱེད་སྒོའི་ནང་འཛིན་ཚོགས་སློབ་ཁྲིད་དང་དཔེ་མཛོད་ཁང་དུ་དཔེ་གཟིགས། གཏམ་བཤད་སྦྱོང་བརྡར། སྨན་རྒྱུ་གཙང་བཟོ། སྨན་བཏོག་སྨན་རྩིས་དུས་དེབ་འདོན་སྤེལ། རྒྱུད་བཞི་དག་འདོན་དང་སྨན་བླའི་སྟོང་མཆོད། ལུགས་གཞན་གྱི་སྨན་གཞུང་དང་ལག་ལེན་གྱི་རྨང་གཞིའི་ཤེས་བྱ་སྦྱོང་བརྡར། བོད་ཀྱི་སྨན་རྩིས་རིག་པའི་བསླབ་གཞི་ཙམ་མ་ཡིན་པར་སྨན་རྩིས་པར་མཁོ་བའི་མྱོང་ཁྲིད་ལག་ལེན་སོགས་རྣམ་དཔྱོད་གོང་མཐོར་གཏོང་ཐབས་ཀྱི་ལས་ལ་བརྩོན་བཞིན་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་བཞིན་ཡོད།


ད་ལྟའི་ཆར་སྨན་པ་དཀའ་བཅུ་བའི་གཞུང་ཚད་བསླབ་པ་མཐར་སོན་པ་གྲངས་༢༩༦ དང་། རྩིས་པ་དཀའ་བཅུ་བ་གྲངས་ ༤༩ གསོ་སྐྱོང་དང་དེའི་ཁོངས་སུ་ཧི་མ་ལ་ཡའི་མི་རིགས་གྲངས་ ༢༡ རུ་སོག་དང་། ཀོ་རི་ཡ། ཉི་ཧོང་སོགས་ཕྱི་རྒྱལ་བ་གྲངས་ ༡༥ བཅས་བྱུང་ཡོད། སྨན་རམས་པ་ཆུང་བའི་གཞུང་ཚད་བསླབ་པ་མཐར་སོན་པ་གྲངས་ ༧༧ དང་རྩིས་རམས་པ་ཆུང་བ་གྲངས་ ༡༠ དེ་བཞིན་སྨན་རམས་པ་འབྲིང་བའི་གཞུང་ཚད་བསླབ་པ་མཐར་སོན་པ་གྲངས་ ༢༣ དང་། རྩིས་རམས་པ་འབྲིང་བའི་གྲངས་ ༥ བཅས་བྱུང་ཡོད།


མཐོ་སློབ་འདི་ནས་སློབ་མཐར་ཕྱིན་པའི་ཆེད་ལས་སྨན་རྩིས་པ་རྣམས་སྤྱིར་འཛམ་གླིང་ཡུལ་གྲུ་འདྲ་མིན་དང་། སྨན་རྩིས་ཁང་གི་ཆེད་ལས་སྡེ་ཚན། རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་གི་འཕྲོད་བསྟེན་སྡེ་ཁགཡང་སྒོས་བཙན་བྱོལ་བོད་མི་གནས་སྡོད་གཞིས་ཆགས་ཁག་དང་། རྒྱ་བལ་གྱི་གྲོང་ཁྱེར་སོགས་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ལྔ་བཅུ་ང་ལྔའི་ནང་སྤྱི་ཚོགས་བདེ་དོན་དང་འཕྲོད་བསྟེན་ཞབས་འདེགས་རྒྱ་ཆེར་བསྒྲུབས་དང་སྒྲུབ་བཞིན་ཡོད། སློབ་མཐར་ཕྱིན་ལ་ཉེ་བའི་སྨན་སློབ་སྐབས་བཅུ་བདུན་ལ་སློབ་མ་གྲངས་ཉེར་གཅིག་དང་། རྩིས་སློབ་སྐབས་དགུ་པ་དང་བཅུ་པར་སློབ་མ་གྲངས་ཉེར་གཉིས། སྨན་སློབ་སྐབས་བཅོ་བརྒྱད་དང་བཅུ་དགུར་སློབ་གཉེར་གནང་བཞིན་པའི་སློབ་མ་གྲངས་དྲུག་ཅུ་རེ་གཉིས་བཅས་ཁྱོན་བསྡོམས་སློབ་མ་གྲངས་ ༡༠༥ ཡོད། ཕྱི་ལོ་ ༢༠༠༥ ཟླ་ ༤ ཚེས་ ༡༥ ཉིན་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཐེངས་བཞི་བཅུ་ཞེ་བརྒྱད་པ་བསྐྱངས་སྐབས་བཀའ་འཁྲོལ་ཞུས་ཐོབ་བྱུང་བ་བཞིན། དབུས་འཛིན་སྐྱོང་གིས་ལོ་ཤས་ནང་ས་ཆ་ཐབས་འཚོལ་དང་གནས་སྡོད་རྒྱལ་ཁབ་ཀྱི་ཁྲིམས་ཐོག་དེབ་སྐྱེལ་འགྲོ་ལུགས་འོག་ཞིབ་ཕྲའི་ཨར་ལས་ཀྱི་འཆར་འགོད་དང་འགྲོ་གྲོན་ཐད་འབད་བརྩོན་ལྷོད་མེད་གནང་ནས་མཐོ་སློབ་འཛུགས་སྐྲུན་ཐུབ་ཚེ། སློབ་ཕྲུག་གི་གྲངས་ཚད་སུམ་བརྒྱ་བར་སྤར་རྒྱུ་དང་། སློབ་མའི་དུས་སྐབས་ནས་རིག་པའི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་ཐུབ་པ། སྨན་ལུགས་གཞན་གྱི་མཐོ་སློབ་གང་མང་དང་ལྷན་དུ་ཤེས་ཡོན་སྤེལ་རེས། བོད་ཀྱི་གསོ་བ་རིག་པར་ཕྱི་མི་དོན་གཉེར་ཅན་ལ་གོ་སྐབས་བསྐྲུན་རྒྱུ་སོགས་ཀྱི་མཐུན་རྐྱེན་དགོས་ངེས་ཐོག་འགྱུར་ལྡོག་ཡོང་རྒྱུར་སྨོས་མི་དགོས་པ་མ་ཟད། ཉེ་བའི་ཆར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དགོངས་ལྟར་རིགས་གཅིག་རྐང་འཛིན་གྱི་གྲངས་ཚད་ཀྱང་འཕར་སྣོན་ཐུབ་པའི་ཐབས་ལ་འབད་བརྩོན་བྱེད་རྒྱུ་ནི་ང་ཚོའི་ཕྲག་ཐོག་ཏུ་བབས་པའི་ལས་འགན་ཞིག་ལ་ངོས་འཛིན་ཞུ་རྒྱུ་དང་། བོད་ཀྱི་གསོ་བ་རིག་པ་རྨང་གཞིར་བཟུང་ཏེ་(ཨྰཡུརྦེད།) (ཡུནཱནཱི) (སིདྡྷ།) དེང་རབས་ཀྱི་ཚན་རིག ཀྲུང་ལུགས་བཅས་ནས་ལེགས་ཆ་བསྡུ་ལེན་བྱས་ཐོག་སྨན་རྩིས་བསྟན་པ་སྔར་ལས་དར་རྒྱས་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་འགྱུར་ཐབས་ལ་བརྩོན་བཞིན་ཡོད།




སྨན་སློབ་ཀྱི་གྲངས་ཐོ།

 

སློབ་ཐོན་རིམ་པ།

 

སློབ་འཇུག་གྲངས།

བོད་རིགས།

རྒྱ་གར་བ།

ཕྱི་རྒྱལ་བ།

 

སློབ་ཐོན་གྲངས།

ཕོ།

མོ།

ཕོ།

མོ།

ཕོ།

མོ།

སྨན་སློབ་སྐབས་དང་པོ།

08

03

0

0

0

0

0

3

སྨན་སློབ་སྐབས་གཉིས་པ།

14

3

5

0

0

0

0

8

སྨན་སློབ་སྐབས་གསུམ་པ།

18

6

2

1

0

0

0

9

སྨན་སློབ་སྐབས་བཞི་པ།

5

1

1

0

0

0

0

2

སྨན་སློབ་སྐབས་ལྔ་པ།

32

16

9

4

0

0

0

29

སྨན་སློབ་སྐབས་དྲུག་པ།

18

11

7

0

0

0

0

18

སྨན་སློབ་སྐབས་བདུན་པ།

25

11

7

5

0

0

0

23

སྨན་སློབ་སྐབས་བརྒྱད་པ།

23

14

4

0

3

0

0

21

སྨན་སློབ་སྐབས་དགུ་པ།

29

12

12

2

0

0

0

26

སྨན་སློབ་སྐབས་བཅུ་པ།

19

10

5

0

0

1

0

16

སྨན་སློབ་སྐབས་བཅུ་གཅིག

27

11

8

0

0

2

1

22

སྨན་སློབ་སྐབས་བཅུ་གཉིས།

25

15

4

1

0

1

3

24

སྨན་སློབ་སྐབས་བཅུ་གསུམ།

24

14

10

0

0

0

0

24

སྨན་སློབ་སྐབས་བཅུ་བཞི།

24

10

7

0

0

2

2

21

སྨན་སློབ་སྐབས་བཅོ་ལྔ།

26

10

9

0

1

0

0

20

སྨན་སློབ་སྐབས་བཅུ་དྲུག

29

12

9

1

0

2

1

25

སྨན་སློབ་སྐབས་བཅུ་བདུན།

29

10

9

2

0

0

0

21

སྨན་སློབ་སྐབས་བཅོ་བརྒྱད།

31

17

14

0

0

0

1

32

སྨན་སློབ་སྐབས་བཅུ་དགུ།

30

15

12

2

0

0

0

29

རྩིས་སློབ་ཀྱི་གྲངས་ཐོ།

རྩིས་སློབ་སྐབས་དང་པོ།

6

4

0

0

0

0

0

4

རྩིས་སློབ་སྐབས་གཉིས་པ།

18

7

4

1

0

0

0

12

རྩིས་སློབ་སྐབས་གསུམ་པ།

4

3

1

0

0

0

0

4

རྩིས་སློབ་སྐབས་བཞི་པ།

5

5

0

0

0

0

0

5

རྩིས་སློབ་སྐབས་ལྔ་པ།

12

8

3

0

0

0

0

11

རྩིས་སློབ་སྐབས་དྲུག་པ།

7

6

1

0

0

0

0

7

རྩིས་སློབ་སྐབས་བདུན་པ།

13

7

4

0

0

0

0

11

རྩིས་སློབ་སྐབས་བརྒྱད་པ།

9

1

4

0

0

0

0

5

རྩིས་སློབ་སྐབས་དགུ་པ།

8

3

3

0

0

0

0

6

རྩིས་སློབ་སྐབས་བཅུ་པ།

18

5

11

0

0

0

0

16

 


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 10:36 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།