སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

སྨན་མཛོད་དང་སྨན་ཚོང་སྡེ་ཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>


སྨན་མཛོད་དང་སྨན་ཚོང་སྡེ་ཚན་གྱི་འཕེལ་རིམ་དང་གནས་བབས།

སྡེ་ཚན་འདི་ནི་ཐོག་མར་སྨན་མཛོད་ཚན་པའི་ངོ་བོར་བཙུགས་ཤིང་། ཕྱི་ལོ་ ༡༩༩༤ ལོར་སྨན་མཛོད་དང་སྨན་ཚོང་ཚན་པ་གཉིས་སྡེ་ཚན་གཅིག་གི་ངོ་བོར་བཙུགས་ཏེ་ད་ལྟ་འགན་འཛིན་སྐབས་གསུམ་པའི་ལས་ཁུར་ཞུ་བཞིན་ཡོད། སྤྱིར་སྔར་ནས་གསོལ་སྨན་བཟོས་ཟིན་པ་རྣམས་ལ་བདག་གཉེར་བྱེད་མཁན་ཡོད་ངེས་ཀྱང་དེ་དུས་དམིགས་བསལ་བདག་གཉེར་ཁང་ཞེས་ཚན་པ་དང་སྡེ་ཚན་ལོགས་སུ་མེད་ཅིང་། རིམ་པས་ཚན་པའི་ངོ་བོ་ནས་སྡེ་ཚན་གྱི་ངོ་བོར་བཙུགས་པ་ཞིག་ཡིན།


སྡེ་ཚན་འདི་ལ་ནང་གསེས་ཚན་པ་བཞི་ཡོད་ཅིང་། སྡེ་ཚན་འདིས་སྨན་སྦྱོར་ཁང་དང་སྔོ་སྦྱོར་གཉིས་ནས་བཟོ་སྐྲུན་ཟིན་པའི་རིན་ཆེན་རིལ་བུས་གཙོས་སྨན་སྤྱི་དང་ཕྱིར་ཚོང་ཅ་དངོས་རིགས་རྩིས་བཞེས་ཀྱིས་བདག་གཅེས་དོ་དམ་གཟབ་ནན་བྱེད་རྒྱུ་དང༌། ཕྱོགས་མཐའི་ཡན་ལག་ཁག་དང་། སྨན་བཙོང་བཅས་ལ་གསོལ་སྨན་དང་ཕྱིར་ཚོང་ཐོན་དངོས་མངགས་རིམ་བཞིན་དུས་ཐོག་གཏོང་བ། སྨན་དང་ཐོན་དངོས་རྫོགས་མཚམས་ཐོ་འགོད་ཀྱིས་འབྲེལ་ཡོད་སྡེ་ཚན་ལ་འབུལ་རྒྱུ་དང་། སྨན་དང་ཕྱིར་ཚོང་དངོས་སོགས་ཀྱི་རྩིས་ཁྲ་ཁག་ཁམས་གཙང་ཉར་ཚགས། ཕྱི་རྒྱལ་ཁག་ལ་ཡིག་ཟམ་སྨན་བཅོས་གནང་བཞིན་པའི་སྨན་རྣམས་མཁོ་གཏོང་བྱེད་བཞིན་ཡོད།


སྡེ་ཚན་འདིའི་འགན་འཁུར་བ་དག་གི་མིང་གཞུང་དང་འགན་ཁུར་དུས་ཡུན།

༡༽ཚེ་བརྟན་རྣམ་རྒྱལ། ༡༩༩༤ ནས་ཡུན་རིང་གནང་།
༢༽ལྷ་རྩེ་རྡོ་རྗེ། དམིགས་བསལ་འགན་འཛིན་དུ་བསྐོ་བཞག་གནང་མེད་པས་ལོ་དུས་མེད།

༣༽བསྟན་འཛིན་རྡོ་རྗེ། ༢༠༠༥ ནས་གནང་མུས།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:59 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།