སྨན་རྩིས་དྲ་བ། - མདུན་ངོས།

སྣེ་ཤན་སྐུ་ཚབ་གསར་པ་ལྟ་སྐོར་དུ་ཕེབས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.06.2022
མདུན་ངོས། >>

སྣེ་ཤན་སྐུ་ཚབ་གསར་པ་ལྟ་སྐོར་དུ་ཕེབས་པ།


ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༧ ཉིན་བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་ནས་དྷ་སར་རྟེན་གཞི་རྒྱ་གར་གཞུང་གི་ཕྱི་དྲིལ་ལས་ཁུངས་ཀྱི་སྣེ་ཤན་སྐུ་ཚབ་གསར་པ་སྐུ་ཞབས་དིཔཀ་པདྨ་ཀུམཱར་ (Mr. Deepak Padmakumar) ལགས་དང་། སྐུ་ཚབ་རྙིང་པ་ཨབྷིམནྱུ་གཧལོཏ་ (Mr. Abhimanyu Gahlaut ) ལགས་རྣམ་གཉིས་ལ་གུང་ཚིགས་སྣེ་ལེན་ཞུས་ཡོད། དེ་ཡང་ཉིན་དེར་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་སྐུ་ངོ་ཐུབ་བསྟན་ཚེ་རིང་མཆོག་ནས་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་གཉིས་པོ་དག་བོད་ཀྱི་སྨན་རྩིས་ཁང་དུ་བསུ་བ་ཞུས་ཏེ་སྨན་སྦྱོར་ཁང་སོགས་སུ་ལྟ་སྐོར་ཐུང་ངུ་ཞིག་གནང་བ་རེད།

ད་རེས་ལྷག་པར་སྨན་རྩིས་ཁང་ནས་སྐུ་ཞབས་ཨབྷིམནྱུ་མཆོག་ལ་རང་གི་ལས་ཡུན་རིང་སྨན་རྩིས་ཁང་ལ་དུས་སྐབས་དང་དགོས་མཁོ་ནམ་ཤར་ལ་ཁྲིམས་མཐུན་རམ་འདེགས་ཆ་ཚང་གནང་བར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་དྲན་པ་དང་སྦྲགས། ཁྱེད་ཀྱི་འབྱུང་འགྱུར་ལས་གཞི་རྣམས་ལ་ལམ་ལྷོངས་ལྡན་པའི་བཅོས་མིན་སྨོན་འདུན་ཞུ། དེ་མཚུངས་སྐུ་ཞབས་དིཔཀ་པདྨ་ཀུམཱར་ལགས་ལ་འདི་གར་སྣེ་ཤན་སྐུ་ཚབ་གསར་པར་བསྐོ་བཞག་བྱུང་བར་སྙིང་ཐག་པའི་འཚམས་འདྲི་ཞུ་བ་དང་། སྐུ་ཉིད་ནས་ཐུགས་འགན་བཞེས་པ་བཞིན་ཕུལ་བྱུང་གི་འགོ་ཁྲིད་ནུས་པ་འདོན་ཐུབ་པའི་རེ་སེམས་འཆང་ནས་ཡོད།།





མཐའ་མའི་འདོན་ཐེངས་།: 11.08.2022 ཉིན། 12:00 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།