སྨན་རྩིས་དྲ་བ། - མདུན་ངོས།

སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 31.05.2024
མདུན་ངོས། >>


སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན།


འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཨི་ཀྲ་ན་སྒར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་ཕུན་ཚོགས་དབང་འདུས་ལགས་ཟླ་ ༥ ཚེས་ ༢༨ ཞོགས་པ་ཆུ་ཚོད་ ༡:༡༥ ཐོག་རྒྱལ་ས་དིལླིའི་སྨན་ཁང་ཞིག་ཏུ་དུས་མིན་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། དེའི་ཉིན་རྒྱབ་སྨན་རྩིས་ཁང་གི་མཆོད་ཁང་དུ་འགོ་ལས་ལྷན་འཛོམས་ཐོག་མཆོད་འབུལ་སྨོན་ལམ་ཚོགས་རྗེས་ཚོུད་ ༤ ནས་མྱ་ངན་གུས་འདུས་མཚོན་བྱེད་དབུས་སུ་ལས་མཚམས་བཞག་གནང་བ་རེད།

སྨན་པ་ཕུན་ཚོགས་དབང་འདུས་ལགས་ནི་རྒྱ་གར་ཤར་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་ཏེ་ཛུ་ས་གནས་སུ་ཕ་བསོད་ནམས་བཀྲིས་དང་མ་ཀོ་ཀོ་མ་གཉིས་ཀྱི་བུ་རུ་ཕྱི་ལོ་ ༡༩༧༥ ཟླ་ ༨ ཚེས་ ༡༥ ཉིན་འཁྲུངས་པ་དང་། དེ་ནས་ལྕགས་པོ་རི་སྨན་གྱི་སློབ་གྲྭ་ནས་ལོ་ལྔའི་རིང་སྨན་པ་དཀའ་བཅུ་པའི་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༩༧ ལོར་བཞུགས་སྒར་སྨན་རྩིས་མཐོ་སློབ་ཁང་དུ་ཐོན་རྒྱུགས་ཆེན་པོའི་རྒྱུགས་འབུལ་ནས་སྨན་པ་དཀའ་བཅུ་པའི་ཕྱག་འཁྱེར་ཐོབ། དེ་ནས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡ ནས་བཟུང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཊུ་ཊིང་ཡན་ལག་སྨན་ཁང་གི་འགན་འཛིན་དུ་བསྐོ་བཞག་གིས་དུས་མིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་མ་བྱུང་བར་དུ་མི་ལོ་བཅོ་ལྔ་ལྷག་གི་ཞབས་འདེགས་ཞུས་ཡོད། དམ་པ་དེས་ཕྱི་ལོ་ ༢༠༡༦ ནས་བཟུང་ལོ་ངོ་ལྔའི་རིང་ཏེ་ཛུ་ཡན་ལག་སྨན་ཁང་དང་། དེ་བཞིན་ཕྱི་ལོ་ ༢༠༢༡ ནས་བཟུང་ཨི་ཊ་ན་གར་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པའི་ལས་ཁུར་ཞུས་ཡོད།

ད་ཆ་དམ་པ་དེ་ལ་ཤུལ་ལུས་ནང་མི་སྐུ་ཟླ་དང་བུ་ཕྲུག་གཉིས་ཡོད། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་འགོ་ལས་ཡོངས་ནས་ཤུལ་ལུས་ནང་མི་གཉེན་ཚན་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་དམ་པ་དེ་ཉིད་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཚེ་རབས་ནས་ཚེ་རབས་རྗེས་སུ་བཟུང་ཞིང་མྱུར་དུ་མངོན་མཐོའི་གོ་འཕང་འཐོབ་པའི་སྔོ་སྨོན་རྩེ་གཅིག་ཏུ་ཞུ།།










མཐའ་མའི་འདོན་ཐེངས་།: 31.05.2024 ཉིན། 4:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།