སྨན་རྩིས་དྲ་བ། - སྨན་རྩིས་འདོན་ཆོག

སྒྲུབ་ཐབས་ཀྱི་ཟུར་འདེབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.07.2024
སྨན་རྩིས་འདོན་ཆོག >>

 



༄༅།། སྒྲུབ་ཐབས་ཀྱི་ཟུར་འདེབས།

དེ་ནས་མདུན་བསྐྱེད་ཀྱི་བཅོམ་ལྡན་བདེ་གཤེགས་སྨན་བླའི་ལྷ་ཚོགས་སྐུ་ཆེ་ཆུང་སྣ་ཚོགས་དང། གསུང་སྔགས་ཕྲེང། ཐུགས་ཨ་རུ་ར་དང་ལྷུང་བཟེད་བདུད་རྩིས་བཀང་བ་ཆར་བབས་པ་ལྟར་བྱོན་ནས་སྨན་ཡིག་དང་སྨན་སྒྲོ་རྣམས་ལ་ཐིམ་པར་གྱུར། གོང་གི་གཟུངས་སྔགས་དང། སྙིང་པོ། རབ་གནས་ཀྱི་བསྙེན་པའི་མཐར་ཡེ་དྷརྨའི་གཟུངས་ཀྱིས་གནས་པར་བྱའོ།། ཚ་བ་སྒང་བླ་མ་ཀརྨ་བསྟན་འཛིན་གྱིས་སྐུལ་ངོར། ཆགས་སྤྲུལ་ལྔ་པ་ཀུན་དགའ་བཟང་པོས་བྲིས་པས་འཚོ་བྱེད་པ་རྣམས་ལ་ཕན་གྱུར་ཅིག།

༄༅།། ཐ།བྠགྱཧ༔ གུ་རུ་དེ་བ་ཊཱཀི་ནི། ན་མོཿ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བ་མཆོད་པའི་སྤྲིན༔ མཎྜལ་རྒྱལ་སྲིད་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོ༔ རིན་ཆེན་སྣོད་དུ་གཏོར་མ་ནི༔ བདུད་རྩིར་གྱུར་ཅིག་ཨོཾ་ཨཱཿཧཱུཾ༔ གཉུག་གནས་གློ་བུར་ལྷགས་པ་ཡི༔ གནས་བདག་གཞི་བདག་འབྱུང་པོའི་ཚོགས༔ འདིར་འདུས་མཆོད་སྦྱིན་གཏོར་མ་ལོངས༔ གནས་འདིར་གསང་སྔགས་སྒྲུབ་པ་ལ༔ རུ་ང་ཕྲག་དོག་མ་མཛད་པར༔ དཀར་ཕྱོགས་སྡོངས་གྲོགས་མཐུན་རྐྱེན་སྒྲུབས༔ ནག་ཕྱོགས་བགེགས་རིགས་གཞན་དུ་དེངས༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ ཡེ་ཤེས་ཁྲོ་བོས་བརླག་པར་འགྱུར༔ དེ་བས་བསྒོ་བའི་བཀའ་བཞིན་ཉོན༔ ཨོཾ་སརྦ་ལོ་ཀ་པ་ལ་བ་ལིངྟ་ཁ་ཁ་ཁཱ་ཧི༔ སརྦ་བིགྷྣན་ག་ཙྪ་གཙྪ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ རྒ།མརྒ།༔ ཞེས་པ་སྤྲུལ་པའི་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་པར་བྱ་ལོ་ཆུ་སྟོད་ཟླ་བའི་ཚེས་གསུམ་ལ་བློ་ལྡན་མཆོག་སྲེད་ཀྱིས་དངོས་སུ་གསུངས་སོ།།



 


མཐའ་མའི་འདོན་ཐེངས་།: 04.07.2024 ཉིན། 2:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།