སྨན་རྩིས་དྲ་བ། - སྨན་རྩིས་འདོན་ཆོག

སྨན་རྩིས་བསྟན་རྒྱས་སྨོན་ལམ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.07.2024
སྨན་རྩིས་འདོན་ཆོག >>

 



༄༅།། སྨན་རྩིས་བསྟན་རྒྱས་སྨོན་ལམ་བཞུགས་སོ།།

མཁྱེན་པའི་རང་གཟུགས་འཇམ་དཔལ་རྡོ་རྗེ་དང་།། ཟླ་མེད་སྙིང་རྗེའི་གཏེར་འཆང་མིག་མི་འཛུམ།། མཐུ་སྟོབས་དབང་ཕྱུག་གསང་བའི་བདག་པོ་སྟེ།། རིགས་གསུམ་རྒྱལ་བས་དེང་འདིར་ཤིས་པར་མཛོད།། ལས་སྨོན་གསེར་གྱི་ས་གཞིར་བསྐྱེད་བསྲིང་བའི།། སྨན་རྩིས་འདུས་པའི་གནག་ཀླུང་རབ་རྒྱས་ཤིང་།། ཆོས་སྤྱོད་རྣམ་བཅུའི་ལོ་འབྲས་དུད་བཞིན་དུ།། འགྲོ་འདིའི་ངལ་གསོ་མཆོག་ཏུ་འགྱུར་བར་ཤོག། ཐུགས་མཐུན་ཁྲིམས་གཙང་བསླབ་གསུམ་རྣམ་དག་ཅིང་།། ཕྱི་ནང་བར་གཅོད་ཉེར་འཚེས་མི་བརྫི་བར།། རྒྱ་ཆེར་ཐོས་བསམ་སྒོམ་པའི་བགྱི་བ་ལ།། ཉིན་མཚན་ཀུན་ཏུ་གཡེལ་བ་མེད་པར་ཤོག། ནད་སེལ་སྨན་དང་བླང་དོར་འབྱེད་པའི་རྩིས།། རྒྱལ་བ་བདེ་གཤེགས་སེམས་དཔའ་ཆེ་རྣམས་ཀྱིས།། ཇི་ལྟར་བསྟན་པའི་གཞུང་ལུགས་མ་ལུས་པ།། འཁྲུལ་བྲལ་ཇི་བཞིན་བདེ་བླག་རྟོགས་པར་ཤོག། བསྟན་པ་དེ་འཛིན་དཔོན་སློབ་འཁོར་བཅས་ཀྱི།། སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་།། འགྲོ་བའི་དོན་ལ་བརྩོན་པ་ལྷུར་ལེན་གྱིས།། དམ་པའི་རྣམ་ཐར་ཚུལ་བཞིན་སྐྱོང་བར་ཤོག། ཐུབ་བསྟན་རིས་མེད་སྤྱི་དང་ཁྱད་པར་དུ།། སྨན་བླ་དྲང་སྲོང་རྒྱལ་བའི་རིང་ལུགས་དང་།། ཕུག་པའི་བཞེད་གཞུང་གཙུག་ལག་རྩིས་རིག་བཅས།། ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག། ཅེས་པའང་རིག་ལམ་འདི་གཉིས་ལ་མོས་གུས་བག་ཆགས་མི་དམན་པ་ྋརྒྱལ་དབང་ཕྱག་ན་པདྨོའི་བླ་སྨན་བོད་གཞུང་སྨན་རྩིས་འགོ་འཛིན་པྲཉྫཱ་མ་ཎིས་རབ་ཚེས་ཤིང་བྱི་ཐ་སྐར་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་གཉིས་པའི་ཚེས་ལ་སྨོན་པ་དགེའོ།། །།







མཐའ་མའི་འདོན་ཐེངས་།: 04.07.2024 ཉིན། 2:34 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།