སྨན་བླའི་གཟུངས་སྔགས་གྲངས་གསོག་བཀའ་ལུང་ཕེབས་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.06.2024 |
སྨན་བླའི་གཟུངས་སྔགས་གྲངས་གསོག་བཀའ་ལུང་ཕེབས་པ།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་མིའི་གཟུགས་སུ་རྣམ་པར་རོལ་བ་དེ་ཉིད་དུས་ཡུན་གང་འཚམ་ཞིག་ནས་ཞབས་པུས་སྙུང་གཞི་བཞེས་རྐྱེན་གྱིས་མི་རིང་བར་ནུབ་ཕྱོགས་ཨ་རི་ཡུལ་གྲུར་སྨན་བཅོས་སླད་དུ་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་པ་དང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་རྒྱལ་བའི་སྐུ་ཕྱྭའི་སླད་གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་ཞུས་སྐབས་བཀའ་ལུང་དུ་རང་ཅག་རྒྱལ་བའི་ཐུགས་རྗེའི་དཀྱིལ་འཁོར་འོག་འཚོ་བཞུགས་མཆོག་དམན་ཀུན་གྱིས་ཞབས་རིམ་དུ་སངས་རྒྱས་སྨན་བླའི་གཟུངས་སྔགས་འགྲོ་གང་ཆེ་གྲངས་གསོག་དགོས་པ་བཀའ་ཕེབས་ཡོད་པ་དང་། ཞབས་རིམ་གསོག་གྲུབ་ཀྱི་སྒྲུབ་ཐོ་ས་གནས་སོ་སོའི་ལས་ཁུངས་བརྒྱུད་ཟླ་ ༦ ཚེས་ ༢༧ རེས་གཟའ་ཕུར་བུའི་ཉིན་འབུལ་ཐུབ་པ་དགོས་པའི་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ནས་གསལ་བསྒྲགས་སྤེལ་ཡོད་པ་གཤམ་དུ་གཟིགས།
དེ་བཞིན་གཤེགས་པ་སངས་རྒྱས་སྨན་བླའི་གཟུངས་སྔགས་རྒྱས་པ་ནི།
ཐུགས་རྗེས་འགྲོ་བའི་དོན་མཛད་བཅོམ་ལྡན་འདས།།
མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སྐྱོབ།།
དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།།
བཻཌཱུརྱའི་འོད་ལ་ཕྱག་འཚལ་ལོ།།
ཨོཾ་ ནམོ་ བྷགཝཏེ་ བྷཻཥཛྱེ་ གུརུ་ བཻཌཱུརྱ་ པྲབྷ་ རཱཛཱཡ་ ཏཐཱགཏཱཡ་ ཨརྷཏེ་ སམྱཀ་ སཾབུདྡྷཱཡ། ཏདྱཐཱ། ཨོཾ་ བྷཻཥཛྱེ་ བྷཻཥཛྱེ་ མཧཱ་ བྷཻཥཛྱེ་ བྷཻཥཛྱེ་ རཱཇཱཡ་ སམུདྒཏེ་ སྭཱཧཱ།
ओं नमो भगवते भैषज्ये गुरु वैडूर्य प्रभ राजाय तथागताय अर्हते सम्यक संबुद्धाय तद्यथा ओम् भैषज्ये भैषज्ये महा भैषज्ये भैषज्ये राजाय समुद्गते स्वाहा।
Om Namo Bhagvate Bhaishajaye Guru Vaidurya Prabha Rajaya Tatha-Gataya Arhate Samyak Sam Buddhaya Tad-Yatha Om Bhaishajaye Bhaishajaye Maha Bhaishajaye Bhaishajaye Rajaya Samudgate Svaha
སྨན་བླའི་གཟུངས་སྔགས་བསྡུས་པ་ནི།
ཏདྱཐཱ། ཨོཾ་ བྷཻཥཛྱེ་ བྷཻཥཛྱེ་ མཧཱ་ བྷཻཥཛྱེ་ བྷཻཥཛྱེ་ རཱཇཱཡ་ སམུདྒཏེ་ སྭཱཧཱ།
तद्यथा ओम् भैषज्ये भैषज्ये महा भैषज्ये भैषज्ये राजाय समुद्गते स्वाहा।
Tad-Yatha Om Bhaishajaye Bhaishajaye Maha Bhaishajaye Bhaishajaye Rajaya Samudgate Svaha
མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད།།
ཆོས་གྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ།།
སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི།།
བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ།། །།
མཐའ་མའི་འདོན་ཐེངས་།: 17.06.2024 ཉིན། 2:58 PM
<< སྔ་མ།