སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

སྡེ་ཚན་དགུ་པ། སྲོག་ཆགས་ལས་བྱུང་བའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.06.2015
དྲི་མེད་ཤེལ་ཕྲེང་། >>

 


སྡེ་ཚན་དགུ་པ། སྲོག་ཆགས་ལས་བྱུང་བའི་སྨན་སྡེ་བཤད་པ།

ད་ནི་བར་གྱི་དགུ་པ་སྲོག་ཆགས་ལས་བྱུང་བའི་སྨན་སྡེ་བཤད་པ་ལ། ནང་ཚན་དབྱེ་བ་སུམ་ཅུ་ཡོད་པ་རིམ་པས་བཤད་པར་བྱ་བ་ནི།

 

དང་པོ་རྭ་ཡི་སྨན་གྱི་ནུས་པ་བསྟན་པ།

 

༡། བསེ་རུ།

བསེ་རུས་བྱང་ཁོག་རྣག་ཁྲག་ཆུ་སེར་སྐེམ། །ཞེས་པར། ལྕགས་ཕྲེང་ལས། བསེ་རུ་ཅུང་ཟད་དྲོ་ལ་སྐེམ་སྟེ་ཁྲག་རླངས་འཇུ་བར་བྱེད། །ཅེས་དང༌། སྒྲོན་གསལ་ལས། བསེ་རུས་གཟེར་དང་དུག་དང་གླང་ཐབས་འཇོམས། དང༌།

 

༢། བསེ་རུ་དཀར་པོ།

དཀར་པོས་དུག་ཚད་སེལ་བྱེད་ནུས་པ་བསིལ།།

 

༣། བསེ་རུ་ཁྲ་བོ།

ཁྲ་བོས་དུག་སྲུང་བསིལ་དྲོད་སྙོམས་ཀུན་འཕྲོད།

 

༤། བསེ་རུ་ནག་པོ།

ནག་པོས་རྣག་ཁྲག་ཆུ་སེར་སྐེམ་བྱེད་དྲོ། །ཞེས་པར། མིང༌། སྤྱི་བོར་ཆིག་སྐྱེས། གཅིག་པུར་སྐྱེས་པ་ཟེར།

 

༥། ཁ་ཤ་ཤ་བའི་བོག་རྭ།

ཁ་ཤ་ཤ་བའི་བོག་རྭ་བསེ་རུར་མཚུངས། །རྭ་གསར་སྤུ་ཅན་སོབ་པོ་ནུས་པ་བསེ་རུ་དང་འདྲ།

 

༦། ཤ་བའི་རྭ་རྒན་ཐལ་བ།

ཤ་བའི་རྭ་རྒན་ཐལ་བས་དམུ་ཆུ་སྐེམ།

 

༧། ཤ་བ་གཡག་རྒོད་བཙོད་དང་ར་ཡི་རྭ་གཞོབ།

ཤ་བ་གཡག་རྒོད་བཙོད་དང་ར་ཡི་རྭའི། །གཞོབ་ཀྱིས་བད་ཀན་ལྦ་བ་གཟེར་རྣམས་འཇོམས།

 

༨། གྭ་དོར་གསུམ།

གྭ་དོར་གསུམ་གྱིས་རྣག་དང་ཆུ་སེར་སྐེམ། །ཞེས་པའི་གྭ་དོར་གསུམ་ནི། ཤྭ་བ་ཁ་ཤ་བསེ་རུ་གསུམ་གྱི་རྭའོ།།

 

༩། བཙོད་དང་དགོ་བའི་རྭ།

བཙོད་དང་དགོ་བའི་རྭ་ཡིས་འཁྲུ་བ་གཅོད།

 

༡༠། རྒྱ་རུ་ལུག་ཐུག་བཙོད་རྭ།

རྒྱ་རུ་ལུག་ཐུག་བཙོད་རྭས་བུ་འབྱེད་བྱེད།མོ་ནད་ལ་ཡང་ཕན་

 

༡༡། རྒོད་གཡག་རྭ།

རྒོད་འབྲོང་ཕོ་གཞན་གཡག་རྭ་ཡིས་དྲོད་སྐྱེད་སྐྲན་ནད་བཤིག

 

༡༢། གཉན་གྱི་རྭ།

གཉན་གྱི་རྭ་ཧོང་ལེན་སྦྱར་བས་ཡིས་འདི་བསྲོས་པའི་དུགས་ཀྱིས་གྲང་སྲིན་ལ་ཕན་རིམས་ནད་སེལ་བར་བྱེད།།

 

༡༣། མ་ཧེའི་རྭ།

མ་ཧེས་རྭས་འོར་ནད་བ་མེན་རྭས་རྣག་ཁྲག་སྐེམ།།

 

༡༤། གླང་ཐུག་གི་རྭ།

གླང་ཐུག་སྤུ་མདོག་གང་རུང་རྭསམགོ་ཆག་གླང་ནག་ཐུག་པོ་བཟང་མཛེ་ལ་ཕན།།

 

༡༥། གླང་གི་རྭ་གཞོབ།

གླང་གི་རྭ་གཞོབ་བྲག་ཞུན་དང་སྦྱར་བས་མཆིན་པའི་ཚ་བ་སེལ།།

 

༡༦། རྒྱ་རུ།

རྒྱ་རུས་གྲོ་ཆང་དང་སྦྱར་བས་གྲང་བ་འབྱིན་ཁ་ཤས་ཤུག་པའི་ཐང་ཆུ་དང་སྦྱར་བས་མཁས་མགཟེར་བ་རྣམས་འཇོམས།།

 

༡༧། མཛོ་རྭ།

མཛོ་རྭས་རྔ་བྲན་དུག་ལ་ཕན་པར་བྱེད།།


༡༨། རྒོད་གཡག་ཐུག་རྭ།

རྒོད་གཡག་འབྲོང་དང་ཕྱུགས་གཡགཐུག་པོའི་རྭས་རྨ་འབྲས་ཕོ་ནད་སེལ།།

 

༡༩། ར་གནའ་ཆུ་གླང་རྭ།

ར་གནའ་ཆུ་གླང་རྭ་ཡིས་ཚད་པར་ཕན། །རམདཀར་མོའི་རྭ་ཡིས་རྨོངས་དང་རིམས་གཟེར་བ་འཇོམས།།

 

༢༠། ར་དཀར་རྩེ་གཡས།

ར་དཀར་པོའི་རྭ་རྩེ་གཡས་བསྲེག་པ་ཐལ་གྱིས་བ་སྤུའི་ཚ་བ་སེལ།།

 

༢༡། རྒྱ་རུ།

རྒྱ་རུས་སེམས་ཅན་གང་རུང་གིས་མི་ཕྱུགས་བརྡུངས་པའི་དུག་དང་བུད་མེད་མངལ་ནད་ཀྱིས་ཁྲག་འགགས་པར་ཕན་རྭ་དུག་མངལ་འགགས་འབྱིན་པར་བྱེད།།

 

༢༢། ར་རུ།

སྤྱིར་ན་ར་རུ་བསིལ་ལ་ལུག་རུ་དྲོ།།

 

༢༣། རི་དྭགས་རྭ།

རི་དྭགས་སྙོམས་ལ་ཐུག་པོ་དྲོ་བ་ཡིན།།

 


གཉིས་པ། མིག་གི་ནུས་པ་བསྟན་པ།

 

༡། མི་ཡི་མིག་འབྲས།

མི་སྔགས་པ་སོགས་བསྐྱེད་རྫོགས་ཤེས་པའི་ཡི་མིག་འབྲས་གཟའ་ནད་ན་བའི་ཁོང་སྨན་དང་མ་ན་བའི་མགུལ་བསྲུང་བྱ་བསྲུང་དང་འཇོམས།།

 

༢། ལུག་གི་མིག་འབྲས།

ལུག་གི་མིག་འབྲས་སོ་ཡི་བཅུད་ལེན་ནང་སྙིང་ཤེལ་འདྲ་དེས་སོ་སྲ་བ་དང་དཀར་བར་བྱེད།།

 

༣། བྱ་རྒོད་མིག

བྱ་རྒོད་མིག་མིག་ལ་བྱུགས་པ་གིས་རྒྱང་གསལ་རིང་པོ་ཚུན་མཐོང་གྲིབ་མིག་གྲིབ་འགྲིབ་ལ་བྱུང་ལ་ཕན། །གློ་གཅོང་ལ་ཡང་ཕན་

 

༤། ཉ་དང་བྱི་བའི་མིག

ཉ་དང་བྱི་བའི་མིག་གིས་གཉིད་མཐུག་སྲུང༌།།

 

 

གསུམ་པ། ལྕེ་ཡི་ནུས་པ་བསྟན་པ།

 

༡། སྤྱང་ཀིའི་ལྕེ།

སྤྱང་ཀིའི་ལྕེ་ཡིས་ལྕེ་སྐྲངས་གག་པ་སེལ།།

 

༢། ཁྱི་ལྕེ། ཕག་ལྕེ།

ཁྱི་ལྕེས་དོམ་མཁྲིས་དང་སྦྱར་ནས་རྨ་འདྲུབ་ཕག་ལྕེས་བུ་རམ་དང་དུར་བྱིད་དང་དྭ་བའི་རྩ་བ་སྦྱར་ནས་རུས་འཛེར་རུས་འབྲས་ལ་བྱུགས་རུས་གཟེར་འགོག།

 

༣། ན་ར་ཛི་ཧྭ།

ན་ར་ཛི་ཧྭས་མིའི་ལྕེས་བྷ་ལ་ཕོ་མཚན་ཞི་བར་བྱེད།།

 

༤། སི་ཏ་ཤྭ་ན་ཛི་ཧྭ།

སི་ཏ་ཤྭ་ན་ཛི་ཧྭས་ཁྱི་དཀར་ལྕེ་དེའི་འབྲས་བུ་རྟགས་དང་སྦྱར་ལ་བྱུགས་ན་བྷོ་ལ་འགྲེངས།།

 

༥། དུང་མཁན་ལྕེ།

དུང་མཁན་བོང་བུའི་ལྕེ་ལ་ཕུག་སྐམ་པོ་དང་སྦྱར་ནས་གཏོང་ལྕེ་ཡིས་འཁྲུ་བ་གཅོད་པར་བྱེད།།

 

༦། གཡག་གི་ལྕེ།

གཡག་འབྲོང་ངམ་མ་རྙེད་ན་རྨོ་བཀལ་མ་བྱས་པའི་ལྕེ་རྩབ་རུ་ཚྭ་དང་སྦྱར་གི་ལྕེ་ཡིས་བད་ཀན་གྲང་བ་སེལ།།

 

བཞི་པ། སོ་ཡི་ནུས་པ་བསྟན་པ་ནི།

༡། ཐལ་ཀར་མཆེ་དྲུག་སོ།

ཐལ་ཀར་མཆེ་དྲུག་སོ་ཡིས་གླང་པོ་ཆེའི་མཆེ་བའོ་གདོན་དུག་སྲུང༌།།

 

༢། མི་ཡི་མཆེ་བ།

མི་ཡི་མཆེ་བས་ཤུ་དག་དང་སྦྱར་ཏེ་སྐེ་ལ་བཏགས་རིམས་ནད་སྲུང་བར་བྱེད།།

 

༣། ཕག་རྒོད་མཆེ་བ། ཁྱིའི་མཆེ་བ། སྲམ་གྱི་མཆེ་བ།

ཕག་རྒོད་མཆེ་བས་མདེ་འབྱིན་དང་སྦྱར་ལ་ཁོང་བཏང་རྨར་བླུགས་མདེའུ་འབྱིན་ཁྱིའི་མཆེ་བས། སྨན་དང་སྦྱར་ལ་ལྟོར་གཏོང༌། །གག་པ་སེལ་ཞིང་སྲམ་གྱི་མཆེ་བ་སོ་བྱའི་ཤ་ཁུ་དང་སྦྱར་ལ་གཏོང་སྣས། །གྲེ་བ་སོགས་ལ་ཉ་རུས་ཟུག་པར་ཕན།།

 

༤། དོམ་གྱི་མཆེ་བ། སྟག་གཟིག་གི་མཆེ་བ། འབྲུག་གི་མཆེ་བ།

།དོམ་གྱི་མཆེ་བས་བྱ་རུས་དང་སྦྱར་བས་ཁྲག་གཅོད་སྟག་གཟིག་དང༌།། འབྲུག་སྨན་སྦྱོར་དང་སྦྱར་བས་གི་མཆེ་བས་སོ་ཡི་གཟེར་སྨན་གསུམ་དང་སྨན་ཆེན་སྦྱར་བས་འབམ་པོ་ལ་ཕན་གཟེར་འཇོམས་བརྟན་སྲིན་སྨན་ལ་སྦྱར་བས་སྲིན་གཟེར་འཇོམས།

 

༥། སྟག་གི་མཆེ་བ།

སྟག་གི་མཆེ་བས་སུ་མི་དང་སྦྱར་ལ་ལྟོ་སྟོང་གཏོང༌། ཡང་ན་སྦྱར་སྨན་ལ་བསྲེ་ དུག་རྒོད་སྐྱར་སྲི་སེལ།

 

༦། འཕྱི་བའི་མཆེ་བ།

འཕྱི་བའི་མཆེ་བས་དོམ་གྱི་མཇིང་རུས་དང་སྦྱར་ནས་འདེབས་དང་བཏུང་ རུས་པ་ཆག་པ་སྦྱོར།

 

༧། སྲམ་གྱི་མཆེ་བ།

སྲམ་གྱི་མཆེ་བས་བུ་རམ་དང་སྦྱར་ནས་བཏང་བས་རྡེའུ་ནད་ཆུ་འགགས་སེལ།

 

ལྔ་པ། གྲེ་བའི་ནུས་པ་བསྟན་པ་ནི།

གྲེ་བའམ་ཨོལ་མདུད་ཏང་ཏང་བ་ཡང་ཟེར་

 

༡། བྱ་རྒོད་གོ་བོ་སོ་བྱའི་གྲེ་བ།

བྱ་རྒོད་གོ་བོ་སོ་བྱའི་གྲེ་བ་ཡིས། །མ་ཞུ་འཇུ་དང་ཁྱད་པར་ཤ་འཇུ་བྱེད། །རྒོད་འབྲིང་ཡིན་མ་རྙེད་ན་རྨོ་བཀལ་མ་བྱས་པགཡག་རྟ་རྐྱང་བཙོད་དང་དགོ་བ་དང༌། །སྤྱང་ཀི་སོ་བྱ་ཆུ་བྱ་སོ་ཐོ་ནག་པོ་ཞེས་དེ་ལ་སོ་ཡོད་པས་སོ་བྱ་ཟེར།རྣམས་ཀྱི་གྲེ་བ་ཡིས། །མགུལ་བའི་ལྦ་བ་འཇོམས་པར་བྱེད་པ་ཡིན། །གཡག་རྒོད་ལུག་སོགས་སྐེ་ཝ་ཚྭའི་ནང་དུ་ཅུང་ཟད་བཙོས་ནས་བསྐམ་པར་བྱ་རྨེན་སྣ་ཚོགས་དང༌།།  གྲེ་བ་སྣ་ཚོགས་ལྦ་ཚྭའི་ཆུར་བཙོས་ལ་སྐམ་སྲད་ལེགས་པར་བྱས་ནས་ལྦ་སྨན་སྦྱར་བའི་གཙོ་བོར་ཐུན་བསྐྱེད་ལ་གཏོང་བའོ་དེ་བཞིན་ལྦ་བར་ཕན།།

 

༢། ཅོ་ག་ཁུ་བྱུག་འཇོལ་མོ་རྟའི་གྲེ་བ།།

ཅོ་ག་ཁུ་བྱུག་འཇལ་མོ་རྟའི་གྲེ་བས། སྐད་སྨན་སྦྱོར་བ་ཟབ་མོ་གང་རིགས་པ་བསྡེབ་པ་ཡིན། །སྐད་འགགས་སེལ་ཞིང་ཚངས་པའི་དབྱངས་སྟེར་ཟེར།།

 

དྲུག་པ། སྙིང་གི་ནུས་པ་བསྟན་པ་ནི།

༡། གྲི་སྙིང་(སྐྱེས་དར་མ་སྙིང་སྟོབས་ལྡན་པ་གཡུལ་ངོར་ཕན་ཚུན་གསོད་རེས་བྱས་པའི་སྙིང་དགོས་གསུངས་)ནེ་ཙོ་གཡག་རྒོད་(ཕོ་འབྲོང་གི་སྙིང་ཁྲག་ཀྱང་བཟང༌།)རི་བོང་སྙིང་། །རྒྱལ་གདོན་སྨྱོ་འབོག་སྙིང་གཟེར་འཇོམས་པར་ཉེས་གསུམ་གང་ཡིན་གཉེར་པོར་བསྡེབ་པ་ཡིན་བྱེད།།

 

༢། བྱ་རྒོད་སྙིང༌།

བྱ་རྒོད་སྙིང་གིས་དྲན་པ་ཉམས་པ་གསོ།།

 

༣། སྤྲེའུ་དང་འཕྱི་བའི་སྙིང༌།

སྤྲེའུ་དང་འཕྱི་བའི་སྙིང་གིས་སྙིང་ཚབ་བུད་མེད་མོ་ནད་སྙིང་གཟེར་ཆེ་བ་སེལ།།

 

༤། ར་སྙིང༌། ཝ་སྙིང༌།

ར་སྙིང་སྲིན་སེལ་ཝ་སྙིང་དམུ་ཆུ་སྦྱོང༌།།

 

༥། རྟ་ཡི་སྙིང༌།

རྟ་ཡི་སྙིང་གིས་དུག་ནད་ཚིགས་བྱེར་སྡུད།།

 

༦། རུས་སྦལ་སྙིང༌།

རུས་སྦལ་སྙིང་གིས་རུས་པའི་གོང་བུ་ནང་དུ་སྦལ་པ་ཡོད་པ་དེའི་སྙིང་ངོ་མགོ་ཡི་རྨ་གསོ་བྱེད།།

 

བདུན་པ། གློ་བའི་ནུས་པ་བསྟན་པ་ནི།།

 

༡། ཝ་དང་ཁུག་རྟའི་གློ་བ།

ཝ་འཕྲོད་པའི་སྨན་དང་སྦྱོར་བའི་འཕྲོད་སྨན་བོང་བུའི་འོ་མར་སྦྱར་བས་ཕྲེང་བརྒྱངས་ལ་བོས་པའོ་དང་ཁུག་རྟའི་གློ་བས་གློ་རྡོལ་གཅོད།།

 

༢། ཁ་ཤའི་གློ་བ།

ཁ་ཤའི་གློ་བས་གླ་རྣག་སེལ་བར་བྱེད།།

 

༣། རེའུ་སྐྱེས་འཕྲལ་ཤི་བའི་གློ་བ།

རེའུ་སྐྱེས་འཕྲལ་མས་མ་བལྡག་གོང་ཤི་གློ་བས་གློ་བ་གསོ།།

 

༤། ར་གློ།

ར་གློས་སྲིན་སེལ་གཉེན་གློས་རྒྱུ་ཚབ་སེལ།།

 

༥། གློ་བ།

གློ་བ་གང་ཡང་གློ་ནད་ཀུན་ལ་ཕན།།


བརྒྱད་པ། མཆིན་པའི་ནུས་པ་བསྟན་པ་ནི།།

༡། གཟུགས་མོ་སྦལ་ནག་མཆིན་པ།

གཟུགས་མོ་གཟུགས་མོ་སེམས་ཅན་ཆེ་ཆུང་འཕྱི་བ་ཙམ་ལ་ཡན་ལག་ཐུང་བ་གདོང་སོ་མཆེ་བ་གཉིས་ཡོད་པ་ཕྱི་བ་བྲ་བ་རི་བོང་གཟུགས་མོ་རྣམས་སོ་སྐྱེ་ལུགས་འདྲ་བ་ལས་གཅན་གཟན་གཞན་ལྟར་གཡས་གཡོན་མཆེ་རིང་དང་སྔོན་པོ་ཞིབ་མིན་སྤུ་ཐམས་ཅད་སྒང་ཐུར་ཡིན་པའོ་སྦལ་ནག་མཆིན་པས་སྦྱར་དུག་སེལ།།

 

༢། ར་ཡི་མཆིན་པ།

ར་ཡི་མཆིན་པས་སྲིན་སེལ་མིག་མིག་ཤེད་ཆུང་བ་དང་སྲོད་ལོང་ཡོད་པ་ལའོ་ལ་ཕན།།

 

༣། སྲམ་གྱི་མཆིན་པ།

སྲམ་གྱི་མཆིན་པས་བུལ་ཏོག་དང་སྦྱར་ལ་གཏོང་ཆུ་འགགས་མངལ་འཁྱིལ་ཡས་མས་ནས་གཏོང་སྨན་དང་སྦྱར་ལ་ཡེའུ་མར་གཏོང་དང་གོང་འོག་གདོང་སྤྲད་དགོས་གསུངས།འབྱིན།།

 

༤། བུ་མོ་སྟག་ལོའི་གྲི་མཆིན།

བུ་མོ་སྟག་ལོ་མ་ལོ་བཅུ་གཉིས་ཐོག་མཚོན་ཕོག་པའམ་གཡང་དུ་ལྷུང་བའམ་དུག་དང་མཆིན་ནད་མིན་པས་གློ་བར་དུ་ཤི་བའོ་སྟག་ལོའི་གྲི་མཆིན་དུག་ནད་འཇོམ།།

 

༥། ལུག་མཆིན།

ལུག་མཆིན་མཆིན་རླུང་མིག་འགྲིབ་ནད་ལ་ཕན།།

 

༦། འཕྱི་བའི་མཆིན་པ།

འཕྱི་བའི་མཆིན་པས་དོམ་མཁྲིས་དང་སྦྱར་ནས་གས་པོར་འདེབས་ཁོང་དུ་ཡང་གཏོང་བའོ་རུས་པ་གས་ཆག་སྦྱོར།།

 

༧། མཆིན་པ།

མཆིན་པ་གང་ཡང་སྣ་ཚོགས་མཆིན་སྨན་དང་སྦྱར་བའི་མཆིན་ཁྲོལ་བྱེད་པ་བཟང་མཆིན་ནད་ཀུན་ལ་ཕན།།

 

དགུ་པ། མཁྲིས་པའི་ནུས་པ་བསྟན་པ་ནི།

མཁྲིས་པ་གང་ཡང་ནུས་བསིལ་མཁྲིས་ནད་སེལ།།

 

༡། མི་མཁྲིས།

མི་མཁྲིས་རྩ་འབྲོས་འཕྲང་དུག་སོགས་རྩ་རྒྱུད་ནས་གཞན་དུ་བྱེད་པའི་ལམ་དགག་པས་བྱེད་དུ་མི་འཇུག་པའོ།སྡོམ་རྨ་ལ་ཕན། །དུག་དང་མཁྲིས་ནད་ལ་ཕན་བཤལ་རྗེས་གཅོད།།

 

༢། དོམ་མཁྲིས།

དོམ་མཁྲིས་རྒྱས་དབྱེ་རྩི་སྨན་སྐབས་བཤད་པ་ལྟར་རོ་མཁྲིས་པའི་མཆོག་ཡིན་རྩ་ཁ་འཛིན། །རྨ་གསོ་མཁྲིས་སེལ་མིག་གི་ནད་ལ་ཕན།།

 

༣། དྲེད་མོའི་མཁྲིས་པ།

དྲེད་མོའི་མཁྲིས་པ་དོམ་དང་ནུས་ཕྱོགས་མཐུན།།

 

༤། གླང་ཆེན་མཁྲིས་པ།

གླང་ཆེན་མཁྲིས་སྦྱར་དུག་གིས་ཤ་འབྲི་ནས་ནག་སྐེམ་དུ་འགྲོ་བ་དེ་ལ་དུག་སྨན་དང་སྦྱར་ལ་གཏོང་བ་ཡིན་པས་དུག་གིས་ཤ་སྐམ་གསོ། །གཟུགས་མོས་སྦྱར་དུག་ངུར་མཁྲིས་ཆུ་བྱ་ངང་པ་དཀར་སེར་རིགས་གཉིས་ཡོད་པ་འདྲ་ཉ་ལོག་འཇོམས།།

 

༥། གཡག་རྒོད་མཁྲིས་པ།

གཡག་རྒོད་བྱང་ཁོག་རྩ་སྡོམ་མེ་དྲོད་གཏུམ་མོའི་སྨན་དང་སྦྱར་ནས་ལུས་བཀྲུས་ལ་བྱུགས་པའོ་སྐྱེད།།

 

༦། ཁྱིམ་བྱ་མཚལ་ལུའི་མཁྲིས་པ།

ཁྱིམ་བྱ་མཚལ་ལུས་མཁྲིས་པས་རྨ་རྨ་བྱའི་སྒོ་ང་ལ་སྦྱར་བའི་དུག་ལ་ཕན་ བྱའི་སྒོང་དུག་སེལ།།

 

༧། རྩངས་པའི་མཁྲིས་པ།

རྩངས་པའི་མཁྲིས་པས་མགོ་ཡི་ཤ་འུ་སྐྱེད།།

 

༨། སྦལ་ནག་ནེ་ཙོའི་མཁྲིས་པ།

སྦལ་ནག་ནེ་ཙོའི་མཁྲིས་པས་སྦྱར་དུག་སེལ།།

 

༩། འཕྱི་མཁྲིས།

འཕྱི་མཁྲིས་སྦྱར་དུག་རྨར་ཕན་ཆང་ནད་འབྱངས།།

 

༡༠། བྱ་རྒོད་མཁྲིས་པ།

བྱ་རྒོད་མཁྲིས་པ་མིག་ལ་བྱུགས་དང་བཏུང་བས་མིག་གསལ་རྨ་གསོ་གློ་ནད་ཕན།།

 

༡༡། ལུག་དང་རྟ་ཡི་མཁྲིས་པ།

ལུག་དང་རྟ་ཡི་མཁྲིས་པས་རྨ་ལ་ཕན།།

 

༡༢། ར་མཁྲིས།

ར་མཁྲིས་སྲིན་གསོད་དུག་ནད་ཚིགས་བྱེར་སེལ།།

 

༡༣། གླང་མཁྲིས།

གླང་ནག་པོའི་མཁྲིས་སྦྱར་དུག་མིག་ལ་ཕོག་པར་ཕན།།

 

༡༤། ཉ་མཁྲིས།

ཉ་མཁྲིས་རྨ་ཚ་མིག་འགྲིབ་དག་ལ་ཕན།།

 

༡༥། ཉ་སོགས་ཆུ་གནས་མཁྲིས་པ།

ཉ་སོགས་ཆུ་གནས་མཁྲིས་པས་མེས་ཚིག་གསོ།།

 

༡༦། ཕག་མཁྲིས།

ཕག་མཁྲིས་རྨ་དུག་ཚད་སེལ་མིག་ལ་ཕན།།

 

༡༧། བ་སེར་མཁྲིས་པ།

བ་སེར་སྨྱོ་བྱེད་བྱི་བས་རྨ་རླུང་སེལ།།

 

༡༨། སྦྲུལ་ཆེན་མཁྲིས་པ།

སྦྲུལ་ཆེན་མཁྲིས་པས་ནད་རྣམས་སྤྱི་ལ་ཕན།།

 

༡༩། མཁྲིས་པ་སྣ་ཚོགས།

སྣ་ཚོགས་མཁྲིས་བསྡུས་རྨ་དུག་མཁྲིས་མིག་ཕན།།

 

བཅུ་པ། མཆེར་པའི་ནུས་པ་བསྟན་པ་ནི།

 

༡། གླང་གི་མཆེར་བ།

གླང་གི་མཆེར་པས་རྨ་དང་དུག་ལ་ཕན།།


༢། བ་སེར་མཆེར་པ།

བ་སེར་མཆེར་པས་དུག་དང་མིག་ལ་ཕན།།

 

༣། རྟ་ཡི་མཆེར་པ།

རྟ་ཡི་མཆེར་པས་རྨ་རློན་འབྱར་བྱས་པ་དཀྲིས་མས་བསྡམས་ལ་བཞག་གོ ལད་འདུལ་བར་བྱེད།།

 

༤། ར་ཡི་མཆེར་པ།

ར་ཡི་མཆེར་པས་མཆེར་པ་དྲོད་མོས་སྡངས་ཐབས་སུ་འགྲོ་བར་ད་སྨྲོས་བྱས་ལ་ཟླ་བུར་ཁ་ལ་བརྡེག་གོབྱིས་པའི་ཁ་ལྐུགས་འབྱེད།།

 

༥། མཆེར་པ།

མཆེར་པ་གང་ཡང་མཆེར་པའི་རང་ནད་མཆེར་སྨན་འཕྲོད་པ་དང་སྦྱར་ལ་ཚོད་མ་ལྟ་བུ་མཆེར་ཁྲོལ་བྱས་ལ་བསྟེན་ནོ་སེལ།།

 

བཅུ་གཅིག་པ། མཁལ་མའི་ནུས་པ་བསྟན་པ་ནི།

 

༡། རྟ་དང་གླང་གི་མཁལ་མ།

རྟ་དང་གླང་གི་མཁལ་མས་མཁལ་ཚད་སེལ།།

 

༢། ལུག་ཐོང་མཁལ་མ།

ལུག་ཐོང་མཁལ་མས་མཁལ་ནད་གྲང་བ་སེལ།།

 

༣། མཁལ་མ།

ཚ་གྲང་ནུས་མཐུན་མཁལ་མས་མཁལ་ནད་དང༌། །རྐེད་པ་ལྒང་པ་ཆུ་སོའི་ནད་ལ་ཕན།།

 

བཅུ་གཉིས་པ། ཕོ་བའི་ནུས་པ་བསྟན་པ་ནི།

 

༡། སྤྱང་ཀིའི་ཕོ་བ།

སྤྱང་ཀིའི་ཕོ་བས་དྲོད་སྐྱེད་མ་ཞུ་འཇུ།།

 

༢། བྱ་རྒོད་ཕོ་བ།

བྱ་རྒོད་ཕོ་བས་སྐྲན་བཤིག་མེ་དྲོད་སྐྱེད།།

 

༣། གོ་བོའི་ཕོ་བ།

གོ་བོའི་ཕོ་བས་ཟས་འཇུ་སྐྲན་ལ་བརྐོ།།

 

༤། ཤ་ཟན་ཀུན་གྱི་ཕོ་བ།

ཤ་བྱ་གཅན་སོགས་ཟན་ཀུན་གྱི་ཕོ་བས་ཕོ་གྲང་བསྲོ།།

 

བཅུ་གསུམ་པ། རྒྱུ་མའི་ནུས་པ་བསྟན་པ་ནི།

 

༡། གཡི་དང་གྲུམ་པའི་རྒྱུ་མ།

གཡི་དང་གྲུམ་པའི་རྒྱུ་མས་རྒྱུ་གཟེར་འཇོམས།།

 

༢། མི་ཡི་ཕྲུ་མ།

མི་ཡི་ཕྲུ་མས་དྭངས་མའི་དུག་རྣམས་ཞི།།

 

༣། རྟ་ཡི་ཕྲུ་མ།

རྟ་ཡི་ཕྲུ་མས་མེས་ཚིག་རྨ་ལ་ཕན།།

 

༤། ལུག་གི་ཕྲུ་མ།

ལུག་གི་ཕྲུ་མས་དབང་པོ་རྡོ་རྗེ་སྨན།།

 

༥། བྱི་ལ་གཞང༌།

བྱི་ལའི་གཞང་གིས་ཀ་ཀྐོ་ལ་སྒོ་བསྡམ།།

 

བཅུ་བཞི་པ། མཚན་མའི་ནུས་པ་བསྟན་པ་ནི།

 

༡། ཐུག་འབྲས།

ཐུག་ལུག་ཐུག་དང་གཉེན་འབྲས་ལུག་འོར་བཙོས་པ་དང་དེ་བཞིན་འབྲོང་གཡག་གཉིས་འབྲི་འོར། རྟ་བོང་རྐྱང་གསུམ་བོང་འོར། ར་གནའ་ར་འོར། ཤ་བ་གླང་གཉིས་བ་འོར་བཙོས་ལ་མ་རུལ་མ་སད་པར་སྐམ་པ་ཡིན་ནོ།འབྲས་འབྲས་བུ་རྣམས་ཆགས་པ་མ་སྤྱད་པ་དགོས་གསུང་འདུག་རོ་ཙ་ཁྱི་ཁྱི་ཡི་འབྲས་བུ་སྐམ་པོ་རླིག་རྒྱ་ཚ་དང་རྒྱ་རུ་སྦྱར་ལ་གཏོང་བུ་རོ་འབྱིན་ཨ་ཤི་སྐྱེ་རན་པ་ལའང༌།།

 

༢། སེང་དཀར་གསང་བ།

སེང་དཀར་ཁྱི་དཀར་སྣ་དམར་འབྲས་རྡོག་ཟུང་གིས་གསང་བས་ཟུང་འཇུག་སུ་ཁ་སྐྱེད།།

 

༣། ཤྭ་ན་རྭའི་གསང་བ།

ཤྭ་ན་རཱ་གའི་གསང་བས་རོ་ཙ་མྱུར།།

 

༤། མི་སྲམ་བྱི་ལའི་མཇུག་ཏོ།

མི་སྲམ་བྱི་ལའི་མཇུག་ཏོས་རོ་ཙ་མཆོག ཁ་འདར་མ་ཡི་མཚན་མས་ཐེའུ་གདོན་སྲུང༌།།

 

༥། ཁྱི་ར་མོ་ཡི་མཚན་མ།

ཁྱི་ར་མོ་ཡི་མཚན་ཤ་ཚིལ་དགའ་སྦྱིན།།

 

བཅོ་ལྔ་པ། རུས་པའི་ནུས་པ་བསྟན་པ་ནི།

 

༡། མི་ཡི་དུར་ཐོད།

མི་ཡི་དུར་བདུད་རྩི་འབྱུང་ཁུངས་ལས། ཐོད་རྐང་ཚིལ་གསུམ་རང་ནད་སེལ།།  གསར་རྙིང་ནད་ཀྱང་དེ་བཞིན་འཇོམས། །རྙིང་པ་ཚི་ཆད་བད་མཁྲིས་ཀྱི༌། །མགོ་ནད་སེལ་བྱེད་བདུད་རྩི་ཡིན། གསུངས་ལྟར་ནད་གསར་རྙིང་དང་བསྟུན་ས་འོག་གི་རྙིང་པ་དང༌། ཆར་ཉིས་གདུངས་པའི་ཚི་ཆད་དཀར་པོ། གཞན་གསར་པ་གསུམ་མོ། ཆུ་སེར་སྐབས་ནུས་ལྡན་བསྲེག་གོ ཐོད་མགོ་ཚད་ཆུ་སེར་སྐེམ།།

 

༢། སོག་ཐལ།

སོག་ཐལ་ཚད་རྙིང་ལུས་ལ་ཞེན་པ་འགོག།

 

༣། མི་རུས།

མི་གང་རུང་གསང་བས་རུས་རྨ་གསོ་བཙའ་རྙིང་པ་མས་ནད་རྣམས་འཁྲུ།།  ཡ་བ་ཀྵ་ར་དང་སྦྱར་བས་ནད་གང་ཡིན་འཁྲུ་ལ་རྩམ་པ་མི་འཁྲུ་བ་ཡིན་མི་རུས་གང་རུང་ཐལ་བས་རྨ་འབྲས་གཅོད།།

 

༤། ཟུང་བསྲེགས་ཐལ་བ།

ཟུང་བསྲེགས་ཐལ་བས་བལ་ཡུལ་སོགས་སུ་དར་བའི་ཕོ་མོ་གཅིག་ཤི་བའི་རོ་དང་ཅོག་ཤོས་གསོན་པོར་མཉམ་བསྲེག་བྱས་པའི་ཐལ་བ་ནི་ཐལ་ཆེན་དངོས་ཡིན་རོ་ཐལ་གཞན་ནི་ཚབ་ཙམ་སྟེ་གསེར་ཚབ་ར་གན་ལས་ལོད་དོམཚོན་དང་འབྱུང་པོ་སྲུང༌།།

 

༥། ཐོག་རུས།

ཐོག་རུས་མི་ཐོག་གིས་བསད་པ་དགོས་སེམས་ཅན་གཞན་ཐོག་བསད་རུས་པ་ཚབ་ཙམ་མོ་རྒྱུ་གཟེར་རྒྱུ་གཟེར་གྱིས་ཤི་བའོ་ཐོད་པས་རྒྱུ་གཟེར་འཇོམས།།

 

༦། དཔྱི་རུས།

དཔྱི་གྲི་རུས་དགོས་རུས་ལྷོག་པ་རྐང་གང་རུང་བཙའམ། འབྲུམ་པ་ཁོང་ལོག་ཕྱི་ལ་འཕུད་པར་བྱེད་མགོས་འབྲས་ནད་འདུལ།།

 

༧། འབྲུམ་ནག་རང་ཤིའི་ཐོད་པ།

འབྲུམ་ནག་རང་ཤིའི་ཐོད་པས་འདི་དང་རྒྱུ་གཟེར་སོགས་རང་ཐོད་གཏོང་རིགས་སྨན་མ་སོང་བ་དགོས་པར་བཤད་འབྲུམ་ལོག་འབྱིན།།

 

༨། འབྲུག་རུས།

འབྲུག་ས་འོག་ནས་ཆེ་ཆུང་སྣ་ཚོགས་ལས་སྐྱ་སངས་ཚིགས་པ་ལྟར་ལྕེར་འབྱར་བ་མཁྲེགས་པ་རྐང་རྡོ་ཤེལ་དུ་སོང་བ་དབྱིབས་མ་ངེས་ཀྱང་གཅན་གཟན་ལྟར་མཆེ་བ་དང་ཤ་བ་ལྟར་རྭ་བོག་བཅས་ཡོད་པ་སྒལ་པ་ཤིན་ཏུ་རིང་བ་མཇུག་རུས་ཕྲ་མོ་བཅས་ཡོད་པ་ངོ་མ་སྟེ། སེམས་ཅན་གཞན་དང་ནོར་བ་མང་ངོ་རུས་རུལ་གཅོད་རྨ་འདྲུབ་རྨེན་པ་བཞུ།།


༩། མགོ་གཟེར། རུས་གཟེར།

མགོ་གཟེར་གྱིས་ཤི་བ་རུས་གཟེར་གྱིས་ཤི་བའི་རུས་པས་རྒྱུ་གཟེར་འཇོམས་འདི་གཉིས་སྨན་མ་སོང་ནས་ཤི་བ་དགོས་པར་བྱེད།།

 

༡༠། འབྲུག་གཟིག་རུས་པ།

འབྲུག་གཟིག་རུས་པས་ཁྱི་རྨ་ལྷོག་ཐབས་འཇོམས།།

 

༡༡། ལུག་རུས།

ལུག་ཐོང་ཚེར་གྱི་རུས་རླུང་ནད་མཇུག་ཆུང་མཁལ་རྐེད་རུས་ཐང་བྱཕན།།

 

༡༢། ལུག་ཐོད།

ལུག་ཐོད་ལུག་མགོ་གདུས་པའི་ཁུ་བས་མོ་ནད་རུས་ཀུན་རླུང་བརྡུངས་པའི་ལུམས་བྱས་ན་ཕན་ཚབ་སེལ།།

 

༡༣། སྲེ་ལོང་སོག་དཀར་མཇུག་ཆུང༌།

སྲེ་ལོང་སོག་དཀར་མཇུག་ཆུང་རུལ་སུངས་མ་རེད་པས་ཐང་བྱས་ལ་རླུང་དུས་གཏོང་རླུང་ཆེན་གནོན།།

 

༡༤། མགོ་རུས།

མགོ་མགོ་ཁྲོལ་བྱེད་ཁུ་བ་གདུས་པའི་སིག་མས་ལུམས་རུས་རླུང་སྲིན་སེར་རུས་ཆུ་འགགས་འབིགས། །དཔྱི་མིག་དང་འཕྲད་པའི་ཨོ་ཐོ་རིལ་བུ་ཟེར་བའི་ཐང༌།

 

༡༥། ར་ཡི་རུས་པ།

ར་ཡི་རུས་པས་མདེའུ་དང་རུས་འཛེར་འདོན།།

 

༡༦། ར་ཡི་དཔྱི་རུས་ཐལ་བ། རའི་ཝ་གདོང༌། སྤྲེའུ་རུས།

ར་ཡི་དཔྱི་རུས་ཐལ་བས་གག་པ་དང༌། །ཝ་གདོང་ཆུ་འབྱེད་སྤྲེའུ་རུས་བུ་འབྱིན་ནུས།།

 

༡༧། ཉ་སྲམ་སོ་བྱའི་རུས་པ།

ཉ་སྲམ་སོ་བྱའི་རུས་པས་དམུ་ཆུ་སྐེམ།།

 

༡༨། ཁྲུང་ཁྲུང་བྱ་རྒོད་རྔ་མོང་གི་རུས་པ།

ཁྲུང་ཁྲུང་བྱ་རྒོད་རྔ་མོང་ཆུ་འགགས་སེལ།།

 

༡༩། བྱི་ལའི་རུས་པ།

བྱི་ལའི་རུས་པས་མཚན་བར་རྡོལ་རྨ་གསོ།།

 

༢༠། བྱ་མ་བྱི་རུས།

བྱ་མ་བྱི་རུས་རྒྱ་རུ་འོལ་མོ་སེ་དང་སྦྱར་སྐོལ་རྒྱ་ཚ་འདེབས་བུ་འབྱིན་རྩ་ནད་སྦྱོང༌།།

 

༢༡། བཤུལ་ཆགས་རུས་པ། ཟེར་མོའི་རུས་པ།

བཤུལ་རྟ་བོང་དྲེའུ་རྐྱང་ངོ་ཆགས་ཆུ་སེར་ཟེར་མོསབྱ་ཕྲན་སྔོན་པོ་གཙུག་ཕུད་ཅུང་ཟད་ཡོད་པ་སྤུ་དམར་པོ་ཡང་ཡོད་པའོ་ཁྲག་ཤོར་གཅོད།།

 

༢༢། འབྲོང་རུས།

འབྲོང་རུས་དྲོད་སྐྱེད་སྟག་རུས་ལྷ་བ་འཇུག།

 

༢༣། སྟག་གཟིག་རུས་པའི་ཐལ་བ།

སྟག་གཟིག་རུས་པའི་ཐལ་བས་སྐྲན་ལ་བརྐོ།།

 

༢༤། ཕག་ཐོད།

ཕག་ཐོད་དམུ་ཆུ་ཕག་རུས་སྨུག་པོ་སེལ།།

 

༢༥། སྤྲེ་རུས།

སྤྲེ་རུས་གག་ལྷོག་རུས་སྦལ་མཛེ་ལ་ཕན།།

 

༢༦། འབུ་སྐྱོགས། དུང་འདྲ།

འབུ་སྐྱོགས་མིང་ཀླུ་དར་དང་ཀུན་དར་ཟེར་དུང་འདྲས་སྲིན་ཕུབ་ལྟར་ལེབ་མོ་དུག་ཆེ་ངན་སེལ་དམུ་ཆུ་སྐེམ།།

 

༢༧། ན་བུན་བུ་མོ།

ན་བུན་དུང་འདྲ་ལས་གཟི་དུང་ངམ་དུང་ཚེར་བ་ཅན་འདྲ་བ་ཆུ་མཚོ་ནང་ནས་འབྱུང་བ་དེའོ་བུ་མོས་ཀླད་པ་འཛག་པ་གཅོད།།

 

༢༨། འགྲོན་ཐལ།

འགྲོན་ཐལ་ཁྲག་གཅོད་འགྲིལ་བཤིག་རྣག་ཆུ་སྐེམ།།

 

༢༩། པིར་གྱི་རུས་པ།

པིར་གྱི་རུས་པས་ཆུ་གནས་སེམས་ཅན་དབྱིབས་འཁར་རྔ་ཁ་སྦྱར་ལྟར་མཐའ་འཁོར་བའི་ཁ་སོ་ཅན་དེའི་རུས་པའོ།བྱིས་གདོན་ཆུང་སྲི་ཐུབ།།

 

༣༠། རུས་པ་སྣ་ཚོགས།

རུས་པ་སྣ་ཚོགས་ཞུན་མར་རྔོ་ཤུ་སེལ།།

 

བཅུ་དྲུག་པ། རྐང་མར་ནུས་པ་བསྟན་པ་ནི།

 

༡། འབྲོང་གི་རྐང་མར།

འབྲོང་གི་རྐང་མར་བྱུགས་པས་རྨ་ལ་ཕན།།

 

༢། ཕག་གི་རྐང་མར།

ཕག་རྐང་སྐྲ་དང་སྨིན་མ་བྱི་བ་སྐྱེ།།

 

༣། མིའི་རྐང་མར།

མི་ཡི་རྐང་བྱུགས་རེག་བྱ་ཚོར་བར་བྱེད།།

 

༤། རྨིག་ཟླུམ་རྐང་མར།

རྨིག་ཟླུམ་རྐང་གིས་ཤུ་བ་ཟ་རྐོང་འཇོམས།།

 

༥། རྐང་རིགས།

རྐང་རིགས་གང་བྱུང་ཡན་ལག་རེངས་འཁུམས་མཉེན།།

 

བཅུ་བདུན་པ། ཀླད་པའི་ནུས་པ་བསྟན་པ་ནི།

 

༡། མི་ཀླད། དུར་ཀླད་ལོ་ལོན།

མི་ཀླད་སྐྲངས་འཇོམས་ཆུ་སེར་འཇིབ་པ་དང༌། །དུར་ཀླད་ལོ་ལོན་འབྲས་ལ་བྱུགས་པས་འཇིག།

 

༢། གཟུགས་མོ་ཁྱི་གུའི་ཀླད་པ།

གཟུགས་མོ་ཁྱི་གུའི་ཀླད་པས་ཀླད་འཇག་གཅོད།།

 

༣། དོམ་དང་རྩངས་པའི་ཀླད་པ།

དོམ་དང་རྩངས་པའི་ཀླད་པས་མགོ་རྨ་གསོ།།

 

༤། དེ་ཕོ་ཕུག་རོན་མཆིལ་ཀླད།

དེ་ཕོ་ཕུག་རོན་མཆིལ་ཀླད་རོ་ཙ་བྱེད།།

 

༥། ཏི་ལོ་ཀླད་པ།

ཏི་ལོ་ཀླད་པས་སྦྱར་དུག་སྙིང་བབས་སེལ།།

 

༦། ཝ་ཀླད། ཉ་ཀླད།

ཝ་ཀླད་རྩ་སྡོམ་ཉ་ཀླད་མོ་ཆགས་སྐྱེད།།

 

༧། གོ་ཀླད། ར་ཀླད།

གོ་བོས་རྣག་སྐེམ་ར་ཀླད་ཆུ་རྒྱུས་གསོ།།

 

༨། ཁྱི་ཡི་ཀླད་པ།

ཁྱི་ཡི་ཀླད་པས་ཕྱི་འགྲིབ་མིག་ལ་ཕན།།

 

༩། ལུག་གི་གླད་པ།

ལུག་གི་གླད་པས་མགོ་མཁོར་མཚོ་འཁྱོམས་གསོ།།

 

༡༠། རི་དྭགས་གླད་པ། རི་བོང་གླད་པ།

རི་དྭགས་འཁྲུ་གཅོད་རི་བོང་རྒྱུ་གཟེར་འཇོམས།།

 

༡༡། གང་རུང་ཀླད་རུལ།

སེམས་ཅན་གང་ཡང་རུང་བའི་ཀླད་རུལ་གྱིས་རྨེན་བུ་ནད་དང་བྱིས་པའི་ལྟེ་འཁོར་ལཕན།།

 

བཅོ་བརྒྱད་པ། ཚིལ་བུའི་ནུས་པ་བསྟན་པ་ནི།།

 

༡། ཤ་ཚིལ།

ཤ་ཚིལ་སྲིན་ནད་འབྱིན་འཇོམས་དུག་ནད་སྲུང༌།།

 

༢། སྦྲུལ་ཚིལ། རྒྱ་ཚིལ།

སྦྲུལ་ཚིལ་མདེའུ་འབྱིན་རྒྱ་ཚིལ་བྱུགས་མཛེ་ལ་ཕན།།

 

༣། ཕག་ཚིལ།

ཕག་ཚིལ་དུག་སྡུད་ཆུ་སེར་ཤུ་ཐོར་འཇོམས།།

 

༤། ར་ཚིལ།

ར་ཚིལ་སྲིན་དང་རེག་དུག་རྨ་ལ་ཕན།།

 

༥། རྟ་བོང་ཚིལ།

རྟ་བོང་ཚིལ་གྱིས་ཟ་ཕྲུག་གླང་ཤུ་སེལ།།

 

༦། འཕྱི་གྲུམ་ཚིལ།

འཕྱི་གྲུམ་ཚིལ་གྱིས་གྲང་རླུང་ཉྭ་སྐྲངས་འཇོམས།།

 

༧། བཤུལ་ཆགས་ཚིལ།

བཤུལ་ཆགས་ཚིལ་གྱིས་རྔོ་ཤུ་ཟ་ཕྲུག་སེལ།།

 

བཅུ་དགུ་པ། ཁྲག་གི་ཕན་ཡོན་བསྟན་པ་ནི།

 

༡། ཕག་ཁྲག

ཕག་ཁྲག་དུག་དང་སྨུག་པོ་བྱེར་བ་སྡུད།།

 

༢། གླང་དང་བ་སེར་ཁྲག

གླང་དང་བ་སེར་ཁྲག་ཀྱང་དུག་བྱེར་སྡུད།།

 

༣། གཡག་རྒོད་མཛོ་ཡི་ཁོང་ཁྲག་བོང་མཇུག་ཁྲག་ར་རྒྱ་ཁྱི་སེར་སྣ་ཁྲག

གཡག་རྒོད་མཛོ་ཡི་ཁོང་ཁྲག་བོང་བུའི་མཇུག་མའི་མཇུག་ཁྲག ར་རྒྱ་བོ་ ཁྱི་རྒྱ་སེར་སྣ་ཁྲག་རྨ་ལ་ཕན།།

 

༤། ཕག་ནག་སྣ་ཁྲག ར་རོག་གཉའ་ཁྲག

ཕག་ནག་སྣ་ཁྲག་ར་རོག་གཉའ་ཁྲག་གིས། །ཡན་ལག་ཚིགས་ཀྱི་ཆུ་སེར་སྡོམ་པར་བྱེད།།

 

༥། ཤ་བའི་ཁྲག

ཤ་བའི་ཁྲག་གིས་སྲིན་སྨན་དང་བསྡེབས་པས་སྲིན་གསོད་དོམ་མཁྲིས་ཤིང་ཚ་གཉིས་དང་སྦྱར་ཟླ་མཚན་གཅོད།།

 

༦། བྱ་ཕོའི་ཟེ་ཁྲག བྱ་ཕོའི་ཨོག་ཞོལ་ཁྲག

བྱ་ཕོའི་ཟེ་ཁྲག་ཤ་གསོ་ལྷ་བ་འཛིན། །པད་མའི་རྡུལ་འབེབས་ཨོག་ཞོལ་ཁྲག་གིས་སྡོམ།།

 

༧། མཚན་ལྡན་པད་རཀ་དང་པོ།

མཚན་ལྡན་པད་རཀ་དང་པོས་གདོན་མཚོན་སྲུང༌།།

 

༨། ནད་མེད་པད་རཀ

ནད་མེད་པད་རཀགྲོང་པའི་ཆོས་ཀྱིས་མ་གོས་པ་དགོས་རྒྱུ་གཟེར་ཁྲག་བཤལ་ཁོང་དུ་ཐེངས་ནས་འཆི་མི་སྲིད་གསུངས་གསོ། །རྩ་སྡོམ་རྨ་གསོ་ཤ་འུ་སྐྱེད་པར་བྱེད།།

 

༩། བོང་ཁྲག

བོང་ཁྲག་གྲུམ་བུ་ཚིགས་ཀྱི་ཆུ་སེར་སེལ།།

 

༡༠། ར་ཡི་ཁྲག

ར་ཡི་ཁྲག་གིས་རེག་དུག་དྲོན་མོ་འཐུང་བྱུག་བྱེད་པ་ཡིན་འབྲུམ་ནག་ཕན།།

 

༡༡། བཙོད་དང་གཡག་རྒོད་ཁྲག

བཙོད་སྐམ་པོ་མེར་བསྲེགས་ཡར་ན་མིན། མ་ཡར་ན་བཙོད་ཁྲག་རོ་ཟེར་ དང་གཡག་རྒོད་ཁྲག་གིས་འཁྲུ་བ་གཅོད།།

 

༡༢། མི་ཁྲག་ཁྱི་ཁྲག

མི་ཁྱིས་མཛེ་འཇོམས་བྱ་རོག་སྟེང་གདོན་སྲུང༌།།

 

༡༣། གཟུགས་མོའི་ཁྲག

གཟུགས་མོའི་ཁྲག་གིས་སྨིན་མ་བྱི་བ་སྐྱེ།།

 

༡༤། གནའ་བའི་ཁྲག

གནའ་བའི་ཁྲག་གིས་ཆང་ནད་སྲུང་བར་བྱེད།།

 

༡༥། གླང་དམར་ཐུག་པོའི་གསོན་ཁྲག

གླང་དམར་ཐུག་པོའི་གསོན་ཁྲག་དྲོན་མོ་ཡིས། །དུག་ནད་རྩ་ཡི་འབྲོས་འཕྲང་སྡོམ་པར་བྱེད།།

 

༡༦། རྟ་ཕོ་དྲུག་ཕྲོམ་རྐན་ཁྲག

རྟ་ཕོ་དྲུག་ཕྲོམ་མོག་རོ་གྲུབ་སྟེང་ཁྲ་བོ་ཐིག་ལེ་ཅན་རྐན་ཁྲག་རྨ་ལ་ཕན།།

 

༡༧། སྣ་ཁྲག་རང་ལོག

སྣ་ཁྲག་རང་ལོག་ཁྲག་ཆོད་རྩ་སྒོ་སྡོམ།།

 

ཉི་ཤུ་པ། ཤ་ཡི་ནུས་པ་བསྟན་པ་ནི།

 

༡། མི་ཤ

མི་ཤས་འབྲས་འདུལ་གཉན་དུག་རླུང་གདོན་འཇོམས།།

 

༢། མི་རྒོད་སེང་གེ་སོགས་ཀྱི་ཤ

མི་རྒོད་སེང་གེ་སྟག་གཟིག་དོམ་ར་རྒོད། །ཕག་རྒོད་ཁ་ཤ་སྨྱུག་སྟག་གཡི་གོ་བོ།།  གླང་ཆེན་གུང་དང་བྱ་རྒོད་པུ་ཤུད་དང༌། །བྱ་རོག་ཁྭ་ཏའི་ཤ་རྣམས་གདོན་ནད་སེལ།།

 

༣། གསེར་སྦྲུལ་ཤ

གསེར་སྦྲུལ་གཉེན་འཇོམས་རོ་ཙ་ཤ་རྒྱས་བྱེད།།

 

༤། ལྕགས་སྦྲུལ་གཡུ་སྦྲུལ་ཤ

ལྕགས་སྦྲུལ་མིག་ཕན་གཡུ་སྦྲུལ་འགྲིལ་བ་བཤིག།

 

༥། སྨན་སྦྲུལ་སོགས།

སྨན་སྦྲུལ་སོགས་གང་ཤ་སྐྱེད་འགགས་འབྱིན་དྲོ།།

 

༦། ཐག་སྦྲུལ་ཤ

ཐག་སྦྲུལ་སྲིད་སྲུང་མིག་དང་དབང་པོར་གནོད།།

 

༧། སྲེ་མོང་སྲིན་བྱའི་ཤ

སྲེ་མོང་ཤ་ཡིས་ཤ་ལ་སྦྱར་དུག་དང༌། །ལྷོག་འདུལ་སྲིན་བྱའི་ཤ་ཡིས་གདོན་ལ་ཕན།།

 

༨། བྱ་རྒོད་གོ་བོའི་ཤ

བྱ་རྒོད་གོ་བོས་དྲོད་སྐྱེད་ལྦ་བ་འཇིག།

 

༩། ད་བྱིད་རྩངས་པ་སོགས་ཀྱི་ཤ

ད་བྱིད་རྩངས་པ་ནས་ཟན་མཆིལ་པ་དང༌། །ཉ་སྲམ་རྨིགས་བུ་ནགས་སྦལ་དེ་ཕོ་རྣམས། །རོ་ཙ་མཁལ་ནད་གྲང་བ་ཅན་ལ་ཕན། །ད་བྱིད་ལ་མིང་གངས་སྦལ། སྟོབས་སྐྱེད། མུ་ཏིག་གོས་ཅན་ཟེར། འདི་རིགས་དཀར་སྨུག་གཉིས་ཡོད། སྐེ་ཐུང་ལ་མིག་དམར་ཞིང༌། མདོག་སྨུག་སྔོ་དམར་ལྗང་སོགས་ལ་ཐིག་ལེ་སྣ་ཚོགས་ཡོད་པ་བཅད་ན་ཚིལ་བུའི་རང་བཞིན་ད་བྱིད་སྨུག་པོ་ཡིན། ལུས་དང་མགྲིན་པ་རིང་ལ་སེར་སྐྱའམ་དམར་སྐྱ་འོད་ཆེ་བ་ཚིལ་ཁམས་སྔ་མ་ལས་ཅུང་ཆུང་བ་ད་བྱིད་སེར་པོའམ་དཀར་པོ་ཡིན། གང་ཡང་ཟེ་བ་དང་སྨིན་མ་རགས་ཤིང་ལུས་ཕྲ་བ་ཕོ། ཟེ་བ་དང་སྨིན་མ་ཆུང་ཞིང་ལུས་སྦོམ་མགྲིན་པ་ཐུང་བ་མོར་བཤད་མཁའ་འགྲོ་གཏད་རྒྱུའི་རྒྱ་མདུད་ལས། ཕོ་ནི་གངས་ཀྱི་སྟོད་ན་གནས། །མོ་ནི་རྒྱ་མཚོའི་གཏིང་ན་གནས། །དབྱར་ཟླ་གསུམ་གྱི་ཚེས་གསུམ་ནས། །ཉི་ཤུ་གསུམ་གྱི་བར་ལ་འཇུག འདོད་པ་མ་སྤྱད་ཕོ་ནུས་ཆེ། །སྤྱད་ཚར་ནུས་པ་མོ་ཆེའོ། །ཞེས་དང༌། དབྱིབས་ཀྱང༌། མཇུག་མའི་གཉེར་མ་གྱེན་བསྟན་ཕོ། །ཐུར་བསྟན་མོ་རུ་ཤེས་པར་བྱ། །ཞེས་ངོས་ཟིན་ནས་ཕོ་ལ་མོ་གཏོང་བ་དང༌། མོ་ལ་ཕོ་གཏོང་བ་ནུས་པ་ཆེ་བར་བཤད་པ་དང༌། འདི་ལ་དུག་འདོན། ངར་འདོགས་སོགས་མ་བྱས་ན་ཕན་པ་ཆུང་ལ་གནོད་པ་ཆེ་གསུངས། རྩངས་པ་ལ་ནགས་རྩངས་སམ་ནགས་སྦལ་དང༌། ཀླུང་རྩངས་གཉིས་ཡོད། ནགས་སྦལ་ནི་ལུས་མཐོ་གང་ནས་ཕྱར་གྲུ་རེ་མན་ཆད་མ་ངེས་པ་གངས་སྦལ་འདྲ་ལ། མཇུག་མ་ནས་ལས་སྤྱིར་ཟེ་བ་སོགས་ཡོད་ཀྱང་ཚིལ་མེད་པ་ཡིན། འདིའི་ཤ་ཡང་དམ་དང་འབྱར་བག་ཡོད་པ་འོད་ཤིག་གེ་བ་པགས་པ་ཡང་བརྡུངས་ཚེ་ཆག་པ་བཟང༌། ཤ་ཆུང་བ་སྐྱ་བ་སྲུ་བ་པགས་པ་སྲབ་ལ་སྲ་བ་ངན། ཀླུང་རྩངས་ནི་སོར་བཞི་ནས་མཐོ་རེའི་བར་ཡོད། སྦལ་བ་མཇུག་མ་རིང་ལ་ཟེ་བ་མེད་ལུས་ཕྲ། ཡན་ལག་མཉེན་པགས་པ་སྲབ་ལ་ནག་ཁྲ། ཚིལ་ཡོད་པ་ཀླུང་འགྲམ་བྲག་སོགས་ལ་གནས་པའོ། །རྩངས་པ་ཀླུང་འགམ་མ་ཞེས་པ་མགོ་གཉིས་ཡོད་པ་བཟང༌། རྨིགས་བུ་ནི་བྱེ་ཆུག་མ་བྱེ་མ་སྨྱུ་གུ་ཞེས་པའི་སྦལ་ཆུང་བྱེ་མར་ཁུང་བུ་བྱས་ནས་གནས་པ་སེར་སྐྱ་ཁྲ་ལ་མྱུར་མགྱོགས་ཅན་ཇུག་མ་རིང་བ་གཟུགས་མཐེ་བོང་ཙམ་མོ། །ནས་ཟན་ནི་ཡུལ་གྲོང་དུ་གནས་པའི་མཆིལ་བ་རྒྱ་བ་སྟེ། ཁྲི་སྡེ་སྟོང་དཔོན་ཡང་ཟེར། དེ་བོད་མཆིན་ཡིན། དེ་རིགས་རྒྱ་མཆིལ་མགོ་དམར་ཞེས་པ་མགོ་དམར་ཤས་ཆེ་བ་འདི་ལ་རྡོ་རྗེ་ཁྲི་པོ་ཡང་ཟེར། འདབ་ཆགས་བཅུ་གཅིག་པ་ཡང་ཟེར་ཏེ། འདིས་དུས་གཅིག་ལ་འདོད་པ་ལན་བཅུ་གཅིག་སྤྱོད་པར་ནུས་པས་ཟེར་རོ། །བྱ་དེ་ཕོ་ནི་ཁྱིམ་བྱ་སྟེ། རྒྱ་བྱ་བོད་བྱ་གཉིས། རྒྱ་བྱ་མགོའི་ཟེ་བ་སྟར་གའི་ཚི་གུ་འདྲ་བ་ཟིང་ཧྲོབ་ཧྲོབ་པ་དང༌། བོད་བྱ་ཟེ་བ་མ་རུ་རྩེའི་འབྲས་བུ་འདྲ་བའི་རྟིང་པ་སོག་ལེ་ཁ་ཅན་ནོ། །རྒྱ་བྱ་བཟང༌། སྦལ་རིགས་སོགས་རུལ་པ་དང་ཚིག་པ་ཤས་ཆེ་བས་དེར་མ་སོང་བ་དགོས་རུལ་ཚིག་གིས་གནོད་པ་ལས་ཕན་པ་མེད།

 

༡༠། བྱ་ཝང་དང་ངུར་པའི་ཤ

བྱ་ཝང་སྐྱུགས་གཅོད་ངུར་པས་ཉྭ་ལོག་འཇོམས།།

 

༡༡། ཆུ་བྱི་དང་རྦ་བྱིའི་ཤ

ཆུ་བྱི་ཆུ་ནང་དུ་རྒྱུག་ཅིང་ཆུ་རགས་སོགས་ལ་གནས་འཆའ་བའི་བྱི་བ་སྣ་ཕག་གི་སྣ་འདྲ་བ་ཡོད་པ་སེམས་ཅན་ཆུ་ཁར་ཡོང་བ་རྨུགས་ནས་སྐྲངས་འབྱམ་པར་བྱེད་པ་དེའོརྦ་བྱིའི་ཆུ་བྱིས་མགོ་དཀར་ཆུའི་རྦ་ལ་འཇུག་པ་དེ་ཡིན་ཤ་ཡིས་ཤ་དུག་སེལ།

 

༡༢། རྨིགས་པའི་ཤ

རྨིགས་པས་སྲིན་ནད་དུག་སེལ་རོ་ཙ་བྱེད།།

 

༡༣། རྨ་བྱའི་ཤ

རྨ་བྱའི་ཤ་དུག་ལ་སྦྱོར་སྡེ་མ་བྱས་པར་རང་བཞིན་བསྟེན་མི་རུང་ཤ་མཁྲིས་སོགས་ཀྱི་ཚབ་བྱ་ཝང་གིས་འོང་བར་བཤད།ཡིས་མཁྲིས་པ་དུག་ནད་སེལ།།

 

༡༤། རྒོད་གཡག་ཤ་རྒྱུས།

རྒོད་གཡག་ཤ་རྒྱུས་རླུང་སེལ་དམུ་ཆུ་སྐེམ།།

 

༡༥། འཕྱི་བའི་ཤ

འཕྱི་བའི་ཤ་ཡིས་གྲང་རླུང་མོ་ནད་སེལ།།


༡༦། སྤྱང་ཀི་དང་བོང་བུའི་ཤ

སྤྱད་ཀི་མ་ཞུ་འཇུ་བོང་བུས་དྲོད་སྐྱེད་ལུས་ཟུངས་འཕེལ།།

 

༡༧། དྲེད་ཤ ཁྱི་ཤ

དྲེད་ཤས་རླུང་འཇོམས་ཁྱི་ཤས་གྲང་ཆུ་སྐེམ།།

 

༡༨། སྦྲུལ་གྱི་སྟོད་ཤ

སྦྲུལ་གྱི་སྟོད་ཤས་མཆིན་པ་དང་མཁྲིས་པ་ལ་སྦྱར་བའི་དུག་འཇོམས།།

 

༡༩། རྟ་དང་རྐྱང་ཤ

རྟ་དང་རྐྱང་ཤས་རླུང་ནད་གྲང་བ་སེལ།།

 

༢༠། སྦལ་ཤ

སྦལ་ནག་གི་ཤས་ལྷོག་རིགས་དེའི་ཤ་ཁུས་སྦལ་ནག་གི་ཤ་ཁུས་ལྕེ་སྐྲངས་འཇོམས།།

 

༢༡། སོ་བྱའི་ཤ

སོ་བྱའི་ཤ་ཡིས་གདོན་སེལ་ཆུ་འགགས་འབྱིན། །ཤ་ཁུས་ཉ་རུས་ཐུག་པས་ཕན་

 

༢༢། སྐྱར་མོའི་ཤ

སྐྱར་མོའི་ཤ་ཡིས་ཉ་ཤར་སྦྱར་དུག་སེལ།།

 

༢༣། དོམ་ཤ བ་ལང་ཤ

དོམ་ཤས་ཚད་པ་བ་ལང་ཤས་མཁྲིས་ཚད་སེལ།།

 

༢༤། གྲུམ་པ་ཏི་ལོ་སྲེ་མོང་གསུམ་གྱི་ཤ

གྲུམ་པ་ཏི་ལོ་སྲེ་མོང་གསུམ་གྱི་ཤས། །གདོན་ནད་སེལ་དང་ཆུ་སེར་སྐེམ་པར་བྱེད།།

 

༢༥། འབྲི་གཡག་ཤ

འབྲི་གཡག་ཤ་དྲོ་རླུང་སེལ་ཚད་པར་གནོད།།

 

༢༦། ལུག་ཤ

ལུག་ཤ་དྲོ་ཡང་བད་ཀན་སེལ་བ་ཡིན།།

 

༢༧། ར་ཤ ཕག་ཤ

ར་ཤ་ཕག་ཤ་བསིལ་ལྕི་ཚད་པ་དང་འབྲས་འཇོམས།།

 

༢༨། ཁ་ཤ་སོགས་རི་དྭགས་ཀྱི་ཤ

ཁ་ཤ་ཤ་བ་རྒྱ་གཉན་བཙོད་གནའ་བ། །གླ་བ་ལ་སོགས་རི་དྭགས་ཕལ་ཆེར་སྙོམས།།

 

༢༩། མ་ཧེ་བ་མེན་ཤ

མ་ཧེ་བ་མེན་ཤ་ནི་བཅུད་དང་ལྡན།།

 

༣༠། རི་བོང་དང་བའི་ཤ

རི་བོང་རྨ་བྱེར་བ་ཡིས་རུས་འཛེར་འགོག།

 

༣༡། རྔེའུ་སྐྱེས་འཕྲལ་ཤི་ཤ

རྔེའུ་རྔ་མོའི་ཕྲུ་གུ། མན་ངག་རྒྱུད་དུ་བེ་ལོག་ཅེས་ཟེར་སེམས་ཅན་སྦྲུམ་མ་ཤི་ནས་ཞག་འགའ་ལུས་པའི་ཁོག་གི་བུ་ཤ་རུལ་བའོ།སྐྱེས་འཕྲལ་ཤི་ཤས་ཤ་འུ་བསྐྱེད།།

 

༣༢། ཉ་ཤ

ཉ་ཤས་རྣག་འཁྱིལ་བརྡོལ་དང་བད་མཁྲིས་སེལ། །འབྲས་ཤིང་ཀུན་དང་སྦྱར་བས་བཤིག་རྨ་སྐྲན་དྲེག་དང་མོ་ནད་སེལ།།

 

༣༣། སྲེ་མོང་ཤ

སྲེ་མོང་ཤ་ཡིས་ཁ་ནད་སྦྱར་དུག་སེལ།།

 

༣༤། གོང་མོའི་ཤ

གོང་མོས་རོ་ཙ་ཆུ་སེར་མོ་ནད་སེལ།།

 

༣༥། འུག་པའི་ཤ

འུག་པས་གདོན་སེལ་རྨ་ནད་གྲ་ཁྲོས་འཇོམས།།

 

༣༦། བྱ་མ་བྱེའུ་ཤ

བྱ་མ་བྱེ་འུ་མོ་ནད་གནད་ནད་སེལ།།

 

༣༧། བྱ་མོ་ནག་མོའི་ཤ

བྱ་མོ་ནག་མོའི་ཤ་ཡིས་སྦྱར་དུག་སེལ།།

 

༣༨། ཁྲ་གླག་ཤ

ཁྲ་གླག་ཤ་ནི་བཅུད་ལྡན་འབྱུང་གདོན་འདུལ།།

 

༣༩། འོལ་བའི་ཤ

འོལ་བ་དེ་དང་ཕྱོགས་མཐུན་རོ་ཙ་ནུས།།

 

༤༠། སྦ་བྱི་སོགས་ཀྱི་ཤ

སྦ་བྱི་ཟེར་མོ་ཁུ་བྱུག་ཤིང་སྲིན་སེལརྟ་དང༌། །ཕུ་དིག་ནེ་ཙོ་ཁྱིམ་བྱ་གོང་མ་སྲེག །འཇོལ་མོ་མཆིལ་པ་ལ་སོགས་བྱིའུ་སྣ་ཚོགས། །ཤ་ཡིས་ལུས་ཡང་རྩལ་སྟོབས་ཤུ་ཀྲ་སྐྱེད།།

 

༤༡། ཁྲུང་ཁྲུང་སོགས་ཀྱི་ཤ

ཁྲུང་ཁྲུང་ངུར་པ་དཀར་སེར་ཆུ་སྐྱར་མོ། །ཆུ་བྱ་ཕལ་ཆེར་ཤ་ནི་བསིལ་བ་ཡིན།།

 

༤༢། ཏི་ཏིའི་ཤ

ཏི་ཏིའི་བྱིའུ་ཤ་ཁྲག་སྒོ་ངས་གཟས་ལྐུགས་འབྱེད།པྲ་རྟ་དང་ཏ་ཀ་ཟེར་བོད་པས་དགའ་འབོད་ཟེར།

 

ཉེར་གཅིག་པ། པགས་པའི་ནུས་པ་བསྟན་པ་ནི།

 

༡། གླང་ཆེན་བསེ་ཀོ།

གླང་ཆེན་སེར་ཙམ་བསྲེགས་ནས་སྨན་བསྲེ་བསེ་ཀོས་འབྲུམ་ནག་ནད་ལ་ཕན།།

 

༢། སྦྲུལ་ལྤགས།

སྦྲུལ་ལྤགས་ནུས་ལྡན་བསྲེགས་ནས་ཕག་ཚིལ་དང་སྦྱར་ལ་བྱུགས་ཤ་བཀྲ་གླང་ཤུ་ཁོང་དུ་གཏོང་དགོས་ཤ་མ་འབྱིན།།

 

༣། བྱི་ལའི་པགས་པ།

བྱི་ལའི་པགས་པས་གཞང་དྲོན་མོས་བཀབ་ལ་ནན་བྱའོ་འབྲུམ་ནད་ལ་ཕན།།

 

༤། བྱི་བའི་ལྤགས་རློན།

བྱི་བའི་ལྤགས་རློན་དྲོན་མོས་བཀབ་ལ་ནན་བྱའོ་རྣག་སྣ་འདྲེན་པར་བྱེད།།

 

༥། ར་ལྤགས་རློན་པ།

ར་ལྤགས་རློན་པས་སྲིན་དང་རེག་དུག་སེལ།།

 

༦། སྒྲོ་སེར་གླེགས་ཐག་རྙིང་པ།

སྒྲོ་སེར་གླེགས་ཐག་རྙིང་པས་སྣ་ཁྲག་གཅོད།།

 

༧། ལུག་རྫིའི་ལྷམ་ཀྲད།

ལུག་རྫིའི་ལྷམ་ཀྲད་བྱིས་གདོན་བྱ་འདྲེ་འདུལ།།


༨། འབྲུམ་སྐོགས།

འབྲུམ་སྐོགས་འབྲུམ་པ་ཁོང་ལོག་ཕྱི་ལ་འབྱིན།།

 

ཉེར་གཉིས་པ། སྤུ་ཡི་ནུས་པ་བསྟན་པ་ནི།

 

༡། མི་ཡི་སྐྲ་གཞོབ།

མི་ཡི་སྐྲ་གཞོབ་རྣག་ཁྲག་ཆུ་སེར་གཅོད།།


༢། ཕོ་རྨོང༌། མོའི་སྤྱི་གཙུག་གི་སྐྲ།

ཕོ་རྨོང་མོ་ཡི་སྤྱི་སྐྲས་བུ་འབྱིན་བྱེད།།

 

༣། མི་ཡི་མཆན་སྤུ།

མི་ཡི་མཆན་སྤུས་གདོན་དང་དུག་ལ་ཕན།།

 

༤། ཕོ་རྨོང༌།

ཕོ་རྨོང་མོ་གདོན་གཙོར་གྱུར་གདོན་ཀུན་འཇོམས།།

 

༥། མོ་རྨོང༌།

མོ་རྨོང་དུད་པས་རྟ་བོང་ཁྲག་དུག་འཇོམས།།

 

༦། ཁྱི་ཡི་རྨོང་སྤུ།

ཁྱི་ཡི་རྨོང་སྤུས་ཁ་ནད་རྣག་ཆུ་སྐེམ།།

 

༧། ར་ཐུག་རྨོང་སྤུ།

ར་ཐུག་རྨོང་སྤུས་ལྷོག་འཇོམས་ཐེའུ་རང་སྲུང༌།།

 

༨། སྟག་གསོན་སྨ་ར་སོགས།

སྟག་གསོན་སྨ་རས་དུག་སེལ་སྟག་གཟིག་སྤུས། །གཞོབ་དང་དོམ་མཁྲིས་ཟ་འོག་ཐལ་བས་སྣ་ཁྲག་གཅོད་ཅིང་སྟག་དང་གཡི་སྤྱང་སྤུས། །གཞོབ་ཕྱེ་དྲི་ཆུ་དང་སྦྱར་ནས་འཐུངས་པས་མགོ་དང་ལུས་ཀྱི་གཟེར་ཀུན་འཇོམས་པར་བྱེད།།

 

༩། སྲེ་མོང་སྨ་ར།

སྲེ་མོང་སྨ་རས་བྱ་ཤར་སྦྱར་དུག་འཇོམས།།

 

༡༠། རི་བོང་གསོན་པོའི་སྨ་ར།

རི་བོང་གསོན་པོའི་སྨ་ར་ནད་པ་ཡི། །མུར་འགྲམ་སྐྲ་ཡིས་སྦྱར་དུག་རྟོགས་པར་བྱེད།།

 

༡༡། ཁྱི་དང་སོ་བྱའི་སྤུ་གཞོབ།

ཁྱི་དང་སོ་བྱའི་སྤུ་གཞོབ་སྦྲུལ་ལྤགས་གཞོབ་པར་སྦྱར་ལྷོག་སྐྲངས་གནོན།།

 

༡༢། རྔ་མོང་ཤ་བ་ར་སྤུ།

རྔ་མོང་ཤྭ་བ་ར་གསུམ་ཀའི་གཞོབ་ཤ་ཚིལ་དང་སྦྱར་ལ་བྱུགས་སྤུས་རྨ་རེབ་འདུལ། །ཆུ་ཆུང་དང་སྦྱར་ནས་འཐུངས་ན་རྨ་ཆུ་སྐེམ།

 

༡༣། ཁྱི་དོམ་མཇུག་སྤུ་སོགས།

ཁྱི་ཁྱི་ནག་སྙིང་དཀར་དོམ་མཇུག་སྤུ་གཡག་ཐུག་རོག་པོ་བཀོལ་སྤྲོད་མ་བྱས་པའི་དཔུང་རྩིད་དང༌། །ལུག་ཐུག་ནག་པོའི་སོག་བལ་མོ་གདོན་སྲུང༌།།

 

༡༤། ཁྱི་ནག་མཇུག་སྤུ་སོགས།

ཁྱི་ནག་མཇུག་སྤུ་གླང་ནག་རྨོང་ཁའི་སྤུ། །ར་རོག་ལྐོག་མའི་སྤུ་ཡིས་རྨ་རྨ་ལ་བཀབ་པས་སོས་ལ་ཕན།།

 

༡༥། ར་དཀར་སྤུ།

ར་དཀར་སྤུ་ཡིས་གདོན་སྲུང་ཆུ་བུར་འཇོམས།།

 

༡༦། ར་སྔོན་ཨོག་ཚོམ།

ར་སྔོན་ཨོག་ཚོམ་གཞོབ་ཀྱི་རུད་པ་བདུག་པ་བྱས་པས་དམུ་ཆུའི་ནད་བདག་སྐྲོད།།

 

༡༧། གནའ་ཐུག་སྤུ།

གནའ་ཐུག་སྤུ་ཡིས་དུག་སེལ་ཆུ་རྣག་སྐེམ།།

 

༡༨། གནའ་བའི་མཇུག་སྤུ།

གནའ་བའི་མཇུག་སྤུས་ནུ་མའི་ནད་ཚབས་སེལ།།

 

༡༩། ལུག་ཐོང་དང་བལ་ཚི་ཁུ།

ལུག་ཐོང་དང་གའི་དང་བལ་ཚི་ཁུས་རླུང་ཚད་འབྱེད།།

 

༢༠། ཁྱི་སྤུ།

ཁྱི་སྤུས་སྲིན་དང་སྐྲངས་པ་འཇོམས་ར་བལ་ཤ་འུ་མཆེར་ནད་ལ་ཕན་སྐྱེད།།

 

༢༡། བྱ་རོག་མཇུག་སྤུ། སྐྱར་མོའི་སྤུ།

བྱ་རོག་མཇུག་སྤུས་རྨ་གསོ་སྐྱ་མོའི་སྤུའི། །གཞོབ་ཀྱིས་སྐྲངས་པ་རྣག་ཏུ་འགུགས་པར་བྱེད།།



ཉེར་གསུམ་པ། སྒྲོ་ཡི་ནུས་པ་བསྟན་པ་ནི།

 

༡། རྨ་བྱའི་མདོངས་ཀྱི་སྤུ་དུགས།

རྨ་བྱ་སྒྲོ་རྣམས་ལྕགས་སྲེག་མེ་འོད་ཀྱིས་གཞོབ་སེར་ཙམ་བྱེད། ཁྱད་པར་རྨ་བྱའི་སྒྲོ་མེ་ལོང་གི་སྣོད་དུ་ཤེལ་གྱི་མེས་བསྲེག་མ་འཛོམ་ན་གོང་སྨོས་གཞན་ལྟར་བསྲེག་གོབྱའི་མདོངས་ཀྱི་སྤུ་དུགས་གློ་རྣག་སེལ།།

 

༢། གཟུགས་མོ་བྱི་ཐུར་གྱི་སྒྲོ།

གཟུགས་མོ་བྱི་ཐུར་དེ་དང་མཚུངས་པ་ཡིན།།

 

༣། འུག་སྒྲོ།

འུག་སྒྲོས་དམུ་ཆུ་སྐེམ་ལ་གློ་རྣག་འདྲེན།།

 

༤། སོ་བྱའི་མཇུག་སྒྲོ།

སོ་བྱའི་མཇུག་སྒྲོས་དྲི་ཆུ་འགགས་པ་འབྱིན།།

 

༥། གོ་སྒྲོ།

གོ་སྒྲོས་གདོན་འཇོམས་ཆུ་རྣམས་སྐེམ་པར་བྱེད།།

 

༦། གཟུགས་མོ་པུ་ཤུད་བྱ་རོག་སྒྲོ།

གཟུགས་མོ་པུ་ཤུད་བྱ་རོག་སྒྲོས་གདོན་འཇོམས།།

 

༧། འུག་པུད་བྱ་རོག་ཁྭ་ཏའི་སྒྲོ།

འུག་པུད་བྱ་རོག་ཁྭ་ཏའི་སྒྲོས་ཀུན་སྒྲིབ།།

 

༨། ཁྲ་དང་གོང་མོའི་མཇུག་སྒྲོ།

ཁྲ་དང་གོང་མོའི་མཇུག་སྒྲོས་མོ་ནད་སེལ།།

 

༩། ཕུག་རོན་བྱ་སྦབ་སྒྲོ།

ཕུག་རོན་བྱ་སྦབ་ཁྱིམ་བྱ་བྲག་སྐེ་དམར་ལ་སྒལ་པ་གྲོ་དམར་ལ་ཁྲ་ཐིག་ཡོད་པའོ་སྒྲོ་ཡིས་གློ་ནད་སེལ།།

༡༠། སྲིན་བྱའི་སྒྲོ།

སྲིན་བྱས་འབྱུང་གདོན་བྱ་ལེབ་བྱ་མ་བྱེའུ་ལ་ཟེར་མངལ་ནད་འབྱིན།

 

ཉེར་བཞི་པ། སེན་མོའི་ནུས་པ་བསྟན་པ་ནི།།

 

༡། ཆུ་སྲིན་སྡེར་མོ།

འདི་སྟག་གཟིག་ནས་ཡོང་བར་བཤད། ན་གི་ཡིན། སྡེར་མོ་དངོས་ཡིན་མིན་དགག་བཞག་མང་བ་ཡོད། ལྗོན་ཤིང་ལས། ཆུ་སྲིན་སྡེར་མོས་དུག་ཚད་སེལ་དང༌། རང་བྱུང་པས། ཆུ་སྲིན་སྡེར་མོས་རྩ་ཆད་འཐུད་ཅེས་གསུངས།ཆུ་སྲིན་མིང་པཾ་ཀྲི་ཟེར་བ་སྔོ་ཡིན་ཀླུ་སྨན་དུས་མ་གཏོགས་འདི་དང་མི་མཐུན་སྡེར་མོས་རུས་པའི་ཚད་པ་སེལ།།

 

༢། བོང་རྨིག

བོང་རྨི(བོང་ཐོར་གྱི་ལག་པ་གཡས་པའི་རྩི་བཞར་བ་དང་རྒྱ་ཚ་ལྕམ་པ་སྦྱར་)ཆུ་འགགས་རྟ་རྨིག་སྐྲན་ནད་སེལ། (བཙའ་མ་སྣ་སེར་བསྲེག་གོ)

 

༣། ཁྱུང་སེན།

ཁྱུང་སེན་ཀླུ་ནད་རྟ་བོན་ཉྭ་ལོག་འཇོམས།།

 

༤། རྟ་དཀར་རྨིག་པ།

རྟ་དཀར་རྨིག་པས་བསྲེགས་ཐལ་སྨེ་བ་པགས་ནད་སེལ།།

 

༥། བྱ་ཕོའི་ཕྱི་སྡེར།

བྱ་ཕོའི་ཕྱི་སྡེར་མངལ་ནད་ཁྲག་ཚབ་སེལ།།

 

ཉེར་ལྔ་པ། སློ་ཡི་ནུས་པ་བསྟན་པ་ནི།།

 

༡། ཤྭ་བའི་སློ།

ཤྭ་བའི་སློ་ཡིས་ཕྱུགས་ཀྱི་ནད་ཀུན་སྲུང༌།།

 

༢། གླང་ཆེན་སློ།

གླང་ཆེན་སློ་ཡིས་ཕྱུགས་ཀྱི་ནད་ཀུན་སྲུང༌།།

 

༣། ར་ཡི་སློ།

ར་ཡི་སློ་ལུམས་སྦྲུལ་དང་སྦྲང་བུ་སོགས་ཀྱི་དུག་ལ་ཕན་རྒྱུ་བའི་སོ་དུག་འཇོམས།།

 

༤། ལུག་གི་སློ།

ལུག་གི་སློ་ལུམས་བྱིས་པའི་གྲང་སེར་བསྲོ།།

 

༥། སློ་ལུམས་གང་རུང༌།

གང་རུང་སློ་ལུམས་ཆུ་བ་རྒྱུས་པའི་ནད། །རྩ་དཀར་ནད་དང་བྱིས་པའི་མཆིན་བབས་སེལ།།

 

ཉེར་དྲུག་པ། བྲུན་གྱི་ནུས་པ་བསྟན་པ་ནི།།

 

༡། དྲི་ཆེན།

དྲི་ཆེན་གདོན་སྐྲངས་དུག་སེལ་སྐྲན་ནད་བཤིག།


༢། ཕྱ་ཚན། རོ་ཚན།

ཕྱ་ཚན་རོ་ཚན་གསུམ་མི་རྟ་ཁྱི་གསུམ་མའི་ཁོང་དུ་གནས་དུས་ཀྱི་ཁོང་བྲུན་སྐྱེས་འཕྲལ་བ་མའི་ནུ་ཞོ་མ་ཞུ་གོང་བཏང་བའི་བྲུན་ལ་ཕྱ་ཚན་ནམ། ཚན་བུ་གསུམ་ཟེར། དེ་འདྲ་བ་ཕྲུ་གུ་སྐྱེས་འཕྲལ་ཤི་བའི་ཁོང་ནས་བཏོན་པ་ལ་རོ་ཚན་གསུམ་ཟེར་བ་ཡིན་ནོ་གྱིས་དུག་ནད་འཇོམས།།

 

༣། གོ་བོ་བྱ་རྒོད་བྲུན།

གོ་བོ་དུག་གསོད་པ་དགོས་དུས་ནམ་ཡང་དུག་མ་བསད་པ་སྤང་བྱ་རྒོད་བྲུན་གྱིས་དྲོད་སྐྱེད་ལ། །སྐྲན་བཤིག་ལྷེན་དང་ལྕགས་དྲེག་འགོག་པར་བྱེད། །སྐྲངས་པ་འཇོམས་དང་རྣག་ཏུ་འགུགས་པར་བྱེད།།

 

༤། ཕག་བྲུན།

ཕག་བྲུན་མ་ཞུ་གཉན་རིམས་མཁྲིས་སྐྲན་འཇོམས།།

 

༥། རྟ་སྤངས།

རྟ་སྦངས་སྲིན་སེལ་མཁྲིས་རླུང་སྐྱུག་པ་གཅོད།།

 

༦། བོང་ནག་སྦངས།

བོང་བུནག་པོའི་སྦངས་ཀྱིས་རྨ་ལ་འབྱར་བྱས་པསཕན་པར་བྱེད།།

 

༧། ཁྲ་དང་ཕུག་རོན་སྐྱག་བྲུན།

ཁྲ་དང་ཕུག་རོན་སྐྱག་བྲུན་སྐྲངས་ནག་འགུགས།།

 

༨། ཝ་བྱི་འུག་བྲུན།

ཝ་བྱི་འུག་བྲུན་གདོན་དང་སྨྱོ་བྱེད་འཇོམས།།

 

༩། བྱ་རྒོད་བྱ་ཝང་གཟུགས་མོའི་བྲུན།

བྱ་རྒོད་བྱ་ཝང་གཟུགས་མོས་གདོན་ཀུན་སྲུང༌།།

 

༡༠། མཚལ་ལུའི་བྲུན།

མཚལ་ལུའི་བྲུན་གྱི་ལྡེ་གུས་མིག་ལ་ཕན།།

 

༡༡། ནས་ཟན་བྲུན།

ནས་ཟན་བྲུན་གྱིས་སྐྱིགས་བུ་འཇོམས་པར་བྱེད།།

 

༡༢། སྲན་བྲུན།

སྲན་བྲུན་དམུ་ཆུ་སྐེམ་དང་མངལ་ནད་འབྱིན།།

 

༡༣། བྱ་བྲུན་བྱི་བྲུན་ཆང་བཙོས།

བྱ་བྲུན་བྱི་བྲུན་ཆང་བཙོས་རྣག་སྣ་འདྲེན།།

 

༡༤། ཁྱི་སྤྱང་གོང་བྲུན།

ཁྱི་སྤྱང་གོང་བྲུན་གདོན་འཇོམས་སྐྲངས་པ་ཞི།།

 

༡༥། སྤྲེ་བྲུན། རི་བོང་རིལ་མ།

སྤྲེ་བྲུན་སྐྲངས་འཇོམས་རི་བོང་དམུ་ཆུ་སྦྱོང༌།།

 

༡༦། བ་སེར་ལྕི་བ།

བ་སེར་ལྕི་བ་སར་མ་ལྷུང་བ་ཡིས། །གྱུར་དུག་ལ་ཕན་བ་གསར་ལྕི་བ་ཡིས།། དབུགས་མི་བདེར་ཕན་ཆུ་སེར་ཤུ་ཐོར་སེལ།།

 

༡༧། ལུག་རིལ་ལུམས།

ལུག་རིལ་ལུམས་ཀྱིས་ཡན་ལག་ཆུ་སེར་འཇོམས།།

 

༡༨། ར་རིལ་ལུམས།

ར་རིལ་ལུམས་ཀྱིས་མཛེ་དང་དུག་ལ་ཕན།།

 

༡༩། གླ་རིལ་ལུམས།

གླ་རིལ་ལུམས་ཀྱིས་རྩ་ནད་སྤྱི་དང་ནི། །ཚ་བ་གབ་པའི་གཟེར་རིགས་ཀླད་བབས་དང༌། བྱང་ཁོག་རྨ་ལ་ཕན་པར་བྱེད་པ་ཡིན།།

 

༢༠། རྒྱ་ཚིལ།

རྒྱ་ཚིལ་ཁྱི་ལུད་དཀྱིལ་དུ་བྲུན་དཀར་པོ་རིལ་རིལ་འབྱུང་བ་ལ་རྒྱ་ཚིལ་ཟེར་བ་དང་སེམས་ཅན་རྒྱ་གོར་ཞེས་པའི་ཚིལ་དང་ར་རྒྱ་བོའི་ཚིལ་རྣམས་ལ་རྒྱ་ཚིལ་ཟེར་བ་སྐབས་ཤེས་པ་དགོས་སོ།རེག་དུག་གླང་ཤུ་གཉན་ལྷོག་འཇོམས།།

 

༢༡། ཤིང་སྲིན་བྲུན།

ཤིང་སྲིན་བྲུན་གྱིས་སྲིན་གྱི་ནད་ལ་ཕན།།

 

༢༢། ཁུག་རྟའི་བྲུན།

ཁུག་རྟའི་བྲུན་གྱིས་རྩ་སྦྱོང་དམར་བཤལ་འཇོམས།།

 

༢༣། གསེབ་སྔོན་སྦངས།

གསེབ་སྔོན་སྦངས་ཀྱིས་ཁྱི་སྨྱོན་ནད་ལ་ཕན།།

 

༢༤། རྨ་བྱའི་བྲུན།

རྨ་བྱའི་བྲུན་གྱིས་གཉན་ནད་ཞི་བར་བྱེད།།

 

༢༥། ཤ་ཟའི་བྱ་རིགས་བྲུན།

ཤ་ཟའི་བྱ་རིགས་བྲུན་གྱིས་གདོན་སྐྲངས་འཇོམས།།

 

༢༦། འབྲུ་ཟན་བྱ་རིགས་བྲུན།

འབྲུ་ཟན་བྱ་རིགས་བྲུན་གྱིས་གྲང་སྐྲངས་འཇོམས།།

 

 

༢༧། རི་དྭགས་རྩྭ་ཟན་བྲུན།

རི་དྭགས་རྩྭ་ཟན་བྲུན་གྱིས་ཚ་སྐྲངས་འཇོམས།།

 

༢༨། བ་མཛོ་ལ་སོགས་ཕྱུགས་ཀྱི་ལྕི་བ།

བ་མཛོ་ལ་སོགས་ཕྱུགས་ཀྱི་ལྕི་བ་ཡིས། །ཡན་ལག་ན་དང་རེངས་འཁུམས་དག་ལ་ཕན། །ཚ་སེལ་ཆུ་གྲང་གྲང་སེལ་ཆང་རུས་ཁུས། །རྟར་སྦྱར་ཚ་གྲང་གང་འོས་གཏང་བྱུག་བྱ།།

 

ཉེར་བདུན་པ། དྲི་ཆུའི་ནུས་པ་བསྟན་པ་ནི།།

 

༡། ཨེ་ཀྲོས་ཏ།

ཨེ་ཀྲོས་ཏ་བྱིས་པ་ལོ་བརྒྱད་པའམ་དགེ་སློང་ཁྲིམས་ལྡན་གྱི་དྲི་ཆུའོ་ཡིས་གཉན་རིམས་དུག་ཚད་གདོན། །ནད་རྙིང་རུས་ཞེན་དབུགས་མི་བདེ་བ་སེལ།།

 

༢། མི་ཡི་དྲི་ཆུ་དྲོན་མོ།

མི་མཁུར་བཀང་བྱ་ཡི་དྲི་ཆུ་དྲོན་མོས་ཁ་ནད་སེལ།།

 

༣། དྲི་ཆུ་གྲང་མོ།

དྲི་ཆུ་གྲང་མོས་མིག་མིག་བཀྲུ་བྱུག་བྱ་ནད་སེལ་བར་བྱེད།

 

༤། དྲི་ཆུ་བར་མ།

དྲི་ཆུ་བར་མས་དུག་དང་གཉན་སྲིན་སེལ། །དྲི་ཆུ་སྣོད་འདོང་མོ་ལྟ་བུ་རིང་པོ་འཁོར་དོག་པའི་ནང་དུ་ཞག་གཅིག་བགྲུངས་པའི་སུམ་ཆ་དྭངས་ཁ་ནས་ཕོས་པའི་བར་གྱི་སུམ་ཆ་གཅིག་དེ་དགོས། འོག་ཏུ་སུམ་ཆ་སྙིགས་སུ་བཞགརིམས་སོགས་འགོ་བའི་ནད་སེལ་རྨ་གསར་འདུལ།།

 

༥། སྤྲེའུ་དང་བྱ་རྒོད་དྲི་ཆུ།

སྤྲེའུ་དང་བྱ་རྒོད་དྲི་ཆུས་གདོན་ལ་ཕན།།

 

༦། བ་ཆུ།

བ་ཆུས་བ་དམར་ཟལ་གྱི་དྲི་ཆུའོ་ཆུ་སེར་ཚད་རྙིང་སྦྱོང་བར་བྱེད།།

 

༧། ར་ཐུག་བོང་གསེབ་ཆུ།

ར་ཐུག་བོང་གསེབ་ཆུ་ཡིས་སྣ་ནད་སེལ།།

 

༨། ཁྱི་ཐུག་སྤྲེ་ཆུ།

ཁྱི་ཐུག་སྤྲེ་ཆུས་ཁྱི་ཆགས་པའི་དྲི་ཆུ་དང་བསྡོངས་ནས་བྱུང་བ་ཁ་ཡི་རུལ་རྡོལ་གཅོད།།

 

 

༩། ཝ་ཡི་གཅིན།

ཝ་ཡི་གཅིན་གྱིས་གདོན་དང་སྨྱོ་བྱེད་སེལ།།

 

༡༠། བདུད་རྩི་སྨུག་པོ།

བདུད་རྩི་སྨུག་པོས་འབུ་ཆ་གའམ་ཚག་པའི་ཁ་སྐྱུགས་ཆུའོ་ཀླད་པ་འཇག་པ་གཅོད།།

 

༡༡། ཆུ་ངན།

ཆུ་ངན་ཕོ་མོ་ཆགས་པ་སྤྱོད་པའི་བར་ནས་ཆུ་བ་ལང་གི་ཁ་ཆུ་འདྲ་བ་ཡོང་བར་བཤད་མེ་དབལ་ནད་དང་རྨ་རིགས་ཕན།།

 

༡༢། ན་ར་ཀྵ་ར། ཨ་ཤྭ་ཀྵ་ར། གཽ་བ་ཀྵ་ར།

ན་ར་ཀྵ་ར་མིའི་དྲི་ཆུ་ཨཤྭ་ཀྵ་ར་རྟའི་དྲི་ཆུ་དང༌། །གཽ་བ་ཀྵ་རས་བ་ལང་གི་དྲི་ཆུ་དངུལ་ཆུའི་དུག་གཡའ་འཁྲུད། །བྱང་སེམས་དཀར་དམར་ཚད་ལྡན་བཅུད་ལེན་དགའ་བ་བཞི་ལྡན་རྒྱུན་མཆོག།

 

༡༣། ཐིག་ལེ།

ཐིག་ལེ་འཛག་སྡོམ་རྨ་དང་དམུ་ཆུར་ཕན།།

 

ཉེར་བརྒྱད་པ། འོ་མའི་ནུས་པ་བསྟན་པ་ནི། །

འོ་མ་ཞོ་མར་གསུམ་ཡིན་དང་པོ་ལ།།

 

གཅིག འོ་མ།

སྤྱི་དང་བྱེ་བྲག་གཉིས་ཀྱི་དང་པོ་སྤྱིར། །འོ་མ་རོ་དང་ཞུ་རྗེས་མངར་ཞིང་སྣུམ།།  མདངས་སྐྱེད་ལུས་ཟུངས་ས་བོན་འཕེལ་བར་བྱེད། །བད་ཀན་སྐྱེད་ལྕི་བསིལ་བས་རླུང་མཁྲིས་སེལ། །བཞོས་ཐོག་འོ་མས་ཟུངས་སྤེལ་བདུད་རྩིར་མཚུངས། །བཞོས་ནས་ཞག་སོགས་ལོན་པ་འོ་རློན་ཞེས། །གྲང་མོ་ལྕི་བསིལ་སྲིན་དང་བད་ཀན་སྐྱེད།།  བསྐོལ་ན་ཡང་དྲོ་གདུས་ན་འཇུ་དཀའ་ལྕི། །མར་བཏོན་འོ་མ་ཤང་མ་རྩུབ་ལ་བསིལ།།

གཉིས་པ་བྱེ་བྲག་བ་ཡི་འོ་མས་ནི། །འཚོ་བྱེད་བཅུད་ལེན་གློ་རྡོལ་གློ་གཅོང་ཕན། །ཁྲག་མཁྲིས་རིམས་རྙིང་གཅིན་སྙི་དབུགས་མི་བདེ། །ལུད་པ་བཀྲེས་སྐོམ་ངལ་དང་མགོ་འཁོར་མྱོས། །དཔལ་ཉམས་ལ་ཕན་སྟོབས་དང་ནུ་ཞོ་སྐྱེད།།

 

༡། འབྲི་འོ།

འབྲི་འོས་རླུང་འཇོམས་བད་མཁྲིས་ནད་ལ་གནོད།།

 

༢། མཛོ་མོའི་འོ་མ།

མཛོ་མོའི་འོ་མ་སྙོམས་པས་ཀུན་ལ་འཕྲོད།།

 

༣། མ་ཧེའི་འོ་མ།

མ་ཧེའི་འོ་མ་རབ་ཏུ་ལྕི་ལ་བསིལ། །འཇུ་བ་དྲགས་དང་གཉིས་མེད་པ་ལ་ཕན།།

 

༤། རྔ་མོའི་འོ་མ།

རྔ་མོའི་འོ་མ་ཅུང་ཟད་རྩུབ་ལ་དྲོ། །ལན་ཚྭ་བྲོ་ཆེ་ཡང་སྟེ་རླུང་དང་ནི། །བད་ཀན་ལྟོ་སྦོས་སྲིན་འོར་དམུ་ཆུ་དང༌། །གཞང་བའི་ནད་ལ་ཕན་པར་བྱེད་པ་ཡིན།།

 

༥། ལུག་འོ།

ལུག་འོས་རླུང་འཇོམས་སྙིང་ནད་བད་མཁྲིས་སྐྱེད། །དབུགས་མི་བདེ་དང་སྲིན་ལ་གནོད་པ་ཡིན།།

 

༦། ར་འོ།

ར་ཡིས་ཆུ་ཉུང་འཐུངས་པས་འོ་མ་རྒོད། །ཁ་ཞིང་ཚ་བ་ཟོས་པས་ཡང་ལ་བསིལ།།  སྐོམ་དང་རིམས་དང་དབུགས་མི་བདེ་བ་དང༌། །ཁྲག་དང་མཁྲིས་པ་ཚད་པའི་ནད་ལ་ཕན།།

 

༧། རྟ་བོང་འོ་མ།

རྟ་བོང་འོ་མ་ཚ་སྐྱུར་ལན་ཚྭ་བྲོ། །གློ་གསོ་ཡན་ལག་རླུང་སེལ་རྨོངས་པར་བྱེད།།

 

༨། བ་ལང་མོའི་འོ་མ།

བ་ལང་མོ་གླང་ཆེན་མོ་ཡི་འོ་མས་རབ་བརྟན་བྱེད།།

 

༩། མི་ཡི་འོ་མ།

མི་ཡི་འོ་མས་རླུང་མཁྲིས་ཁྲག་ལ་ཕན། །ཚིམ་པར་བྱེད་ལ་སྣར་བླུག་སྣ་ནད་དང༌། །མིག་བླུག་སྣད་པའི་ནད་སོགས་མིག་ལ་ཕན། །རྨར་བཏབ་རྨ་གསོ་བསྐོལ་བཏུང་རོ་ཙ་སྐྱེ།།

 

གཉིས། ཞོ།

གཉིས་པ་ཞོ་ནི་མར་བཏོན་ཤ་མ་འམ། །ཞོ་སྐྱས་མ་སྙོམས་ཆམ་རིམས་འགྲམ་དང་ནི། །འཁྲུགས་སེལ་འཁྲུ་གཅོད་རླུང་ལ་ཅུང་ཟད་གནོད།།

 

༡། ཞོ་དྲོན།

ཞོ་འོ་མ་མར་མ་བཏོན་པའི་དྲོན་དཔྱིད་དང་དེ་བཞིན་སོས་ཀ་དང༌། སྟོན་དུས་མཚན་མོ་དུག་དང་འདྲ་བར་བལྟ། །གལ་ཏེ་བཏུང་ན་མར་དང་ཤ་ཀ་ར། །སྦྲང་རྩི་སྐྱུ་རུ་ར་མེད་བཏུང་བ་མིན། །རྟག་ཏུ་མ་ཡིན་མ་ལངས་ཉལ་དུས་མིན། །དེ་ལྟར་མིན་བསྟེན་རིམས་དང་ཁྲག་མེ་དབལ།མཛེ་དང་སྐྱ་རྦབ་མགོ་འཁོར་སྐྱེད་པར་བྱེད།།

 

༢། དར་གསར།

དར་འོ་ཞོ་མངལ་མ་བསྲེས་དཀྲོགས་ཏེ་མར་བཏོན་ཤུལ་གསར་བསྐ་སྐྱུར་ཡང་བས་ཕོ་དྲོད་སྐྱེད། །བད་རླུང་སྐྲན་དང་དམུ་རྫིང་གཞང་འབྲུམ་དང༌། །ཕོ་མཆེར་ནད་དང་ཆུ་སྲི་ཡི་ག་འཆུས། །མར་མ་ཞུ་དང་སྦྱར་དུག་སྐྱ་རྦབ་སེལ།།

 

༣། ཞོ་ཡི་ཁ་ཆུ།

ཞོ་ཡི་མར་བཏོན་པའི་སྤྲིས་མ་དང་ཆུའི་ཁུ་བ་ལྟ་བུ་ཁ་ཆུ་ནུས་པ་ཤིན་ཏུ་ཡང༌།།  ཡོན་ཏན་གོང་མཚུངས་ཁྱད་པར་རྟུག་སྐམ་སླ། །ཅུང་འཁྲུ་རྩ་སྦུབས་འགགས་སེལ་སོ་སྐྱེ་བྱེད།།

 

༤། ཕྲུམ་གསར།

ཕྲུམ་གསར་ཞེས་པ་འོ་མ་དར་བ་གང༌། །བསྲེས་ལ་རུལ་ནས་བཅགས་པའི་སྙིགས་མ་དང༌།།

 

༥། སྤྲི།

སྤྲི་ཞེས་བུ་སྐྱེས་འཕྲལ་འོ་ཕྲུམ་ཁུ་བཅས།།

 

༦། རྒྱ་ཕྲུམ།

རྒྱ་ཕྲུམ་ཞེས་བྱ་རྒྱ་འདོང་འོ་ཟོམ་ལ། །ཆགས་པའི་ཟོ་མར་ཟོ་ཤེར་གྲགས་པ་དང༌།། མར་མ་བཏོན་པའི་ཕྲུམ་དང་ཁ་གདུས་ལ། །ཆུར་བ་ཞེས་གྲགས་འདི་བཞིས་སྟོབས་སྐྱེད་ཅིང༌། །ཁུ་བ་འཕེལ་དང་གཉིད་ཆེ་བད་ཀན་སྐྱེད། །རྟུག་པ་སྐམ་པར་བྱེད་ལྕི་ཉེས་དང་ལྡན། །ཕྲུམ་ཆུར་བཏོན་པའི་ཆུར་ཁུས་རླུང་དང་ནི། །མཁྲིས་པ་མི་སྐྱེད་བད་ཀན་སེལ་བ་ཡིན།།

 

༧། ཞོ་བཙོས།

ཞོ་དར་བ་གདུས་པའམ་ཞོ་སྐྱ་གདུས་པའི་ལྡེ་གུ་བཙོས་རྟུག་སྐམ་ཚད་པས་འཁྲུ་བ་སེལ།།

 

༨། ཞོ་བཙགས་ཁུ་བ།

ཞོ་བཙགས་ཁུ་བས་རྨ་ལ་ཕན་པ་ཡིན།།

 

༩། ཞོ་སྤྲི།

ཞོ་འོ་མ་ཡང་འདྲ་བའི་མངལ་སྤྲིས། སྤྲིས་སྟོབས་བསྐྱེད་རོ་ཙ་རྩ་ཆད་མཐུད།།

 

༡༠། ཞོ་རྩབས།

ཞོ་རྩབས་འཁྲུ་གཅོད་རླུང་དང་བད་ཀན་སེལ། །དྲོད་སྐྱེད་ཟས་འཇུ་ཡི་ག་འབྱེད་པར་བྱེད། །ཞོ་རྩ་བ་མོལ་སྤྱིར་རྩབ་མོ་ཟེར་ལ། རྩབ་མོ་འཇུག་པ་མང་བས། སྐབས་འདིར་ནི། དཔལ་མོའི་ངག་སྒྲོན་ལས། ཞོ་རྩབས་རྩབ་མོ་སེར་རྩའི་གོས།།  ཞེས་དང༌། འཕྲལ་སྐད་དུ། ཞོའི་རུ་མའམ། རུ་རྩི་སྟེ། གཡོར་པོ་རྣམས་ཞོ་རུལ་ལ་རྩབས་ཟེར་བར་སྣང་ལ། དོན་ཞོ་སྣོད་དུ་གཏུམས་པ་སྟེ་དྲོད་རྐྱལ་དུ་ཉར་ཚག་བྱས་པས་རང་འཐག་ལ་སོབ་པའི་སྐྱུར་ལངས་པའི་གར་མའོ། །འཁྲུ་གཅོད་ཀྱི་སྐབས་ཀྱི་རྩབས་འདི་ཡིན། བད་ཀན་སོགས་ཞི་སྦྱོང་སྐབས་ལྕུམ་སྡོང་རྩ་དང༌། འཇམ་དབྱངས་བློ་འཕེལ་དུས་རྩབ་མོའི་བཏུང་བ་ཞེས་པ་དང༌། སྦྱོང་ལྕགས་སྐབས་སིངས་པོའོ། །རླུང་རྩི་འབྱར་སོགས་ཀྱི་སྐབས་ཟན་ཆང་ཡིན། རྨ་འདུལ་སྐྲངས་འབྱར་སོགས་ལ་སྦང་མ་ཡིན་པ་རྣམས་སྐབས་ཕྱེད་དགོས་སོ།

ཞོ་རྣམས་ཀྱི་ནུས་པ་སྤྱིར་བཤད་པ་ནི། །ཞོ་ཀུན་རོ་དང་ཞུ་རྗེས་སྐྱུར་བསིལ་སྣུམ། །ལྕི་བས་རླུང་དང་རྟུག་སྐམ་སེལ་བར་བྱེད། །ཡི་ག་འབྱེད་ཅིང་ཁ་ཟས་ལེན་པ་དང༌། །གྲང་བའི་རིམས་དང་མི་སྙོམས་རིམས་ཆམ་པ། །གཅིན་འགགས་འཁྲུ་བའི་ནད་ལ་རྩུབ་པོ་ཕན། །ཚིལ་དང་ཁུ་སྟོབས་བད་ཀན་ཁྲག་མཁྲིས་སྟོབས། འོར་ནད་རྣམས་ནི་སྐྱེད་པར་བྱེད་པ་ཡིན།།

 

གསུམ། མར།

གསུམ་པ་མར་ལ་སྤྱི་དང་བྱེ་བྲག་གཉིས།།

དང་པོ་འཕྲལ་གྱི་མར་གསར་རོ་ཙ་བྱེད། །བསིལ་ཞིང་མདོག་དང་སྟོབས་སྐྱེད་འཁྲུ་བ་གཅོད། །མེ་དྲོད་སྐྱེད་ཅིང་གློ་གཅོང་ལུད་པ་སེལ། །རླུང་མཁྲིས་ཁྲག་དང་གཞང་འབྲུམ་ཚད་པ་སེལ། །ཞུན་མར་བློ་རྣོ་དྲན་གསལ་དྲོད་སྟོབས་སྐྱེད། །ཡིད་གཞུངས་ཚེ་འཕེལ་མིག་དང་མདངས་བཟང་ལ། །རྒས་པ་རབ་གཞོན་སྐད་སྙན་བུ་འདོད་འབྱུང༌། །གློ་རྡོལ་སྐེམ་དང་གཅོང་ནད་འབྲས་མཚོན་རྨ། །མེས་ཚིག་རྨ་དང་རླུང་མཁྲིས་སྨྱོ་དང་དུག །དྭངས་མ་ཉམས་དང་རིམས་ནད་ཚད་པ་སེལ། །སྣུམ་གྱི་ནང་ནས་འདི་ནི་མཆོག་སྟེ་བསིལ་ཞིང་ན་ཚོད་འཇོག །སྟོབས་ནི་སྟོང་ལྡན་སྦྱོར་བས་ལས་སྟོང་བྱེད། །མར་རྙིང་སྨྱོ་བྱེད་བརྗེད་བྱེད་བརྒྱལ་བྱེད་དང༌། །རྣ་མིག་ཀླད་ནད་སེལ་ཞིང་འཚོ་བྱེད་ཡིན། །རྨ་སྦྱོར་མངལ་ནད་སེལ་ཞིང་ནད་ལས་རྒྱལ།།

 

༡། བ་མར།

བྱེ་བྲག་བ་ཡི་མར་མཆོག་ཀུན་ལ་འཕྲོད།།

 

༢། མཛོ་མར། ར་མར།

མཛོ་མར་ར་མར་སྙོམས་བསིལ་རླུང་ཚད་སེལ།།

 

༣། འབྲི་མར། ལུག་མར།

འབྲི་དང་ལུག་མར་རླུང་སེལ་མེ་དྲོད་སྐྱེད། །ཅེས་པའོ། །དེ་ལྟར་སྲོག་ཆགས་ལས་བྱུང་བའི་སྨན་འདི་རྣམས་ལ་སྔོན་དུ་ནད་རོ་རྙིང་པ་དང་འཕྲལ་སྨན་ལ་དགོས་པར་ནད་ཀྱིས་མ་བཏབ་པ་ན་གཞོན་དར་མ་གམ་འཁྲུགས་མེད་པ་དགོས་པར་བཤད།

 

ཉེར་དགུ་པ། སྲོག་ཆགས་བུབ་རིལ་ནུས་པ་བསྟན་པ།

ཉེར་དགུ་སྲོག་ཆགས་བུབ་རིལ་ནུས་པའི་སྡེ།།

 

༡། སྲིན་བུ་པད་མ་གསོན་པོ།

སྲིན་བུ་པད་མ་གསོན་པོས་ནད་ཁྲག་འཐུང༌། །ཞེས་པ་ཁྲག་གཏར་དགོས་པ་ལ་སྲིན་བུ་པད་མ་ཞེས་པ་ཆུ་ལ་གས་པ་དེ་གཏར་དུ་འོས་པའི་རྩ་ཐོག་ཏུ་བཞག་པས་ནད་ཁྲག་འཐུང་སྟེ་རྩ་རྒྱུད་ནས་འཇིབ་ཅིང་ཟུངས་ཁྲག་འཐུང་དུ་མི་འདོད་པས་མི་གནོད་ཕན་སྟོབས་ཆེ་བ་ཡིན་ལ་དེ་མེད་པའི་སར་གཙག་བུས་གཏར་བས་ནད་ཟུངས་མི་ཕྱེད་གནོད་ལ་ཕན་ཆུང་བ་ཡིན་པས། ཡན་ལག་བརྒྱད་པ་ལས། ཁྲག་ནི་བཟང་ངན་འདྲེས་པ་ལས། །པད་མས་དང་པོ་ནད་ཁྲག་ནི། །འཐུང་སྟེ་ངང་པས་འོ་མ་དང༌། །འདྲེས་ཆུའི་འོ་མ་ལེན་དང་མཚུངས། །ཞེས་གསུངས། འབུ་དེ་ལ་ཡང་དུག་མེད་བསྟེན་བྱ་དང༌། དུག་ཅན་སྤང་བྱ་གཉིས་ཡོད་ལ། དེ་བརྟག་པ་ལ་གནས་པའི་ཆུ་དང་ངོ་བོ་དབྱིབས་དང་ཁ་དོག་བརྟག་པ་ཡང༌། བསྟན་བཅོས་དེ་ཉིད་ལས། སྲིན་བུ་པད་མ་བདེར་གནས་པ། །ཁྲག་དབྱུང་ཕྱིར་ནི་སྦྱར་བར་བྱ། །ཆུ་མདོག་རྣམ་པར་གསལ་བ་དང༌། དུག་མེད་ཉ་ལྕིབས་མེད་ལས་བྱུང༌། །རྩ་སྣར་རོ་སྟོད་སྔོ་ཁྲ་སྣུམ། །རྒྱབ་ནི་དུར་སྨྲིག་འདྲ་ལས་ཕྲ། །ལྟོ་ནི་ཅུང་ཟད་སེར་བ་བཟང༌། །ཆུ་ནང་ཉ་དང་སྦལ་སོགས་དང༌། །རི་མོའི་དྲི་མ་རྣག་ལས་བྱུང༌། །དཀར་དང་དམར་དང་ཤིན་ཏུ་གནག །མི་བསྲུན་སྦོམ་དང་འབྱིལ་བ་དང༌། །འཇའ་ཚོན་དང་འདྲ་རོ་སྟོད་བཀྲ། །སྤུ་ཡོད་དེ་རྣམས་དུག་ཅན་ཡིན། །སྤང་བྱ་དེས་ནི་ཁྲག་འཇིབས་ན། །གཡའ་ནག་འཛག་རིམས་མགོ་འཁོར་སྐྱེད། །དེ་ལ་དུག་ཁྲག་མཁྲིས་གསོ་བྱ། །ཞེས་གསུངས་པ་སོགས་ལས། འབུ་དེ་ལེན་པ་དང་རྩ་ལ་སྦྱར་ལུགས་གསོ་ལུགས་སོགས་ཡོད་ཀྱང་འདིར་ས་བཅད་ཙམ་ལས་མི་སྤྲོ་བ་ནི་འབུ་དེ་མི་རྙེད་བས་མི་མཁོ་བའོ།།

 

༢། སྦུར་ཁྲ། སྦྲུ་འབུ།

སྦུར་ཁྲས་ཁྱི་དུག་སྤུ་འབུས་ཁྲག་ཤོར་སྡོམ།།

 

༣། བྱང་པ།

བྱང་པས་བྱང་པ་ལ་སེར་ཁྲ་དམར་ཁྲ་ནག་པོ་སྔོ་ནག་རྐྱལ་ཆུང་དང་བཞི་ཡོད་པ་ལ་རྩ་བཤལ་ཕལ་ལ་དམར་ཁྲ་བཟང༌། གཉན་ལྷོག་ལ་ནག་པོ་བཟང༌། དོན་དམར་ཁྲ་རྣོ་ལ་འཇམ། ནག་པོ་རྣོ་ལ་རྩུབ། སེར་ཁྲ་འཇམ་ཡང་ནུས་པ་མེད། སྔོ་ནག་ནུས་པ་དམན་ལ་རྩུབ། དུག་ཆེའོ་རྩ་ཡི་ནད་རྣམས་སྦྱོང་བར་བྱེད།།

 

 

༤། བསེ་སྦུར། བྱིང་བྱིང་ཐུ་ལུ།

བསེ་སྦུར་བྱིང་བྱིང་ཐུ་ལུས་གླང་ཐབས་འཇོམས།།

 

༥། ན་བུན་བུ་མོ།

ན་བུན་བུ་མོས་ན་བུ་མཚོ་ལ་གནས་པའི་འབུ་སྐྱོགས་གཟི་དུང་འདྲ་བའི་འབུའོཀླད་པ་འཛག་པ་གཅོད།།

 

༦། སྡིག་སྲིན།

སྡིག་སྲིན་སྡིག་པ་སེར་པོ་དང་སྲིན་བུ་ཀ་ཀ་རུ་ནག་ཆུང་གཉིས་ཡོད་པར་སྡིག་སྲིན་ཞེས་གཉིས་ཀྱི་མིང་ངོ༌།ཉྭ་ལོག་མཁལ་ནད་ཆུ་སོགས་འདྲེན།།

 

༧། སྦུར་མགྱོགས།

སྦུར་མགྱོགས་ཆུ་སྦུར་ཆུང་མགྱོགས་བྱང་པའི་གྲོགས་འཇམ་ཆུ་འགགས་འབིགས།།

 

༨། ཆ་གའི་མགོ།

དེ་བཞིན་ཆ་གའི་ཚག་པ་མགོ་ཡིས་བྱང་དུག་འཇོམས།།

 

༩། ཉ་མགོ།

ཉ་མགོ་བུད་མེད་རྩ་ནད་ཚབ་ནད་སེལ།།

 

༡༠། དེ་ཕོ་ཕུག་རོན་ཀ་ལནྟ་ཀའི་མགོ།

དེ་ཕོ་ཕུག་རོན་ཀ་ལནྟ་ཀའི་མགོས། །རོ་ཙ་རེམ་ལ་རྨ་གསོ་རྫས་འགར་མཆོག།

 

༡༡། མ་མ་མིག

མ་མ་མིག་སྦལ་པའི་སྒོ་ངའོ་གིས་འཁྲུ་བའི་ནད་ལ་ཕན།།

 

༡༢། ཚེ་གཅིག་ལུས་གཉིས།

ཚེ་ལྕོང་མོ་སྦལ་པར་མ་གྱུར་པའོ་གཅིག་ལུས་གཉིས་གཉན་ནད་འཇོམས་པར་བྱེད།།

 

༡༣། བྱེ་ལེབ་སེར་ཁྲ།

བྱེ་བྱེ་མ་ལེབ་སྦྱོར་སྡེ་དང་སྦྲགས་ལ་གཏོང་ལབ་སེར་ཁྲས་སོ་སྲིན་ཉྭ་ལོག་སེལ།།

 

༡༤། པུ་ཤུད་སྒོ་ང༌།

པུ་ཤུད་སྒོ་ངས་རྨ་བྱའི་སྒོང་དུག་སེལ།།

 

༡༥། ཁྲ་ཡི་སྒོ་ང༌།

ཁྲ་ཆག་གས་མེད་པ་གའུ་སོགས་སུ་བཅུག་ནས་གསང་གནས་སུ་བཏགས་ན་ས་བོན་འཛག་དང་སྙིང་ལ་ཕན་ཡི་སྒོ་ངས་ས་བོན་འཛག་པ་སྲུང༌།།

 

༡༦། ཅོ་གའི་སྒོ་ང༌།

ཅོ་གའི་སྒོ་ངས་རྩ་ཡི་སྤྲ་སྒྲུབ་རྟེན་རྫས་ལ་ཆག་གས་མེད་པ་བསྒྲུབ་གསལ།།

 

༡༧། གོང་སྲེག་སྒོ་ང༌།

གོང་སྦྱོར་སྡེར་བསྲེ་བ་དང་སྔགས་ནས་སྲེག་སྒོ་ངས་མི་ལའི་གདོན་ནད་གསོ།།

 

༡༨། བྱ་ཕོའི་ངར་སྒོང༌།

བྱ་ཕོའི་ངར་སྒོང་རོ་ཙ་རྫས་འགར་བཟང༌།།

 

༡༩། བྱ་མོའི་སྒོ་ང༌།

བྱ་མོའི་སྒོ་ངས་ཁུ་འཕེལ་བྱ་ནག་མོའི། །སེར་སྒོ་ངའི་ཐིག་ལིང་རོ་གཅོད་བྱེད་རྨ་ལའང་ཕན།།

 

༢༠། སྒོང་སྤྲི་དཀར་པོ།

སྒོང་སྤྲི་དཀར་པོས་མིག་ལ་ཕན་པ་ཡིན།།

 

༢༡། རཀྵ་མིག་མེད།

རཀྵ་མིག་གྲོག་མ་ཡིན་མེད་རྩ་འབྱེད་དམུ་ཆུ་སྦྱོང༌།།དེ་ལྟར་སྲོག་ཆགས་ལས་བྱུང་བའི་སྨན་མདོར་བསྡུས་པ་བཤད་ཟིན་ཏོ། །ཞེས་པ་དྲི་མེད་ཤེལ་གྱི་ཕྲེང་བ་ལས་བར་གྱི་དགུ་པ་སྲོག་ཆགས་ལས་བྱུང་བའི་སྨན་མདོར་བསྡུས་པར་རྣམ་གྲངས་བཞི་བརྒྱ་དང་ཞེ་བརྒྱད་བཤད་པའི་སྐབས་ཏེ་བཅུ་པའོ།། །།

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 11:24 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།