སྨན་རྩིས་དྲ་བ། - ཕྱི་དྲོའི་ཞལ་འདོན།

སྒྲོལ་མའི་བསྟོད་པ་དང་ཕན་ཡོན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.09.2021
ཕྱི་དྲོའི་ཞལ་འདོན། >>


༄༅། །སྒྲོལ་མའི་བསྟོད་པ་དང་ཕན་ཡོན་བཞུགས་སོ།།

༄༅།། ན་མོ་ཨཱརྱ་ཏཱ་ར་ཡེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ།།

པོ་ཏཱ་ལ་ཡི་གནས་མཆོག་ནས།། ཏཱྃ་ཡིག་ལྗང་ཁུ་ལས་འཁྲུངས་ཤིང་།།

ཏཱྃ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ།། སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ།།

ལྷ་དང་ལྷ་མིན་ཅོད་པན་གྱིས།། ཞབས་ཀྱི་པདྨོ་ལ་བཏུད་ནས།།

ཕོངས་པ་ཀུན་ལས་སྒྲོལ་མཛད་མ།། སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ།།

          ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།། སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།། འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།། གེ་སར་བྱེ་བ་ལས་ནི་བྱུང་མ།། ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ།། གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ།། སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས།། རབ་ཏུ་ཕྱེ་བའི་འོད་རབ་འབར་མ།། ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི།། པདྨས་ཕྱག་ནི་རྣམ་པར་བརྒྱན་མ།། སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ།། བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ།། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར།། མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ།། མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི།། རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ།། ཕྱག་འཚལ་ཏུཏྟཱར་ཧཱུྃ་ཡི་གེས།། འདོད་དང་ཕྱོགས་དང་ནམ་མཁའ་གང་མ།། འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ།། ལུས་པ་མེད་པར་འགུགས་པར་ནུས་མ།། ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ།། རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ།། འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་།། གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ།། ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཌ་ཀྱིས།། ཕ་རོལ་འཕྲུལ་འཁོར་རབ་ཏུ་འཇོམས་མ།། གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ།། མེ་འབར་འཁྲུག་པ་ཤིན་ཏུ་འབར་མ།། ཕྱག་འཚལ་ཏུ་རེས་འཇིགས་པ་ཆེན་པོ།། བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ།། ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད།། དགྲ་བོ་ཐམས་ཅད་མ་ལུས་གསོད་མ།། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི།། སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ།། མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི།། རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ།། ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི།། དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ།། བཞད་པ་རབ་བཞད་ཏུ་ཏྟཱ་ར་ཡིས།། བདུད་དང་འཇིག་རྟེན་དབང་དུ་མཛད་མ།། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས།། ཐམས་ཅད་འགུགས་པར་ནུས་མ་ཉིད་མ།ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས།། ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ།། ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན།། བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ།། རལ་པའི་ཁྲོད་ན་འོད་དཔག་མེད་ལས།། རྟག་པར་ཤིན་ཏུ་འོད་རབ་མཛད་མ།། ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར།། འབར་བའི་ཕྲེང་བའི་དབུས་ན་གནས་མ།། གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི།། དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ།། ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི།། མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ།། ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུྃ་གིས།། རིམ་པ་བདུན་པོ་རྣམས་ནི་འགེམས་མ།། ཕྱག་འཚལ་བདེ་མ་དགེ་མ་ཞི་མ།། མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ།། སྭཱ་ཧཱ་ཨ་དང་ཡང་དག་ལྡན་པས།། སྡིག་པ་ཆེན་པོ་འཇོམས་པ་ཉིད་མ།། ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི།། དགྲ་ཡི་ལུས་ནི་རྣམ་པར་འགེམས་མ།། ཡི་གེ་བཅུ་པའི་ངག་ནི་བཀོད་པའི།། རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ།། ཕྱག་འཚལ་ཏུ་རེ་ཞབས་ནི་བརྡབས་པས།། ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ།། རི་རབ་མནྡྷ་ར་དང་འབིགས་བྱེད།། འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ།། ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི།། རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ།། ཏཱ་ར་གཉིས་བརྗོད་ཕཌ་ཀྱི་ཡི་གེས།། དུག་རྣམས་མ་ལུས་པ་ནི་སེལ་མ།། ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ།། ལྷ་དང་མིའམ་ཅི་ཡིས་བསྟེན་མ།། ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིས།། རྩོད་དང་རྨི་ལམ་ངན་པ་སེལ་མ།། ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི།། སྤྱན་གཉིས་པོ་ལ་འོད་རབ་གསལ་མ།། ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས།། ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ།། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས།། ཞི་བའི་མཐུ་དང་ཡང་དག་ལྡན་མ།། གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས།། འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ།། རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང་།། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག།

 

          ལྷ་མོ་ལ་གུས་ཡང་དག་ལྡན་པས།། བློ་ལྡན་གང་གིས་རབ་དད་བརྗོད་དེ།། སྲོད་དང་ཐོ་རངས་ལངས་པར་བྱས་ནས།། དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར།། སྡིག་པ་ཐམས་ཅད་རབ་ཏུ་ཞི་བས།། ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་འཐོབ།། རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས།། མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ།། འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་།། སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ།། དེ་ཡི་དུག་ནི་དྲག་པོ་ཆེན་པོ།། བརྟན་གནས་པའམ་གཞན་ཡང་འགྲོ་བ།། ཟོས་པ་དང་ནི་འཐུང་བ་ཉིད་ཀྱང་།། དྲན་པས་རབ་ཏུ་སེལ་བ་ཉིད་འཐོབ།། གདོན་དང་རིམས་དང་དུག་གིས་གཟིར་བའི།། སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ།། སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་།། གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན།། བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་།། ནོར་འདོད་པས་ནི་ནོར་རྣམས་ཉིད་འཐོབ།། འདོད་པ་ཐམས་ཅད་ཐོབ་པར་འགྱུར་ལ།། བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར་ཅིག།

            ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོས་གསུངས་པ་སྟེ་རྒྱུད་ལས་ཕྱུང་བའོ།། །།



 

མཐའ་མའི་འདོན་ཐེངས་།: 24.09.2021 ཉིན། 4:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།