སྨན་རྩིས་ཁང་དུ་གཟིགས་ཞིབ་ཆེད་ཕེབས། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.04.2022 |
དྷ་ས་སྨན་རྩིས་ཁང་དུ་གཟིགས་ཞིབ་ཆེད་ཕེབས།
ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༡ དང་ ༢༢ ཉིན་གཉིས་རིང་རྒྱལ་ས་དིལླི་ནས་རྒྱ་གར་དབུས་གཞུང་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ཀྱི་ཡུ་ནཱ་ནི་དང་། སིདྡྷ། གསོ་བ་རིག་པའི་ཚོགས་ཆུང་གི་ཚོགས་གཙོ་ Dr. K. Jagannathan ལགས་དང་། དིལླི་ནས་རྒྱ་གར་དབུས་གཞུང་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་ཀྱི་ཀུན་སྤྱོད་དང་དེབ་སྐྱེལ་ཚོགས་ཆུང་གི་ཚོགས་གཙོ་ Mr. Vaidya Rakesh Sharma ལགས་རྣམ་གཉིས་བཞུགས་སྒར་སྨན་རྩིས་ཁང་དབུས་སུ་གཞུང་འབྲེལ་གཟིགས་ཞིབ་ཏུ་ཕེབས་པ་རེད། ཁོང་རྣམ་པ་གཉིས་སྨན་རྩིས་ཁང་གི་སྨན་སྦྱོར་སྡེ་ཚན་དང་། སྨན་རྩིས་མཐོ་སློབ་སྡེ་ཚན་དུ་བསྐྱོད་དེ་འབྲེལ་ཡོད་དགེ་ལས་རྣམས་དང་ཐུགས་ཕྲད་ཀྱིས་ཕན་ཚུན་བཀའ་མོལ་གནང་ཡོད།
དེ་བཞིན་ཕྱི་ཚེས་ ༢༥ ཉིན་ཀང་རའི་ཁུལ་གྱི་ཚེའི་རིག་བྱེད་ཀྱི་འགན་འཛིན་གཞོན་པ་ Dr. Sarita Rana ལགས་དང་། ཀང་ར་རྫོང་ཁོངས་ཚེའི་རིག་བྱེད་ཀྱི་འགོ་བྱེད་ Dr. Anjali Sharma ལགས་དང་། སྐུ་ཚབ་གཙོ་བོ་ Dr. Satish Gandharne ལགས་རྣམ་པའང་དྷ་ས་སྨན་རྩིས་མཐོ་སློབ་ཁང་དུ་ཕེབས་པ་རེད།
མཐའ་མའི་འདོན་ཐེངས་།: 20.07.2022 ཉིན། 2:21 PM
<< སྔ་མ།