སྨན་རྩིས་དྲ་བ། - མདུན་ངོས།

སྨན་པ་གཙོ་བོ་མཆོག་ལ་གཡུ་ཐོག་གཟེངས་རྟགས་བསྩལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.10.2019
མདུན་ངོས། >>


སྨན་པ་གཙོ་བོ་མཆོག་ལ་གཡུ་ཐོག་གཟེངས་རྟགས་བསྩལ།

འདི་ལོའི་ཟླ་ ༩ ཚེས་ ༡༡ ཉིན་རྒྱལ་ས་དིལླིའི་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་སྨན་རྩིས་ཁང་གི་སྨན་པ་གཙོ་བོ་སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་མཆོག་ལ་གསོ་རིག་བསྟན་པར་བྱས་རྗེས་རླབས་ཆེན་བཞག་གནང་བའི་ངོས་འཛིན་གྱིས་གཡུ་ཐོག་གཟེངས་རྟགས་ཕུལ་བཞེས་གནང་ཡོད།

དེ་ཡང་ཉིན་དེ་ནི་གསོ་རིག་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་གསོ་བ་རིག་པའི་ཉིན་མོ་ཞེས་ཐེངས་དང་པོ་དེ་སྲུང་བརྩི་ཞུས་པ་རེད། དེ་ནི་ཕྱི་ལོ་ ༡༩༦༡ ཟླ་ཚེས་འདི་རང་ལ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་བོད་ཀྱི་སྲོལ་རྒྱུན་སྨན་རྩིས་རིག་པའི་བསྟན་པའི་མེ་རོ་སླར་གསོ་མཛད་པའི་དྲན་རྟེན་དུ་སྲུང་བརྩི་ཞུ་འགོ་འཛུགས་པ་ཞིག་ཡིན། འདི་ལོ་ཐེངས་དང་པོའི་ཉིན་གྱི་མཛད་སྒོར་དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་།  བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟོན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག དེ་བཞིན་རྒྱ་གར་སྨན་གྱི་ལྷན་ཚོགས་ཀྱི་ཚོགས་མི་པདྨ་འགྱུར་མེད་ལགས་ཕེབས་ཡོད། ལྷག་པར་སྐུ་མགྲོན་གཙོ་བོར་ཨྰཡུཥ་ལྷན་ཁང་གི་དྲུང་འཕར་སྐུ་ཞབས་པྲམོད་ཀུམྰར་པྰཋཀ་ཆེད་ཕེབས་ཀྱིས་ཁོང་གི་ཕྱག་ཟུང་ནས་སྐུ་བཅར་སྨན་པ་ཚེ་དབང་རྟ་མགྲིན་མཆོག་ལ་གཡུ་ཐོག་གཟེངས་རྟགས་ཀྱི་ཕྱག་འཁྱེར་བསྩལ་ཡོད།

གཡུ་ཐོག་གཟེངས་རྟགས་དེ་བཞིན་ཐོག་མར་ཕྱི་ལོ་ ༢༠༠༩ ལོར་དབུ་ཚུགས་ཞུས་ཤིང་། དེ་ནས་ལོ་གསུམ་རེ་མཚམས་སུ་ཟུར་འཛུགས་ཞུས་པའི་འདེམས་སྒྲུག་ཚོགས་ཆུང་གིས་འོས་ཆོས་ཚང་བའི་འོས་གཞི་གསུམ་ནས་ལྔའི་བར་གང་ཞིག་ལ་མང་མོས་སམ་སྤྱི་མོས་ཀྱི་ལམ་ནས་ཆེ་བསྟོད་བྱ་རྒྱུའི་ཐག་གཅོད་གནང་བཞིན་ཡོད། ད་ཐེངས་ཀྱི་གཡུ་ཐོག་གཟེངས་རྟགས་དེ་ཐེངས་བཞི་པ་ཆགས་ཡོད།།

མཐའ་མའི་འདོན་ཐེངས་།: 05.10.2019 ཉིན། 2:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།