སྦེང་ལོར་སྨན་རྩིས་མཐོ་སློབ་ལ་ཚད་འཛིན་མོས་མཐུན་ཐོབ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.02.2023 |
RGUHS ནས་སྦེང་ལོར་སྨན་རྩིས་མཐོ་སློབ་གསར་འཛུགས་ལ་ཚད་འཛིན་མོས་མཐུན་གྱི་ཕྱག་ཡིག་གནང་བ།
སྤྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༣ ཉིན་སྦེང་ལོར་ར་ཇིབ་གན་དྷི་འཕྲོད་བསྟེན་ཚན་རིག་གཙུག་ལག་སློབ་གྲྭ་ཆེན་མོ་(Rajiv Gandhi University of Health Sciences/RGUHS, Bengaluru) ནས་འགྲོ་ཕན་སྨན་རྩིས་ཁང་གི་སྦེང་ལོར་གསོ་བ་རིག་པ་མཐོ་སློབ་གསར་འཛུགས་ལ་ཚད་འཛིན་མོས་མཐུན་གྱི་ཕྱག་ཡིག་ (Consent of Affiliation) གནང་བ་ནས་བཟུང་། རིམ་པས་སྤྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡ ལ་ཀ་ན་ཌ་ཀའི་མངའ་སྡེའི་འཕྲོད་བསྟེན་ལྷན་ཁང་ནས་སྦེང་ལོར་མཐོ་སློབ་ཁང་གསར་འཛུགས་ལ་འགག་ཆ་མེད་པའི་ཆོག་མཆན་ཕྱག་འཁྱེར་ (No Objection Certificate) གནང་བ་དང་། དེ་ནས་ཟླ་བ་ ༡༠ ཚེས་ ༡༨ ཉིན་རྒྱ་གར་རྒྱལ་ཡོངས་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་(National Commission of Indian System of Medicine/NCISM)ནས་སྦེང་ལོར་མཐོ་སློབ་ཁང་ལ་ངོས་བཞེས་གནང་བའི་ཐོག་དགོས་དོན་གྱི་ཕྱག་ཡིག་(Letter of Intent)དང་། དེའི་རྗེས་ཟླ་བ་ ༡༢ ཚེས་ ༡༣ ཉིན་ལ་ལྷན་ཚོགས་(NCISM)ནས་སྦེང་ལོར་མཐོ་སློབ་ལ་ཕྱི་ལོ་ ༢༠༢༢‑༢༣ སློབ་དུས་ལོའི་དཀའ་བཅུ་པའི་སྨན་སློབ་གསར་འཇུག་ཆོག་པའི་ཕྱག་ཡིག་(Letter of Permission)གནང་བ་བྱུང་ཡོད།།
མཐའ་མའི་འདོན་ཐེངས་།: 01.03.2023 ཉིན། 11:54 AM
<< སྔ་མ།