སྨན་རྩིས་དྲ་བ། - ཆེད་རྩོམ།

སྨན་གཞུང་བརྩམས་བསྒྱུར་སྐོར་གྱི་དཔྱད་བསྡུས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 12.10.2015
ཆེད་རྩོམ། >>

 

 

༄༅། །གསོ་བ་རིག་པའི་གཞུང་ལུགས་བརྩམ་བསྒྱུར་སྐོར་གྱི་དཔྱད་བསྡུས།


- སྨན་པ་ཚེ་རིང་མཚམས་གཅོད།

ཆེད་ལས་རྒྱུན་ལས། གསོ་རིག་སྨན་པའི་ལྷན་ཚོགས།

 

 

 

ཀ དགོས་དམིགས།

སྔར་ཆོས་རྒྱལ་རིམ་པའི་སྐུ་དུས་སུ་བོད་ནང་ཕྱི་ནང་མི་རིགས་ཀྱི་སྨན་ལུགས་མཁས་པ་མང་པོ་གདན་ཞུས་བསྡུས་འཛོམས་ཐོག་དཔྱད་ཞིབ་ཀྱིས་གསོ་རིག་དང་འབྲེལ་བའི་བསྟན་བཅོས་མང་པོ་བརྩམས་ཞིང་། ལྷག་པར་རྒྱ་བལ་གཙོས་ཁྱིམ་མཚེས་ཡུལ་གྲུ་ཁག་གི་རིག་གཞུང་ངོ་སྤྲོད་དང་། གསོ་རིག་ཤེས་ཡོན་བརྗེ་ལེན་གྱིས་གཞུང་ལུགས་མང་དག་ཅིག་བོད་སྐད་དུ་བསྒྱུར་ཡོད་པ་ལོ་རྒྱུས་ཁག་ཏུ་གསལ། འོན་ཀྱང་དུས་ཕྱིས་སུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་བརྩམ་བསྒྱུར་གྱི་རྒྱུན་ཧ་ལམ་ཆད་པ་ལྟ་བུ་སྣང་བཞིན་འདུག་ན་དེ་ལྟའི་རྒྱུན་བཟང་སླར་གསོ་ཡོང་བའི་ཆེད་དུ་དང་། ལྷག་པར་ྋགོང་ས་མཆོག་གིས་བཀའ་འགྱུར་བསྟན་འགྱུར་དེ་མཆོད་པ་བྱེད་རྒྱུ་ཙམ་མ་ཡིན་པར་དེ་དག་སློབ་སྦྱོང་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་ལན་མང་ཕེབས་པ་རྣམས་སེམས་ལ་བཅང་ནས་གཤམ་དུ་བཀའ་འགྱུར་དང་། བསྟན་འགྱུར་གཙོས་བོད་སྐད་དུ་གསོ་རིག་གཞུང་ལུགས་གསར་དུ་བརྩམས་པ་གང་དང་། སྐད་གཞན་ནས་བསྒྱུར་བའི་གསོ་རིག་གཞུང་ལུགས་ཁག་གི་མཚན་བྱང་ཟུར་འདོན་དང་མཆན་བཅས་མིག་དཔེའི་ཚུལ་དུ་བཀོད་ཡོད།


 

ཁ བརྗོད་བྱ།

༡། སྡེ་དགེ་བཀའ་འགྱུར་ལས་གསོ་རིག་སྡེ་ཚན།

༢། སྡེ་དགེ་བསྟན་འགྱུར་ལས་གསོ་རིག་དང་འབྲེལ་བའི་ཡིག་ཆ།

༣། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བར་གྲགས་པའི་གསོ་རིག་གཞུང་ལུགས།

༤། བྱང་ཆུབ་སེམས་དཔས་གསུངས་པར་གྲགས་པའི་གསོ་རིག་གཞུང་ལུགས།

༥། ལྷ་དང་དྲང་སྲོང་རྣམས་ཀྱི་གསུངས་པར་གྲགས་པའི་གསོ་རིག་གཞུང་ལུགས།

༦། དཔལ་མགོན་འཕགས་པ་ཀླ་སྒྲུབ་ཀྱིས་མཛད་པར་གྲགས་པའི་གསོ་རིག་སྐོར།

༧། དཔལ་མགོན་ཕ་ཁོལ་དང་ཁ་ཆེ་ཟླ་བ་མངོན་དགས་མཛད་པའི་གསོ་རིག་བསྟན་བཅོས།

༨། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་གསོ་རིག་དང་འབྲེལ་བའི་བརྩམས་བསྒྱུར།

༩། ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམས་སྐུ་དུས་བསྒྱུར་བརྩམས།

༡༠། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་བསྒྱུར་བརྩམས།

༡༡། ལོ་ཙྰ་བ་བཻ་རོ་ཙ་ནའི་བསྒྱུར་བརྩམས།

༡༢། རྒྱལ་པོའི་བླ་སྨན་མི་དགུའི་བསྒྱུར་བརྩམས།

༡༣། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་རིང་ནས་བཟུང་བསྒྱུར་བརྩམས་གྲགས་ཆེ་བ་འགའ།

༡༤། ཕྱི་ལོ་༡༩༥༩ རྗེས་ཀྱི་བསྒྱུར་བརྩམས།


 

༡། སྡེ་དགེ་བཀའ་འགྱུར་ལས་གསོ་རིག་སྡེ་ཚན།

འདུལ་བ་གཞི།1 འདུལ་བ་ཕྲན་ཚེགས་ཀྱི་གཞི།2 འཕགས་པ་དགའ་བོ་ལ་མངལ་ན་གནས་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།3 འཕགས་པ་ཚེ་དང་ལྡན་པ་དགའ་བོ་ལ་མངལ་དུ་འཇུག་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།4 ཚེའི་མཐའི་མདོ།5 ཚེ་འཕོ་བ་ཇི་ལྟར་འགྱུར་བའི་མདོ།6 མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ།7 རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ།8 འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻཌྰུརྱའི་འོད་ཀྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།9 འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ།10 འཕགས་པ་གཞན་འབྲུམ་རབ་ཏུ་ཞི་བར་བྱེད་པའི་མདོ།11 འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས།12 འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས།13 རིམས་ནད་ཞི་བའི་གཟུངས།14 འཕགས་པ་རིམས་ནད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས།15 འབྲུམ་བུའི་ནད་ཞི་བར་བྱེད་པའི་གཟུངས།16 བདུད་རྩི་འབྱུང་བ་ཞེས་བྱ་བའི་གཟུངས།17 སྐྲན་ཞི་བའི་གཟུངས།18 མ་ཞུ་བའི་ནད་འབྱང་བའི་གཟུངས།19 དུག་ཞི་བར་བྱེད་པ་ཞེས་བྱ་བ།20 རྨ་འབྱོར་བར་བྱེད་པ་ཞེས་བྱ་བའི་གཟུངས་སྔགས།21 མེའི་ཟུག་རྔུ་རབ་ཏུ་ཞི་བར་བྱེད་པའི་གཟུངས།22 མཁྲིས་པའི་ནད་སེལ་བའི་སྔགས།23 བད་ཀན་གྱི་ནད་སེལ་བའི་གཟུངས།24 ཀྵ་ཡའི་ནད་སེལ་བའི་སྔགས།25 འཕགས་པ་རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་པ་ཞེས་བྱ་བའི་གཟུངས།26 བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད།27 རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ཅེས་བྱ་བ།28 འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས།29 དེ་བཞིན་གཤེགས་པ་སྨན་གྱི་བླའི་སྙིང་པོའི་གཟུངས།30 འཕགས་པ་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས།31 རིམས་ནད་ཞི་བའི་གཟུངས།32 འཕགས་པ་མིག་ནད་རབ་ཏུ་ཞི་བར་བྱེད་པའི་མདོ།33 དུག་ཐམས་ཅད་ཞི་བར་བྱེད་པའི་གཟུངས།34

-----------------------------------------------------

1 TBC No.1. འདུལ་བ། ཀ [ka.1b-311a]

2 TBC No.6. འདུལ་བ། ཐ། [Tha.1b-310a]

3 TBC No.57. དཀོན་བརྩེགས། ག [Ga.205b-236b]

4 TBC No.57. དཀོན་བརྩེགས། ག [Ga.237a-248a]

5 TBC No.307 མདོ་སྡེ། ས། [Sa.139a-145b]

6 TBC No.308 མདོ་སྡེ། ས། [Sa.145b-155a]

7 TBC No.362 རྒྱུད་འབུམ། ཀ [Ka.22b-128b]

8 TBC No.370 རྒྱུད་འབུམ། ཁ [Kha.1b-125a]

9 TBC No.504 རྒྱུད་འབུམ། ད། [Da.274a-283b]

10 TBC No.620 རྒྱུད་འབུམ། བ། [Ba.60b-61a]

11 TBC No.621 རྒྱུད་འབུམ། བ། [Ba.61a-161b]TBC No.1020གཟུངས་འདུའ།ཝཾ།[Wam.181b7-183a1]

12 TBC No.622 རྒྱུད་འབུམ། བ། [Ba.62a-62a]TBC No.1014གཟུངས་འདུའ།ཝཾ།[Wam.116b1-116b3]

13 TBC No.623 རྒྱུད་འབུམ། བ། [Ba.62b-62b]

14 TBC No.624 རྒྱུད་འབུམ། བ། [Ba.62b-62b]

15 TBC No.625 རྒྱུད་འབུམ། བ། [Ba.62b-63a] TBC No.1016གཟུངས་འདུའ།ཝཾ།[Wam.180b4-181a5]

16 TBC No.626 རྒྱུད་འབུམ། བ། [Ba.63a-63a] TBC No.1019གཟུངས་འདུའ།ཝཾ།[Wam.181b5-181b6]

17 TBC No.645 རྒྱུད་འབུམ། བ། [Ba.129a-129b]

18 TBC No.783 རྒྱུད་འབུམ། ཝ། [Wa.114a2-114a6] TBC No.1060གཟུངས་འདུའ།ཝཾ།[Wam.190a1-190a4]

19 TBC No.784 རྒྱུད་འབུམ། ཝ། [Wa.114a7-114b1] TBC No.1021གཟུངས་འདུའ།ཝཾ།[Wam.183a1-183a3]

20 TBC No.795 རྒྱུད་འབུམ། ཝ། [Wa.116a2-116a4]

21 TBC No.798 རྒྱུད་འབུམ། ཝ། [Wa.116b1-116b3] TBC No.1054གཟུངས་འདུའ།ཝཾ།[Wam.189a6-189a7]

22 TBC No.799 རྒྱུད་འབུམ། ཝ། [Wa.116b3-116b4] TBC No.1055གཟུངས་འདུའ།ཝཾ།[Wam.189b1-189b2]

23 TBC No.800 རྒྱུད་འབུམ། ཝ། [Wa.116b4-116b5] TBC No.1056གཟུངས་འདུའ།ཝཾ།[Wam.189b2-189b3]

24 TBC No.801  རྒྱུད་འབུམ། ཝ། [Wa.116b6-116b7] TBC No.1057གཟུངས་འདུའ།ཝཾ།[Wam.189b3-189b5]

25 TBC No.802 རྒྱུད་འབུམ། ཝ། [Wa.116b7-117a1] TBC No.1058གཟུངས་འདུའ།ཝཾ།[Wam.189b5-189b6]

26 TBC No.803 རྒྱུད་འབུམ། ཝ། [Wa.117a2-117a4]

27 TBC No.845 དུས་འཁོར་འགྲེལ་བཤད། ཤྲི། [Sri.1b1-469a7]

28 TBC No.850 གཟུངས་འདུས། ཨེ། [E.62a6-64a2]

29 TBC No.862 གཟུངས་འདུས། ཨེ། [E.87a6-87a7]

30 TBC No.1015 གཟུངས་འདུས། ཝཾ། [Wam.180b2-180b3]

31 TBC No.1017 གཟུངས་འདུས། ཝཾ། [Wam.181a5-181a7]

32 TBC No.1018 གཟུངས་འདུས། ཝཾ། [Wam.181a7-181b5]

33 TBC No.1051 གཟུངས་འདུས། ཝཾ། [Wam.188b7-189a2]

34 TBC No.1284 བསྟན། རྒྱུད། ཏ། [Ta.139a1-139b7] TBC No.2586 བསྟན། རྒྱུད། ངུ་། [N'u.151a2-151b3]


 

༢། སྡེ་དགེ་བསྟན་འགྱུར་ལས་གསོ་རིག་དང་འབྲེལ་བའི་གཞུང་།

སྤྱན་དབྱེ་བའི་ཆོ་ག1 འཆི་བ་བསླུ་བའི་མན་ངག2 རྨི་ལམ་བརྟག་པ།3 ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་བསྒྲུབ་ཐབས།4 ཀླུ་རིགས་བཞི་མནན་པའི་ཆོ་ག་ཞེས་བྱ་བ།5 མཛེ་ནད་ཀྱི་མཚན་ཉིད་ཅེས་བྱ་བ།6 རྨི་ལམ་ངེས་པར་བསྟན་པ།7 ཚེ་སྒྲུབ་པའི་ཐབས།8 རླུང་གནས་ནད་ཀྱི་བརྟག་པ་ཞེས་བྱ་བ།9 ལུས་ཀྱི་རྩ་ཐིག་མཉམ་པ་ཉིད་ཀྱི་མན་ངག་ཅེས་བྱ་བ།10 འབྱུང་བ་བཞིའི་སྲིད་པའི་ཆགས་ལུགས་ཞེས་བྱ་བ།11 སྙིང་གི་དུག་སྦྱོང་བ།12 དཔལ་སྤྱན་རས་གཟིགས་ཀྱིས་ནད་སྲུང་བའི་ཆོ་ག13 སྤྱན་རས་གཟིགས་ཀྱིས་ནད་བསལ་བའི་ཆོ་ག14 འཕགས་པ་སྤྱན་རས་གཟིགས་ཀྱིས་ཀླུ་གསོ་བའི་ཆོ་ག15 མཛེ་ནད་གསོ་བ།16 གདོན་ཐམས་ཅད་བརླག་པར་བྱེད་པ། རྡོ་རྗེ་ཐོ་བ་ཞེས་བྱ་བ།17 ལྷའི་གདོན་ལས་ཐར་བར་བྱེད་པའི་མན་ངག18 འབྱུང་པོའི་གདོན་ལས་ཐར་བར་བྱེད་པའི་མན་ངག19 དྲི་ཟའི་གདོན་ལས་ཐར་བར་བྱེད་པའི་མན་ངག20 ཚངས་པའི་གདོན་ལས་ཐར་བར་བྱེད་པའི་མན་ངག21 སྲིན་པོའི་གདོན་ལས་ཐར་བར་བྱེད་པའི་མན་ངག22 ཤ་ཟའི་གདོན་ལས་ཐར་བར་བྱེད་པའི་མན་ངག23 ཀླུའི་གདོན་ལས་ཐར་བར་བྱེད་པའི་མན་ངག24 ལོག་འདྲེན་གྱི་གདོན་ལས་ཐར་བར་བྱེད་པའི་མན་ངག25 བརྗེད་བྱེད་ཀྱི་གདོན་ལས་ཐར་བར་བྱེད་པའི་མན་ངག26 སྨྱོ་བྱེད་ཀྱི་གདོན་ལས་ཐར་བར་བྱེད་པའི་མན་ངག27 ལྷ་མ་ཡིན་གྱི་གདོན་ལས་ཐར་བར་བྱེད་པའི་མན་ངག28 གཞོན་ནུའི་གདོན་བཞི་ལས་ཐར་བར་བྱེད་པའི་མན་ངག29 གནོད་སྦྱིན་གྱི་གདོན་ལས་ཐར་བར་བྱེད་པའི་མན་ངག30 བྱིས་པའི་གདོན་ལས་ཐར་བར་བྱེད་པའི་བསྒྲུབ་པ་གསང་བ་མེའི་འཁོར་ལོ་ཞེས་བྱ་བ།31 ཚ་བའི་རིམས་ཀྱི་དགྲ་བསད་པའི་རལ་གྲིའི་འཁོར་ལོ་ཞེས་བྱ་བ།32 མིག་གི་དབང་པོ་ཉམས་པ་གསོ་བའི་ཆོ་ག་གསལ་བའི་སྣང་བ་ཞེས་བྱ་བ།33 རྣ་བའི་དབང་པོ་ཉམས་པ་དང་དེའི་ནད་གསོ་བའི་ཆོ་ག34 སྣའི་དབང་པོ་ཉམས་པ་དང་ན་བ་གསོ་བ་དྲི་མ་དང་བྲལ་བའི་སྦྱོང་བྱེད་ཅེས་བྱ་བ།35 ལྕེའི་དབང་པོ་ཉམས་པ་གསོ་བའི་ཆོ་ག་པདྨ་རྒྱས་པ་ཞེས་བྱ་བ།36 ལུས་ཀྱི་དབང་པོ་ཉམས་པ་དང་ལུས་ན་བ་གསོ་བའི་ཆོ་ག་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ།37 གཞན་གྱི་ལྕེ་འབབ་པ་བཟློག་པ་ཞེས་བྱ་བ།38 གཟའི་གདོན་ནས་གྲོལ་བར་བྱེད་པའི་ཆོ་ག་རིན་པོ་ཆེ་གྲོལ་ཅེས་བྱ་བ།39 ཀླུ་ཆེན་པོ་བརྒྱད་མཆོད་པས་མི་བཟད་པའི་ནད་ཡམས་དྲག་པོ་ལས་མཐར་བར་བྱེད་པ།40 ཀླུའི་གདོན་ལས་གྲོལ་བར་བྱེད་པ་སྦྲུལ་འཛིན་བསད་པ་ཞེས་བྱ་བ།41 མི་བཟད་པའི་ནད་ཞི་བར་བྱེད་པ་གསེར་གྱི་རྒྱ་མཚོ་ཞེས་བྱ་བ།42 མཛེ་ལ་སོགས་པ་ས་བདག་གི་ནད་གསོ་བ།43 རིམས་སྲུང་བའི་ཆོ་ག44 སེམས་བརྟག་པ།45 བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག46 ཕུང་པོ་ལྔའི་ཤེས་པ།47 དངུལ་ཆུ་གྲུབ་པའི་བསྟན་བཅོས།48 སྤོས་ཀྱི་སྦྱོར་བ་རེའུ་ཆར་བྱས་པ།49 སྤོས་ཀྱི་སྦྱོར་བ་རེའུ་ཆར་བྱེད་པའི་ཐབས་བཤད་པ།50 མི་དཔྱད་ཀྱི་བསྟན་བཅོས་བསྡུས་པ།51 རྟའི་ཚེའི་རིག་བྱེད་ཤ་ལི་ཧོ་ཏྲས་བསྟུས་པ་ཞེས་བྱ་བ།52 སྨན་དཔྱད་གཅེས་པ་གྲུབ་པ་ཞེས་བྱ་བ།53 འཕགས་པ་རྩ་བའི་མཛོད་སྨན་ཆེན་པོའི་རིམ་པ།54 རྩ་བརྟག་ཅིང་གཏན་ལ་འབེབས་པའི་རབ་ཏུ་དབྱེ་བ།55 ཚེའི་རིག་བྱེད་མཐའ་དག་གི་སྙིང་པོ་བསྡུས་པའི་གླེགས་བམ་གྱི་ཆེད་བརྗོད་བསྒྱུར་བྱང་སྨོན་ལམ་གྱི་རིམ་པ།56 འཕགས་ཡུལ་ཕ་ཧའི་སྨན་པ་ད་ན་ན་སའི་སྨན་བཅོས།57 མིག་འབྱེད་མཐོང་བ་དོན་ལྡན།58

-----------------------------------------------------

1 TBC No.1748 བསྟན། རྒྱུད། ཤ [S'a.118b7-133b3] A. Ngag-gi-dban-phyug grag-pa T.Dipamkarasrijnana, Rinchen bSangpo.

2 TBC No.1749 བསྟན། རྒྱུད། ཤ [S'a.133b1-135a4] T. Vibhuticandra.

3 TBC No.2143 བསྟན། རྒྱུད། ཚི། [Tshi.216a5-219a3] T.Zla-babzang-po, Dar-matshul-khrims.

4 TBC No.2143 བསྟན། རྒྱུད། ཚི། [Tshi.254b5-255a7] A.Jabari-pa. T.Devapuranamati, Chos-kyi bzan-po.

5 TBC No.2163 བསྟན། རྒྱུད། ཚི། [Tshi.267a3-268b4] A.Jabari-pa. T.Devapuranamati, Chos-kyi bzan-po.

6 TBC No.2233 བསྟན། རྒྱུད། ཝི། [Wi.111a7-111b6] A.Gnis-midrdo-rje. T.Vajrapani,Nag-tsho Tshul-khrims rgyal

7 TBC No.2336 བསྟན། རྒྱུད། ཞི། [Shi.299b3-299b6]

8 TBC No.2407 བསྟན། རྒྱུད། ཟི། [Zi.30b3-31b3]

9 TBC No.2210 བསྟན། རྒྱུད། ཟི། [Zi.32a6-32b3] A. Nikuni.

10 TBC No.2211 བསྟན། རྒྱུད། ཟི། [Zi.32b3-32b6]A. Carapati.

11 TBC No.2415 བསྟན། རྒྱུད། ཟི། [Zi.34a7-35a3]

12 TBC No.2792 བསྟན། རྒྱུད། ནུ། [Nu.156a3-156a7] A.Ajitamitragupta, T.Srijaganmitrananda, Buddhasrijnana R.Gnubs Byams-pa

13 TBC No.2821 བསྟན། རྒྱུད། ནུ། [Nu.170b3-171a7] A.Ajitamitragupta, T.Srijaganmitrananda, Buddhasrijnana R.Gnubs Byams-pa

14 TBC No.2822 བསྟན། རྒྱུད། ནུ། [Nu.171b1-171b5] A.Ajitamitragupta, T.Srijaganmitrananda, Buddhasrijnana R.Gnubs Byams-pa

15 TBC No.2823 བསྟན། རྒྱུད། ནུ། [Nu.171b5-172b2] A.Ajitamitragupta, T.Srijaganmitrananda, Buddhasrijnana R.Gnubs Byams-pa

16 TBC No.2824 བསྟན། རྒྱུད། ནུ། [Nu.172b2-173a2] A.Ajitamitragupta, T.Srijaganmitrananda, Buddhasrijnana R.Gnubs Byams-pa

17  TBC No.2979 བསྟན། རྒྱུད། པུ། [Pu.50a6-51a6] A.Ye-ses rdo-rje

18 TBC No.2980 བསྟན། རྒྱུད། པུ། [Pu.51a6-51b3] A.Ye-ses rdo-rje 

19 TBC No.2981 བསྟན། རྒྱུད། པུ། [Pu.51b3-51b7] A.Ye-ses rdo-rje

20 TBC No.2982 བསྟན། རྒྱུད། པུ། [Pu.51b7-52a4] A.Ye-ses rdo-rje

21 TBC No.2983 བསྟན། རྒྱུད། པུ། [Pu.52a4-52b2] A.Ye-ses rdo-rje

22 TBC No.2984 བསྟན། རྒྱུད། པུ། [Pu.52b2-52b7] A.Ye-ses rdo-rje

23 TBC No.2985 བསྟན། རྒྱུད། པུ། [Pu.52b7-53a4] A.Ye-ses rdo-rje

24 TBC No.2986 བསྟན། རྒྱུད། པུ། [Pu.53a4-53a7] A.Ye-ses rdo-rje

25 TBC No.2987 བསྟན། རྒྱུད། པུ། [Pu.53b1-53b6] A.Ye-ses rdo-rje

26 TBC No.2988 བསྟན། རྒྱུད། པུ། [Pu.53b6-54a2] A.Ye-ses rdo-rje

27 TBC No.2989 བསྟན། རྒྱུད། པུ། [Pu.54a2-54a7] A.Ye-ses rdo-rje

28 TBC No.2990 བསྟན། རྒྱུད། པུ། [Pu.54a7-54b3] A.Ye-ses rdo-rje

29 TBC No.2991 བསྟན། རྒྱུད། པུ། [Pu.54b3-55a4] A.Ye-ses rdo-rje

30 TBC No.2992 བསྟན། རྒྱུད། པུ། [Pu.55a4-55b2] A.Ye-ses rdo-rje

31 TBC No.3000 བསྟན། རྒྱུད། པུ། [Pu.60a4-60b5] A.Ye-ses rdo-rje

32 TBC No.3008 བསྟན། རྒྱུད། པུ། [Pu.63b4-63b7] A.Ye-ses rdo-rje

33 TBC No.3011 བསྟན། རྒྱུད། པུ། [Pu.64b3-65a1] A.Ye-ses rdo-rje

34 TBC No.3012 བསྟན། རྒྱུད། པུ། [Pu.65a1-65b1] A.Ye-ses rdo-rje

35 TBC No.3013 བསྟན། རྒྱུད། པུ། [Pu.65b1-65b5] A.Ye-ses rdo-rje

36 TBC No.3014 བསྟན། རྒྱུད། པུ། [Pu.65b1-66a2] A.Ye-ses rdo-rje

37 TBC No.3015 བསྟན། རྒྱུད། པུ། [Pu.66a2-67a11] A.Ye-ses rdo-rje

38 TBC No.3026 བསྟན། རྒྱུད། པུ། [Pu.72a1-72a4] A.Ye-ses rdo-rje

39 TBC No.3034 བསྟན། རྒྱུད། པུ། [Pu.76a2-76b4] AMar-me-mdsad bzan-po

40 TBC No.3039 བསྟན། རྒྱུད། པུ། [Pu.81b2-82b5] AMar-me-mdsad bzan-po

41 TBC No.3041 བསྟན། རྒྱུད། པུ། [Pu.83a3-84b4] AMar-me-mdsad bzan-po

42 TBC No.3043 བསྟན། རྒྱུད། པུ། [Pu.85b4-86a1] A.Ye-ses rdo-rje

43 TBC No.3094 བསྟན། རྒྱུད། པུ། [Pu.188b3-188b7]

44 TBC No.3097 བསྟན། རྒྱུད། པུ། [Pu.190a1-190a6]

45 TBC No.3906 བསྟན། དབུ་མ། ཨ། [A.305b1-306a4]A.Tshul-khrimshphags-pa. T.Kanaka,Rma Chos-hbar

46 TBC No.3966 བསྟན། དབུ་མ། གི། [Gi.237a4-239a4]

47 TBC No.4068 བསྟན། སེམས་ཙམ། སི། [Si.32a1-139a7]

48 TBC No.4313 བསྟན། བཟོ་རིག ངོ་། [N'o.1b1-7a3]A.Bha-li-pa(Vyadipada)T.Srinarendrabhadra, Oddyana-pa Rin-chen-dpal

49 TBC No.4319 བསྟན། བཟོ་རིག ངོ་། [N'o.18a2-18b2]A.Klu-sgrub T.Snar-than Punyarasmi.

50 TBC No.4320 བསྟན། བཟོ་རིག ངོ་། [N'o.1b1-7a3] T.Snar-than Punyarasmi

51 TBC No.4337 བསྟན། ཐུན་མོང་བ་ལུགས་ཀྱི་བསྟན་བཅོས། ངོ་། [N'o.150b2-151a5]T.U-rgyan-pa

52 TBC No.4345 བསྟན། ཐུན་མོང་བ་ལུགས་ཀྱི་བསྟན་བཅོས། ངོ་། [N'o.156b1-277a7]A.Salihotra.T.Dharmasribhadra, Buddhasrisanti, Rin-chen bzan-po.

53 TBC No.4434 བསྟན། སྣ་ཚོགས། ནོ། [No.191b1-286b5]A.Ni-masbruns-pa. T.Jinamitra, Atir-rgyavarma, Candra.

54 TBC No.4436 བསྟན། སྣ་ཚོགས། ནོ། [No.290a6-294a7] A.Klu-sgrub. T.Chos-skyonbzan-po

55 TBC No.4437 བསྟན། སྣ་ཚོགས། ནོ། [No.294a2-298b7]A.Sbyin-pahi dban-po(Danendra)

56 TBC No.4438 བསྟན། སྣ་ཚོགས། ནོ། [No.299a1-334b6]A. Tshans-sras bshad-pahi rdo-rje(Brahmaputra Hasavajra)

57 TBC No.4439 བསྟན། སྣ་ཚོགས། ནོ། [No.334b6-341a7]

58 TBC No.4443 བསྟན། སྣ་ཚོགས། ནོ། [No.360b5-363a7]A.Maano.T.Nag-dban Phun-tshogs lhun-grub


 

གསོ་རིག་སྡེ།

སྦྱོར་བ་བརྒྱ་པ།1(Yogasataka) སྨན་འཚོ་བའི་མདོ།2 (Jivasutra) སློབ་དཔོན་ཀླུ་སྒྲུབ་ཀྱི་བཤད་པ་སྨན་ཨ་བའི་ཆོ་ག3 (Acharya Nagarjuna bhasita Avabhisaja kalpa) སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོའི་འགྲེལ་པ།4 (Vaiyastangahrdayavrtti) ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཞེས་བྱ་བ།5 (Astangahrdayasamhita-nama) ཡན་ལག་བརྒྱད་པའི་སྙིང་པོ་ཞེས་བྱ་བའི་སྨན་དཔྱད་ཀྱི་བཤད་པ།6 (Astangahrdaya-nama-vaiduryakabhasya) ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་པ་ཚིག་གི་དོན་གྱི་ཟླ་ཟེར་ཞེས་བྱ་བ།7 (Padarthacandrikaprabhasa-nama-astangahrdayavivrti)

-----------------------------------------------------

1 TBC No.4306 བསྟན། གསོ་རིག ཧེ། [He.1b1-8b4]A.Klu-sgrub T.Jetakarna, Buddhasrijnana, Ni-ma rgyal-mtshan

2 TBC No.4307 བསྟན། གསོ་རིག ཧེ། [He.8b4-12a4]A.Klu-sgrub snin-po.

3 TBC No.4308 བསྟན། གསོ་རིག ཧེ། [He.12a4-13a7]A.Klu-sgrub

4 TBC No.4309 བསྟན། གསོ་རིག ཧེ། [He.13b1-44a7]A.Klu-sgrub

5 TBC No.4310 བསྟན། གསོ་རིག ཧེ། [He.44b1-335a7]A.Pha-gol(Vagbhata) T. Jarandhara, Rin-chen bzang-po.

6 TBC No.4311 བསྟན། གསོ་རིག ཧེ། [He.335b1-410a7] A.Pha-gol(Vagbhata) T.dharmasrivarma, Sakyablo-gros R.Rip-pagshon-nu,Dbyig-girin-chen TBC No.4312 བསྟན། གསོ་རིག ཨེ། [E.1b1-421a7]

7 TBC No.4312 བསྟན། གསོ་རིག ཀོ། [Ko.1b1-296a7]A.Zla-ba-la-dgah-ba(Candranandana) T.Jarandhara, Rinchenbzan-po. TBC No. 4312 བསྟན། གསོ་རིག ཁོ། [Kho.1b1-340a7] TBC No. 4312 བསྟན། གསོ་རིག གོ། [Go.1b1-304a7]

 

 

༣། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བར་གྲགས་པའི་གསོ་རིག་གཞུང་།

ཆོས་འཁོར་རིམ་པ་ལན་གསུམ་བསྐོར་བ་དང་དུས་མཚུངས་སྟོན་པ་ཤྰཀྱའི་དབང་པོས་ཡུལ་ཝྰརྰཎསིར་ཆོས་འཁོར་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བསི་སྐབས་གསོ་དཔྱད་བིམལ་གུཏྲ་ལེའུ་བདུན་ཁྲི་ཉིས་སྟོང་ཡོད་པ་དང་ཡན་ལག་བརྒྱད་པ་བམ་པོ་ཉི་ཁྲི་བ་ཞིག་གསུངས་པར་གྲགས།1 འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་བྱ་རྒོད་ཕུང་པོ་རིར་གསུངས་པའི་དུས་སུ་ལྷ་ཆེན་པོ་ཚངས་པ་ལ་གསོ་དཔྱད་འབུམ་པ་གསུངས།2 འཁོར་ལོ་ཐ་མའི་སྐསབ་སུ་སྡེ་སྲིད་རིན་པོ་ཆེ་ཡིས་ཁོག་འབུགས་མདོ་སྡེ་གསེར་འོད་དམ་པའི་ལུང་3བགྲངས་ནས་སྟོན་པ་རང་ཉིད་སྔོན་ཁྱེའུ་ཆུ་འབེབས་སུ་གྱུར་དུས་ཡབ་ཚོང་དཔོན་རལ་བ་འཛིན་ལས་སྨན་དཔྱད་གསན་པའི་ཚུལ་བསྐྱར་ཏེ་གསུངས་ཤིང་སྐབས་འདི་ཉིད་དུ་གསོ་བ་རིག་པ་ཀུན་གྱི་སྙིང་པོར་གྱུར་པ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསུངས།4 གཞན་ཡང་སྟོན་པའི་བཀའ་རུ་བྱོན་པ་རྒྱུད་ཆེན་པོ་ཙ་ར་ཀ་སྡེ་བརྒྱད། ཡན་ལག་བརྒྱད་པའི་རྒྱུད། བདུད་རྩི་ཐིགས་པའི་རྒྱུད་བཅོ་བརྒྱད་ལ་སོགས་པ་བཀའ་བསྩལ་བ་དྲང་སྲོང་རྣམས་ཀྱིས་བསྡུས་5ཞེས་དང་། ཡང་ཚངས་པ་དང་འཚོ་བྱེད་དང་དྲང་སྲོང་གི་ཚོགས་ལ་སྨན་གྱི་རྒྱུད་ཤེལ་གྱི་མེ་ལོང་ལེའུ་ལྔ་བཅུ་པ་གསུངས་6ཞེས་དང་། ཡན་ལག་བརྒྱད་པ་བམ་མོ་སྟོང་རྩ་གཉིས་ཡོད་པ་ཞིག་གསུངས་7ཡང་གྲགས།

-----------------------------------------------------

1 [ཁོག་འབུགས། ༤༢།༦]

2 [ཁོག་འབུགས། ༤༥།༤]

3 [ཁོག་འབུགས། ༤༥།༡༢]

4 [ཁོག་འབུགས། ༥༡།༧]

5 [ཁོག་འབུགས། ༦༨།༨]

6 [ཁོག་འབུགས། ༦༩།༡༢]

7 [ཁོག་འབུགས། ༧༥།༡༩]


 

༤། བྱང་ཆུབ་སེམས་དཔས་གསུངས་པར་གྲགས་པའི་གསོ་རིག་གཞུང་ལུགས།

ས་བཅུའི་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དཔྱངས་ཀྱིས་མགོ་བཅོས་བདུད་རྩིའི་ལྷུང་བཟེད། རིན་ཆེན་སྒྲོན་བུ། རྟེན་འབྲེལ་བྱང་ཁོག མངལ་ནད་གསོ་བ་འཕྲུལ་གྱི་རྒྱལ་པོ་རིན་ཆེན་བང་མཛོད་ལྔ་བ། དཀྱུས་བཟློག་མགོ་བཅོས། རྡོ་རྒྱུད་ཆེ་ཆུང་རྣམ་གསུམ། མགོ་བཅོས་བདུད་རྩི་རྒྱ་མཚོ། ཡང་ཏིག་འཕྲུལ་གྱི་བཞི་སྐོར། ཁ་སྨན་གསལ་བའི་ཡིག་ཆུང་། སྲོག་བཅོས་ལྐུགས་པ་ཁ་འབྱེད། སྨན་དཔྱད་སོ་མ་རྰ་ཛ། སྔོ་འབུམ།1 འཕགས་པ་སྤྱན་རས་གཟིགས་ཀྱིས་མགོ་བཅོས་རྒྱལ་མན་དམ་པ། དཔྱད་གཅེས་གཟུངས། བདུད་རྩི་ཐིགས་པ། རྒྱན་དམ་པ། བདུད་རྩི་ཆུ་རྒྱུན་ཆེ་ཆུང་། བྱང་ཁོག་འགྲེལ་བ་དམར་ནག་གལ་མདོའི་འགྲེལ་བ་ཆེ་ཆུང་། གསལ་བྱེད་མེ་ལོང་། མཐོང་བ་དོན་གསལ།2 དཔལ་ཕྱག་ན་རྡོ་རྗེས་མགོའི་རྩོད་བཟློག རོ་བཀྲ་འཕྲུལ་གྱི་མེ་ལོང་། གཟའ་རྒྱུད་འཁོར་ལོ་རིན་ཆེན། ལྕང་ལོ་ནག་པོ། པདྨ་སྦུབས་པ། ཟུག་རྔུ་རྟེན་འབྲེལ་བརྟག་པ། ཁ་ཐོར་ཀུན་འཇོམས།3 རྗེ་བཙུན་མ་སྒྲོལ་མས་ཟུག་རྔུ་རྩལ་ཐབས་དྲུག སྔོ་སྦྱོར། སྔོ་ཤིང་གི་འཁྲུངས་དཔེ་ལེའུ་བརྒྱ་དང་ཉི་ཤུ་བ།4

-----------------------------------------------------

1 [ཁོག་འབུགས། ༨༦།༡༧]

2 [ཁོག་འབུགས། ༨༧།༦]

3 [ཁོག་འབུགས། ༨༧།༡༠]

4 [ཁོག་འབུགས། ༨༧།༡༣


 

༥། ལྷ་དང་དྲང་སྲོང་རྣམས་ཀྱིས་གསུངས་པར་གྲགས་པའི་གསོ་རིག་གཞུང་ལུགས།

ལྷ་ཚངས་པས་གུ་ན་ཤ་ཏྲ་བམ་པོ་སུམ་བརྒྱ་བ་དང་གསང་བའི་སྙིང་པོའི་དོན་བསྡུས་པ། སྐྱེ་དགུའི་བདག་པོས་འཕྲུལ་གྱི་མེ་ལོང་། ཐ་སྐར་གྱི་བུ་གཉིས་ཀྱི་གཅེས་པ་གྲུབ་པ། བརྒྱ་བྱིན་གྱིས་གཅེས་པ་གྲུབ་པ། བརྒྱ་བྱིན་གྱིས་གཅེས་པ་བསྡུས་པ་དང་བྱང་ཁོག་ཁྲིམས་ཀྱི་ལུང་འོད་འཕྲོ་བ། སྨན་གྱི་ལྷ་མོ་ནོར་རྒྱུན་མས་རིན་པོ་ཆེའི་འཕྲེང་བ་རྣམས་མཛད།1 དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པ་བརྒྱད་ཀྱིས་དཀོས་བསྟན་པའི་སྡེ་ལ་སོགས་པ་ལེའུ་བཞི་བརྒྱ་དང་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་ཙ་ར་ཀ་སྡེ་བརྒྱད་དུ་གྲགས་པ་དང་དེ་དག་གི་འགྲེལ་བ་དྲང་སྲོང་དཔལ་ལྡན་ཕྲེང་བས་སྟོད་འགྲེལ་ཉི་ཟླ་བར་བཀབ་བམ་པོ་བརྒྱད་ཅུ། སྨད་འགྲེལ་འཕྲུལ་གྱི་ལྡེ་མིག་བམ་པོ་བཞི་བཅུ་སྟེ་ཁྱོན་བརྒྱ་ཉི་ཤུ་ལེའུ་དྲུག་བརྒྱ་དང་བཅས་བྱས།2

-----------------------------------------------------

1 [ཁོག་འབུགས། ༨༧།༡༧]

2 [ཁོག་འབུགས། ༨༨།༡༧]


 

༦། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གཞུང་ལུགས།

བསྟན་བཅོས་སྦྱོར་བ་བརྒྱ་པ། རྩ་ཨ་བའི་ཆོ་ག སྔོ་སྦྱོར་བདུད་རྩི་གསང་། སྨན་རིན་པོ་ཆེའི་རིམ་པ། དངུལ་ཆུའི་སྦྱོར་བ་རིན་ཆེན་འཕྲེང་བ་རྣམས་དང་། གཞན་ཡང་ལྷོག་པ་སྤུན་བཞི་གཉན་བཅས་ཀྱི་བཅོས།1 ཡང་ཀླུ་སྒྲུབ་ཀྱིས་མཛད་ཟེར་བ་ཕུང་པོ་ལྔའི་ནད་གསོ་བ། བདུད་རྩིའི་སྨན་རིན་པོ་ཆེ་གསང་ཏིག་སྒྲོན་མ། རིན་པོ་ཆེའི་མདོའི་རྩ་བ་ལྟ་བུ་ལེའུ་བཅུ་བདུན། མདོ་རིན་པོ་ཆེ་གསང་བའི་འགྲེལ་ཆེན་ལེའུ་དོན་དྲུག འདུ་བ་རྣམ་བཞིའི་ཏི་ཀ་ལེའུ་ཉེར་ལྔ། དོན་སྣོད་ཏི་ཀ་ལེའུ་བཅུ་དྲུག ཕྲན་བུང་གསེར་གྱི་ཏི་ཀ་ལེའུ་སོ་བདུན། མགོའི་ཊི་ཀ་ལེའུ་ཉེར་གཅིག བྱང་ཁོག་གི་ཊི་ཀ་འཕྲུལ་ལྡེ་ནག་པོ་ལེའུ་ཞེ་བདུན། ཡན་ལག་བཞིའི་ཊི་ཀ་ལེའུ་བཞི་བཅུ་སྟེ་དྲིལ་བས་ལེའུ་ཉི་བརྒྱ་བདུན་བཅུ་རྩ་དགུའི་བདག་ཉིད་ཅན།2

-----------------------------------------------------

1 [ཁོག་འབུགས། ༡༢༥།༡༠]

2 [ཁོག་འབུགས། ༡༥༧།༡༣]


 

༧། དཔལ་ལྡན་ཕ་ཁོལ་དང་ཁ་ཆེ་ཟླ་བ་མངོན་དགས་མཛད་པའི་གསོ་རིག་གཞུང་ལུགས།

སྨན་པའི་བདག་པོ་དགེ་འདུན་གསང་བའི་བུ་སློབ་དཔོན་དཔའ་བོ་ཞེས་1པ་དེས་ཡན་ལག་བརྒྱད་པ་ཆེན་པོ། ཡན་ལག་བརྒྱད་པ་ལ་འཇུག་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དེའི་རང་འགྲེལ་2བཅས་བཞི་མཛད། ཁ་ཆེ་ཟླ་བ་མངོན་དགའ་ནི་སློབ་དཔོན་དཔའ་བོའི་སྲས་ཆགས་པ་མངོན་དགའ་དང་དེའི་སྲས་ཟླ་བ་མངོན་དགའ་3དེས་སྙིང་པོ་བསྡུས་པ་རྒྱས་པར་འགྲེལ་བ་ཚིག་གི་དོན་ཟླ་ཟེར། དེའི་སྨན་མིང་ཟུར་དུ་བཀོལ་པར་ཚིག་དོན་སྒྲ་སྦྱོར་ངེས་པ་སོགས་མཛད།4

-----------------------------------------------------

1 སྙིང་པོ་བསྡུས་པའི་རྡོགས་བྱང་དུ་གསལ། [A.Hri. 6/40]

2 སློབ་དཔོན་དཔའ་བོས་སངས་རྒྱས་པའི་ཆོས་ལ་བསྐུར་བ་བཏབ་པར་འགྱོད་པས་སྤུ་གྲི་གཅོད་པར་དགོངས་ནས་དེའི་ནུབ་མོ་རྗེ་བཙུན་སྒྲོལ་མས་ལུང་བསྟན་པ་ལྟར་ལུས་ཀྱི་སྡིག་བཤགས་སུ་སྨན་གྱི་བསྟན་བཅོས་འདི་དག་མཛད་ཅེས་གྲགས། [ཁོག་འབུགས། ༡༤༡།༡༠]

3  [ཁོག་འབུགས། ༡༤༧།༦] (ཟླ་ཟེར་གྱི་ལེའུ་བཞི་བཅུ་པར། བདག་གི་མེས་པོར་གྱུར་པ་ནི། དཔལ་ཆེན་དགའ་བ་ཞེས་གྲགས་ཡིན། ཞེས་དང་། དེའི་བུར་འགྱུར་ཆགས་པ་དགའ། དེའི་བུ་ཟླ་བ་མངོན་དགའ་བདག ཅེས་གསལ།)

4  [ཁོག་འབུགས། ༡༤༨།༤]


 

༨། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་གསོ་བ་རིག་པའི་བསྒྱུར་བརྩམས།

བོད་རྒྱལ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་རིག་གནས་ཀྱི་ཕྱི་མོ་བོད་ཀྱི་ཡི་གེ་གསར་བཟོ་མཛད། སྨན་དཔྱད་ཀྱི་གཞུང་ལ་སྨན་དཔྱད་ཆེན་མོ།1 མི་འཇིགས་པའི་མཚོན་ཆ།2 འབུ་ཤག་མ་བུ་ཆེ་ཆུང་།3 རྒྱ་དཔྱད་ཐོར་བུ་ཆེ་ཆུང་།4 མགོ་སྔོན་བསྡུས་པ།5

-----------------------------------------------------

1 [ཁོག་འབུགས། ༡༥༠།༦]

2 [ཁོག་འབུགས། ༡༥༠།༡༤]

3 རྒྱ་གར་གྱི་སྨན་པ་བྷྰརདྷྭཛས་འབུ་ཤག་མ་བུ་ཆེ་ཆུང་དང་སྦྱོར་བ་མར་སར་བསྒྱུར། [ཁོག་འབུགས། ༡༥༠།༡༠]

4 རྒྱ་ནག་གི་སྨན་པ་ཧེན་ཝེན་ཧང་དེས་རྒྱ་དཔྱད་ཐོར་བུ་ཆེ་ཆུང་བསྒྱུར། [ཁོག་འབུགས། ༡༥༠།༡༡]

5 སྟག་གཟིག་སྨན་པ་ག་ལེ་ནོས་མགོ་སྔོན་བསྡུས་པ་དང་དེ་ཕོ། རྨ་བྱ། ནེ་ཙོ་གསུམ་གྱི་དཔྱད་བསྒྱུར། [ཁོག་འབུགས། ༡༥༠།༡༢]


 

༩། ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་གྱི་སྐུ་དུས་སུ་བསྒྱུར་བརྩམས་གྲགས་ཆེ་བ།

ཀ། སྨན་དཔྱད་སོ་མ་རྰ་ཛྰ། སྲས་ལྗང་ཚ་ལྷ་དཔོན་གྱི་བཙུན་མོ་རྒྱ་རྗེའི་སྲས་མོ་གྱིམ་ཤིང་གོང་ཇོ་བོད་དུ་བསུས་སྐབས་རྩིས་སྨན་མང་དུ་འཁྱེར་བ་ཧ་ཤང་མཧྰ་ཀྱིན་ད་དང་། རྒྱ་ཕྲུག་གར་མཁན། ཁྱུང་པོ་ཙི་ཙི། ཁྱུང་པོ་དམ་ཚུགས། ལྕོག་ལ་སྨོན་འབར་རྣམས་ཀྱིས་ཟླ་བའི་རྒྱལ་པོའམ་སོ་མ་རྰཛྰ་ལེའུ་བརྒྱ་བཅོ་ལྔ་བས་གཙོ་བྱས་མང་དུ་བསྒྱུར།1

ཁ། བླ་དཔྱད་ཀྱི་གཞུང་འཚོ་བའི་མདོ། ཙམ་པ་ཤི་ལ་ཧས་རྒྱུད་ཤེལ་གྱི་མེ་ལོང་ལེའུ་ལྔ་བཅུ་པ། དེ་ལ་བརྟེན་ནས་བྱང་ཁོག་སྟོད་སྨད་ཀྱི་དམར་བྱང་། དེ་རྣམས་ཀྱི་འགྲེལ་བ་གསང་ཊིག་གསུམ། མ་སྙིང་གི་དྲ་བ་ཆེ་ཆུང་གཉིས། བུ་འགྲེལ་བ་དམར་ནག་གཉིས་ཏེ་དཔྱད་མ་བུ་སོགས་རྒྱས་འབྲིང་དང་། རིན་ཆེན་དབྱི་གདང་མགོ་བོའི་རྩོད་བཟློག བདུད་རྩི་དར་ཡ་ཀན་ལྷུང་བཟེད་ཀྱི་འཕྲུལ་འཁོར། མདོ་བྱང་ཆེ་ཆུང་། རོ་བཀྲ་འཕྲུལ་གྱི་མེ་ལོང་། བྱ་ཁོག་ཁྲེམས་ཀྱི་མདོ་ལ་སོགས་པ་གཞུང་མང་དག་བསྒྱུར་2ནས་རྒྱལ་པོ་ལ་ཕུལ། དེ་རྣམས་ཕྱོགས་གཅིག་ཏུ་ཟ་འོག་གི་སྒྲོན་བུར་བཞུགས་པ་ལ་བླ་དཔྱད་ཀྱི་གཞུང་འཚོ་བའི་མདོར་གྲགས།3

-----------------------------------------------------

1[ཁོག་འབུགས། ༡༥༢།༡] བློན་པོ་བཀའ་ཐང་ལས་སྨན་དཔྱད་སོམརྰཛ་འདི་ཀླུ་སྒྲུབ་ཀྱིས་མཛད་གསུངས། [ཁོག་འབུགས། ༡༥༢།༣] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཧྭ་ཤང་དང་ཁྱུང་པོ་སོགས་མཁས་མང་བགྲོས་ནས་མཛད་ཚུལ་དང་། གཞུང་རང་དུ་ཀླུ་སྒྲུབ་ཀྱིས་ཞུས་ཏེ་འཇམ་དཔལ་གྱིས་གསུངས། [བཻ་ཕྲེང་། ༢༧] བསྒྱུར་ལ་ཡང་། རྒྱ་གར་འགྱུར་མཁན་པོ་ཀྲི་ཎ་ཞེས་པའི་པཎྜིཏ་དང་། ལོ་ཙྰ་བ་བནྡེ་ཆོས་རབ་ཀྱིས་བསྒྱུར་བ་གཉིས་སྣང་། [ཁོག་འབུགས། ༡༥༣།༡༧] གཡུ་ཐོག་རྣམ་ཐར་ལས་རྒྱ་གར་མཁས་པ་མེ་དབང་ལ་གསེར་སྲང་བརྒྱ་ཕུལ་ནས་གསོ་དཔྱད་འབུམ་པ། རྒྱུད་ཤེལ་གྱི་མེ་ལོང་། བསྟན་བཅོས་སོམ་རྰཛ་ཆ་ལག་ཁ་སྐོང་དང་བཅས་པ་རྣམས་ཞུས། ཞེས་སོམ་རྰཛ་རྒྱ་གར་ནས་ཡིན་པ་གསལ། [གཡ་རྙིང་བཀའ་རྒྱ། ༡༦༦།༡༦]

2 གཞུང་གི་མཚན་རྣམས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཁོག་འབུགས་ནང་གསལ། [ཁོག་འབུགས། ༡༥༤།༢]

3 [ཁོག་འབུགས། ༡༥༥།༡༦] བླ་དཔྱད་འདི་ཙམ་མ་ཡིན་པ་ལོ་ཙྰ་བ་རྣམས་ཀྱིས་སྨན་དཔྱད་གཞན་དུ་མ་བསྒྱུར་ཡོད་འདུག


 

༡༠། བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནམ་ཚངས་པ་ལྷའི་མེ་ཏོག་གི་སྐུ་དུས།

སྤྲུལ་པའི་སྲས་གསུམ་1གྱིས་བསྒྱུར་བརྩམས། རྩིས་ཉི་ཟླའི་འཁོར་ལོ།2 རིན་ཆེན་སྤུངས་པའི་སྐོར།3 ཕུང་པོ་ལྔའི་ནད་གསོ་བ།4 བདུད་རྩི་སྨན་གྱི་རིན་པོ་ཆེ་གསང་ཏིག་སྒྲོན་མ། རིན་པོ་ཆེ་མདོའི་རྩ་བ་ལྟ་བུ། མདོ་རིན་པོ་གསང་བ་འགྲེལ་ཆེན། འདུ་བ་རྣམ་བཞི་དང་དོན་སྣོད་མགོ་བྱང་ཁོག་ཡན་ལག་དང་ཕྲན་བུ་གསེར་གྱི་ཊི་ཀ་རྣམས་དྲིལ་བས་ལེའུ་ཉེ་བརྒྱ་བདུན་ཅུ་རྩ་དགུའི་བདག་ཉིད་ཅན། གསོ་བྱེད་འཕྲུལ་གྱི་མཛོད་རིན་པོ་ཆེའི་སྒྲོན་མ།5 རྩ་བའི་རྒྱུད་ལེའུ་བཞི་བཅུ་རྩ་བཞི།6 དེའི་འགྲེལ་བ་རྩ་བའི་དྲང་སྲོང་བརྒྱད་དང་ཕྲན་བུ་བཅུ་གསུམ་གྱིས་བྱས་པའི་ལེའུ་ཉེར་བཞི་པ། བཅོས་ཐབས་ཉེར་གཉིས་པ། ཚིག་རྐང་བརྒྱད་པ་ཞེས་བྱ་བ་རྣམས་བསྒྱུར།7 གཞན་ཡང་ཧ་ཤང་པེ་ན་ཙེ་ཏས། རྒྱལ་བློན་དམངས་གསུམ་གདམས་པ་རྩ་བ་རིན་པོ་ཆེའི་མཛོད་སྐོར་ལྔའི་ཡིག་ཆ་མ་བུ་ཆ་ཚང་བར་བསྒྱུར།8

-----------------------------------------------------

1 རྒྱ་གར་གྱི་སྨན་པ་དྷརྨ་རྰཛ། ཧ་ཤང་མཧྰ་ཀྱིནད། ཙན་པ་ཤི་ལ་ཧ་གསུམ་ལ་སྤྲུལ་པའི་སྲས་གསུམ་གྲགས། [ཁོག་འབུགས། ༡༥༦།༡༠]

2 [ཁོག་འབུགས། ༡༥༥།༡༤]

3 ནང་དོན་རྩ་ཆུ་དང་བཅུད་ལེན་གཏར་ཁ་དང་མེ་བཙའ་ཐུར་དཔྱད་སྨན་མིང་རོ་སྐོར་སོགས། [ཁོག་འབུགས། ༡༥༧།༡༢]

4 ཀླུ་སྒྲུབ་ཀྱིས་མཛད་ཟེར། [ཁོག་འབུགས། ༡༥༧།༡༤]

5 འཇམ་དཔལ་དབྱངས་ཀྱིས་གསུངས་པར་གྲགས། [ཁོག་འབུགས། ༡༥༨།༤] ནང་དོན་ནད་གཞིའི་གནས་དང་རྟགས་བཅོས་སོགས་བསྡོམས་པའི་གླེགས་བམ་གཅིག

6 ཕྱག་ན་རྡོ་རྗེས་མཛད་པར་གྲགས། [ཁོག་འབུགས། ༡༥༨།༡༤]

7 [ཁོག་འབུགས། ༡༥༨།༡༧]

8 [ཁོག་འབུགས། ༡༥༩།༥]


 

༡༡། ལོ་ཙྰ་བ་བཻ་རོ་ཙ་ནའི་བསྒྱུར་བརྩམས།

འཇམ་དབྱངས་སྔོ་འབུམ།1 དུག་བཅོས་ཤ་མོ་ལས་དཀྱུས།2 བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད།3 ཊིཀྐ་མུན་སེལ་སྒྲོན་མེ་དང་མིང་དོན་བརྡ་སྤྲོད་རྣམ་ལྔ་གཉིས་མཛད།4

-----------------------------------------------------

1 [ཁོག་འབུགས། ༡66'11]

2 སློབ་དཔོན་ཉི་མ་སེང་གེས་མཛད་པ། [ཁོག་འབུགས། ༡༦༦།༡༢]

3 [ཁོག་འབུགས། ༡༦༧།༣]

4 [ཁོག་འབུགས། ༡༦༧།༤]


 

༡༢། རྒྱལ་པོའི་བླ་སྨན་མི་དགུའི་བསྒྱུར་བརྩམས།1

རྒྱལ་པོའི་བླ་དཔྱད་པུ་ཏི་སྨུག་པོ།

རྒྱ་གར་ཤནྟི་གརྦས་སངས་རྒྱས་ཀྱིས་གསུངས་པར་གྲགས་པའི་བལ་སྒྲོམ་སྨུག་པོའི་རྒྱུད་དང་། ཤློ་ཀ་སྡེ་བཞི། བདུད་རྩི་ལྷུང་བཟེད་ཆེ་ཆུང་། བདུད་རྩི་བུམ་སྙིང་། སྤྱན་རས་གཟིགས་ཀྱི་གསུང་དུ་འབོད་པ་སྤུང་བ་སྡེ་ལྔ། ཀླུ་སྒྲུབ་ཀྱི་གསུང་དུ་གྲགས་པ་མདོ་ལྔ། སྒྲོལ་མས་གསུངས་པར་གྲགས་པ་སྔོ་འབུམ་ལེའུ་བརྒྱ་དང་ཉི་ཤུ།

རྒྱ་ནག་གི་སྨན་པ་གསུམ་པོས་འཇམ་དཔལ་གྱིས་གསུངས་པར་གྲགས་པ་སྦྱོར་བའི་ཕྲེང་བ། བྱང་ཁོག་དོན་འགྲེམས་འཕྲུལ་གྱི་རྒྱ་ལོང་། ཡན་ལག་ཕྱག་གི་བརྡ་ལས་བྱུང་བ་རིན་པོ་ཆེའི་མཛོད་ལྔ། ཇ་ལོག་ནོར་བུ་དྲི་མ་མེད་པ། མེ་ཆུ་གོ་བཟློག དུག་དཔྱད་མེ་ལྕེ་འཁོར་ལོ། ཐོར་བུའི་ནད་ཀྱི་སྒོས་བཅོས། ཆུ་དཔྱད། ཁྱུག་དཔྱད། མེ་བཙའི་ལག་ལེན་སྒྲོན་མེ།

ཁ་ཆེའི་སྨན་པས་དཔྱད་ཕྲེང་སེལ་བར་བྱེད་པ་མུན་པའི་སྒྲོན་མེ། དཔྱད་མདོ་དགུ་པ། མན་ངག་གནད་ཀྱི་པྲ་ཡིག

སྟག་གཟིག་གི་སྨན་པས་མགོ་བཅོས་མུ་སྟེགས་ཀྱི་སྐོར་བརྒྱད་པ་རྩ་འགྲེལ་རྩ་བཅོས་མན་ངག་ཆེ་ཆུང་། འདུས་པ་བཅོས་ཐབས་རིན་ཆེན་སྲོག་གི་འཁོར་ལོ། སོག་པོ་ཤ་སྟག་ཅན་གྱི་རྒྱུད། དུག་གསོ་བ་གར་ལོག་རྒྱལ་པོ་ཤི་གསོས།

གྲུ་གུའི་སྨན་པས་ནག་པོ་རྒྱུད་གསུམ། དེའི་མདོ་བྱང་ཆེ་ཆུང་། འདྲ་ཡིག་དུང་གི་མིག ནགས་སུ་འཇག་པ་གཡུ་ཡི་དྲ་བ། གུཎ་ཤཏ་བམ་པོ་ལྔ་བརྒྱ་པ། རྟའི་དཔྱད་མེ་ལོང་སྐོར་གསུམ།

དོལ་བོའི་སྨན་པས་མི་འཇིགས་པ་བརྒྱད་ཀྱི་མཚོན་ཆ། གབ་གསལ་བྱེད། འཚོ་འཆིང་རྟགས་ཀྱི་ལེའུ། རྩའི་ལ་ཉེ། གཏར་ཁའི་དཔྱད།

བལ་པོའི་སྨན་པས་འགྲམ་པ་ཏི། སྦྱོར་བ་བརྒྱ་པ། རིན་པོ་ཆེའི་སྨན་གྱི་འཁྲུངས་དཔེ། ཐུར་དཔྱད་དང་ལྷོག་པའི་གསོ་ཐབས་རྣམས་བརྩམས་ཤིང་བསྒྱུར།2 གཞན་ཡང་གནུབས་སངས་རྒྱས་ཡེ་ཤེས་དང་ཤྲྰི་བཛྲ། ཆོས་ཀྱི་དབང་ཕྱུག པཎྜིཏ་རིན་ཆེན་རྡོ་རྗེ་དང་ལོ་ཙྰ་བ་བཻ་རོ་ཙ་ན་དང་། དྲང་སྲོང་མེ་འཁྱེར་ལ་སོགས་པ་རྣམས་ཀྱིས་བརྒྱུར་བརྩམས་རྣམས་ཕྱོགས་གཅིག་ཏུ་སེང་ལྡེང་གི་གླེགས་ཤིང་དུ་བཞུགས་པ་ལ་རྒྱལ་པོའི་བླ་དཔྱད་པོ་ཏི་སྨུག་པོར་གྲགས།3 གཞན་ཡང་གསོ་བ་དཀར་པོ་ལམ་གྱི་སྒྲོན་མེ། མཐའ་བཞའི་ལུགས་ཞུ་བ་བཞི་ལྡན་སོགས་བསྟན་བཅོས།4

-----------------------------------------------------

1 རྒྱལ་པོའི་བླ་སྨན་མི་དགུ་ནི། འཕགས་ཡུལ་ནས་ཤྰནྟི་གརྦ། ཁ་ཆེ་ནས་གུཧྱ་བཛྲ། རྒྱ་ནག་ནས་སྟོང་གསུམ་གང་བ་དང་ཧ་ཤང་བ་ལ། ཧང་ཏི་པ་ཏ་གསུམ། སྟག་གཅིག་ནས་ཧ་ལ་ཤྰནྟི། གྲུ་གུ་ནས་སེང་མདོ་འོད་ཆེན། དོལ་པོ་ནས་ཁྱོལ་མ་རུ་ཙི། བལ་པོ་ནས་དྷརྨ་ཤིལ་སྟེ་མཐའ་བཞི་ནས་བྱོན་པའི་རྒྱལ་པོའི་བླ་སྨན་མི་དགུར་གྲགས། [ཁོག་འབུགས། ༡༦༩།༡༤]

2 [ཁོག་འབུགས། ༡༧༡།༩]

3 [ཁོག་འབུགས། ༡༧༤།༡༤]

4 མཐའ་བཞི་སྟོང་གསུམ་གང་བས་བརྩམས། [ཁོག་འབུགས། ༡༧༥།༩]


 

༡༣། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐུ་རིང་ནས་བཟུང་བསྒྱུར་བརྩམས་གྲགས་ཆེ་བ་འགའ།

ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རང་འགྲེལ།1 ཤ་སྦྱོར་དར་ཡ་ཀན།2 སྦྱོར་བ་བརྒྱ་པ་དང་ཁ་ཆེ་ཟླ་དགའི་སྒྲ་སྦྱོར་ངེས་པ།3 སློབ་དཔོན་དཔའ་བོའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་དེའི་འགྲེལ་པ་ཁ་ཆེ་ཟླ་བ་མངོན་དགའ་མཛད་པ་ཡན་ལག་བརྒྱད་པའི་ཚིག་དོན་རྒྱས་པར་འགྲེལ་བ་ཟླ་ཟེར་སོགས།4 ཤེས་བྱ་སྤྱིའི་ཁོག་འབུགས་རྒྱལ་མཚན་རྩེ་འབར།5 བདུད་རྩི་ཐིགས་པ་སོགས།6 གཞུང་དྲི་མེད་གཟི་བརྗིད་དང་འགྲེལ་པ་ཉི་མའི་འོད་ཟེར་སོགས།7 ཁོག་འབུགས། མུ་ཏིག་འཕྲེང་བ། གཞུང་བཤད་ཐབས་ཀྱི་ཡན་ལག ཆོས་འབྱུང་ལོ་རྒྱུས་སོགས།8 གསོ་དཔྱད་ཡན་ལག་བརྒྱད་པའི་གཞུང་གི་ས་བཅད་བསྡུས་དོན་རིན་པོ་ཆེའི་དྲ་བ།9 རྒྱུད་ཀྱི་བསྡུས་དོན་10སོགས་བསྟན་བཅོས་བརྩམས།

-----------------------------------------------------

1 པཎྜིཏ་དྷརྨ་ཤྲྰི་ཝརྨ་དང་། སྙེ་བོ་ལོ་ཙྰ་བ་དབྱིག་གི་རིན་ཆེན། མར་ལོ་རིག་པ་གཞོན་ནུ། དབྱིག་གི་དགེ་སློང་ཤྰཀྱ་བློ་གྲོས་རྣམས་ཀྱིས་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་རང་འགྲེལ་བསྒྱུར། [ཁོག་འབུགས། ༡༧༧།༣]

2 ཇོ་བོ་རྗེ་ལྷ་གཅིག་དྰིཔམ་ཀར་དང་ནག་ཚོ་ལོ་ཙྰ་བ་གཉིས་ཀྱིས་བསྒྱུར། [ཁོག་འབུགས། ༡༧༩།༧]

3 ཐར་ལོ་ཉི་མ་རྒྱལ་མཚན་གྱིས་བསྒྱུར། [ཁོག་འབུགས། ༡༨༢།༡༩]

4 སྤྲུལ་པའི་སྐྱེ་མཆོག་ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར། སོགས་ཁོངས་ནང་རྟའི་ཚེའི་རིག་པ། [ཁོག་འབུགས། ༡༧༧།༡༢] དཔའ་བོའི་ཡན་ལག་བརྒྱད་པ་དེ་དཔལ་ཕག་མོ་གྲུ་བའི་དུས་ཙི་ནའི་རྒྱལ་ཁབ་ཏུའང་དར་བས་རྒྱལ་པོ་ཧྭང་ཐའི་ཧུའི་ཨི་ཙིའི་ཡར་ཀླུངས་མཆོག་སྨན་གྱིས་བསྐུལ་ནས་ཕོ་བྲང་ཏའི་དུང་དུ་ཡེ་ཤེས་དཔལ་གྱིས་ཞུས་དག་སྟེ་བརྐོས་པའི་རྒྱ་དཔར་ཡང་ཡོད། [ཁོག་འབུགས། ༡༧༧།༡༣] [ཅེས་སྡེ་སྲིད་རིན་པོ་ཆེ་ཡིས་གསུངས་འདུག་པའི་རྒྱ་དཔར་འདིའི་མ་དཔེ་དེ་ལོ་ཆེན་གྱིས་བསྒྱུར་བའི་བོད་ཡིག་ཐོག་བསྒྱུར་བའི་ཡན་ལག་བརྒྱད་པ་དེ་ལ་གཞི་བཅོལ་པ་མིན་ནམ་སྙམ། རྒྱུ་མཚན་ནི་རྒྱ་གར་མཁས་པ་རྣམས་ཀྱིས་ད་བར་ཡན་ལག་བརྒྱད་པའི་གཞུང་དེ་རྒྱ་ནག་གམ་ཙི་ནའི་སྐད་དུ་ཡོད་པ་ཕལ་ཆེར་འཁོད་པ་མིན་འདུག གང་ལྟར་རྒྱ་དཔེ་དེ་རྩད་གཅོད་ནས་མིག་མངོན་དུ་འགྱུར་ཚེ་ཁ་གསལ་ཤེས་ཐུབ།]

5 [ཁོག་འབུགས། ༡༧༨།༡༤]

6 [ཁོག་འབུགས། ༡༧༨།༡༩]

7 [ཁོག་འབུགས། ༡༨༡།༡༤] ཞང་གཟི་བརྗིད་འབར་གྱིས་བརྩམས། [ཁོག་འབུགས། ༡༨༠།༣]

8 མི་ཉག་རྡོ་རྗེས་མཛད། [ཁོག་འབུགས། ༡༨༢།༨]

9 ཚ་ལུང་པ་སྟོང་སྟོན་དཀོན་ཅོག་སྐྱབས་ཀྱིས་མཛད། [ཁོག་འབུགས། ༡༨༢།༨]

10 གཏེར་སྟོན་གྲུ་པ་མངོན་ཤེས། [ཁོག་འབུགས། ༢༠༥།༡༣]


 

༡༤། ཕྱི་ལོ་༡༩༥༩ རྗེས་ཀྱི་བསྒྱུར་བརྩམས།

སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་འགྲེལ་པ་ཚིག་ཉུང་དོན་གསལ།1 དྲང་སྲོང་ཆེན་པོ་མེ་བཞིན་འཇུག་གིས་མཛད་པའི་ཙ་ར་ཀའི་བསྡུ་བ།2

-----------------------------------------------------

1 སྨན་དགེ་རྡོ་རྗེ་འགྲ་འདུལ་གྱིས་མཛད། ཝྰཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ཕྱི་ལོ་༢༠༠༢ ལོར་དཔར་དུ་བསྐྲུན།

2 སྨན་དགེ་རག་རྡོ་བློ་བཟང་བསྟན་འཛིན་གྱིས་བསྒྱུར། ཝྰཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། ཕྱི་ལོ་༢༠༠༦ ལོར་དཔར་དུ་བསྐྲུན།

 

 

ག  ཉིང་དགོས།

ཐམས་ཅད་འདུས་པའི་རྒྱུད་འདི་ཁྱུང་ལྡིང་འདྲ།། ཞེས་གསུངས་པ་ལྟར་དཔལ་ལྡན་རྒྱུད་བཞི་གཙོས་གསོ་བ་རིག་པའི་གཞུང་ལུགས་མང་པོར་རྒྱ་དཀར་ནག་དང་སྟོད་ཕྱགས་ལུགས་ཀྱི་སྨན་གཞུང་ལས་ལེགས་ཆ་བླངས་ནས་བརྩམས་བསྒྱུར་བྱས་པ་འདི་དཔལ་ལྡན་རྒྱུད་ཀྱི་ཆེ་བ་སྟེ་གསོ་རིག་གཞུང་གི་རྒྱན་དང་ལྷག་པར་དུས་སྙིགས་མར་ཀླུ་གདོན་དང་གཉན་རིམས་སོགས་ནད་རིགས་མང་དག་བྱུང་བཞིན་ཡོད་པར་རང་ལུགས་གཞིར་བཞག་ཐོག་ལུགས་ཆེན་གསུམ་དང་གཞན་ཡང་དེང་དུས་ཕྱི་ལུགས་སམ་ཚན་རིག་དང་མཐུན་པའི་སྒོ་ནས་ནད་ཀྱི་གཉེན་པོ་སྤྲོད་ཆེད་ལེགས་ཆ་བླངས་ནས་ཁ་བསྐོང་བྱ་རྒྱུ་ཡོད་པ་དེ་གསོ་རིག་ཐད་བརྩམ་བསྒྱུར་གྱི་རྒྱུན་གསོ་བ་ལས་ཡོང་ངེས་པས་ན་འདི་ནི་དཔྱད་རྩོམ་འདིའི་དགོས་པའི་དགོས་པའང་ཉིང་དགོས་དེ་ཡིན།

 

ང་། བསྡུས་དོན།

ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༦༩ ཙམ་ནས་བོད་ཀྱི་གསོ་བ་རིག་པ་དང་རྒྱ་གར་ཚེའི་རིག་བྱེད་ནི་བུ་སྤུན་ལྟ་བུ་ཡིན་པས་ཕན་ཚུན་ལེགས་ཆ་ཕྱོགས་བསྡུས་ངེས་པར་བྱ་རྒྱུ་ཡོད་སྐོར་བཀའ་སློབ་ཡང་ཡང་ཕེབས་པར་འདས་པའི་མི་ལོ་ལྔ་བཅུར་ང་འདྲ་བའི་བོད་ཕྲུག་མང་དག་རྒྱ་གར་དུ་སྐྱེས་བསྲིངས་བྱས་ཡོད་ཀྱང་རྒྱ་གར་གཙོས་ཁྱིམ་མཚེས་ཡུལ་གྲུའི་སྲོལ་རྒྱུན་སྨན་ལུགས་ལ་བསླབ་པ་ཐར་སོན་ཞིང་བརྩམ་བསྒྱུར་བྱ་བཞག་ལ་ལེགས་བསྐྱེད་ཕུལ་བ་ནི་ཉིན་མོའི་སྐར་མ་ཙམ་ལས་བྱུང་མེད་པས་གསོ་རིག་རྗེས་འཛིན་པ་དང་འབྲེལ་ཡོད་སློབ་གཉེར་ཁང་ནས་གཙོ་རྐང་འགན་བཞེས་ནས་གསོ་རིག་བརྩམ་བསྒྱུར་གྱི་རྒྱུན་ཉམས་པ་སླར་གསོ་ཡོང་བ་བརྒྱུད་གསོ་བ་རིག་པའི་བསྟན་པ་སྔར་ལྷག་རྒྱས་འགྱུར་བའི་སྨོན་འདུན་དང་བཅས་དོན་བསྡུས་པའོ།། །།

 


 

 -----------------------------------------------------

ཁུངས་བཅོལ་ཡིག་ཆ།

༡། སྡེ་དགེ་བཀའ་འགྱུར་དཀར་ཆག

(TBC= Tibetan Buddhist Canons, Full title: A Complete Catalogue of Tibetan Buddhist Canons)

༢། སྡེ་དགེ་བསྟན་འགྱུར་དཀར་ཆག

(TBC= Tibetan Buddhist Canons, Full title: A Complete Catalogue of Tibetan Buddhist Canons)

༣། ཁོག་འབུགས།

(སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསོ་རིག་སྨན་གྱི་ཁོག་འབུགས། ༡༩༩༤ ལོར་རྡ་ས་བོད་གཞུང་སྨན་རྩིས་ཁང་ནས་དཔར་དུ་བསྐྲུན་བྱས་པའི་དེབ་གཟུགས་ཀྱི་ཤོག་ཨང་གཞིར་བཞག་བཀོད། མཆན་བཀོད་སྟངས་ནི་༡༥༨།༦ ཤོག་ཨང་༡༥༨། ཚིགས་རྐང་། ༦)

༤། A.Hri.

(Astanga Hridyam) (མཆན་བཀོད་སྟངས་ནི་6.40=གནས་དྲུག་པ། ལེའུ་བཞི་བཅུ་པ།

༥། བཻ་ཕྲེང་།

(བོད་ཀྱི་གསོ་རིག་ཆོས་འབྱུང་བཻཌྰུརྱའི་ཕྲེང་བ། དཀོན་མཆོག་རིན་ཆེན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་ནས་༡༩༩༢ ལོར་པར་ཐེངས་གཉིས་པ་བསྐྲུན། དེབ་གཟུགས་ཤོག་༣༢༠ ཅན། མཆན་བཀོད་སྟངས་ནི། ༢༧།༩ =ཤོག་ཨང་༢༧ ཚིགས་རྐང་།)

༦། གཡུ་རྣམ།

(གཡུ་ཐོག་གསར་རྙིང་གི་རྣམ་ཐར། ཇོ་བོ་ལྷན་གྲུབ་བཀྲ་ཤིས་དང་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་བརྩམས། མི་རིགས་དཔེ་བསྐྲུན་ཁང་། ༡༩༨༢ (མཆན་བཀོད་སྟངས་ནི། ༡༦༦།༡༨ ཤོག་ཨང་༡༦༦། ཚིགས་རྐང་།༡༨)

 


 

མཐའ་མའི་འདོན་ཐེངས་།: 12.10.2015 ཉིན། 3:12 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།