སྨན་རྩིས་དྲ་བ། - མདུན་ངོས།

སྐམ་ཁབ་ལག་ལེན་ཟབ་སྦྱོང་ལེགས་གྲུབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.07.2023
མདུན་ངོས། >>


སྐམ་ཁབ་སློབ་ཁྲིད་དང་ལག་ལེན་ཟབ་སྦྱོང་ལེགས་གྲུབ།

ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༦ ནས་ཟླ་ ༦ ཚེས་ ༡༥ བར་ཟླ་བ་གཅིག་རིང་སྨན་རམས་པ་བསོད་ནམས་རྡོ་རྗེ་ལགས་ཀྱིས་སྐབས་ ༢༠ སྨན་པ་གྲངས་ ༢༢ ལ་སྐམ་ཁབ་ཀྱི་གཞུང་བཤད་སློབ་ཁྲིད་དང་ལག་ལེན་དམར་ཁྲིད་ཀྱི་ཟབ་སྦྱོང་གནང་ཡོད།

སྨན་སློབ་སྐབས་༢༠ ནང་དུ་སློབ་མ་གྲངས་ ༢༤ ཡོད་པ་རྣམས་ཕྱི་ལོ་ ༢༠༢༢ ཟླ་ ༢ ནས་ཕྱི་ལོ་ ༢༠༢༣ ཟླ་ ༡ བར་ལོ་གཅིག་རིང་འགྲོ་ཕན་སྨན་རྩིས་ཁང་གི་ཡན་ལག་སྨན་ཁག་ཏུ་ཟླ་དྲུག་གཉིས་སུ་ཆ་བགོས་ཀྱིས་ཁྱོན་ལོ་འཁོར་གཅིག་རིང་སྨན་པའི་ཉམས་མྱོང་གསོག་སྒྲུབ་བྱས་ཡོད། དེ་ནས་འཛིན་སྐྱོང་གིས་སྨན་རྩིས་ཁང་དབུས་སུ་བསྐོངས་ཏེ་དཔྱད་བཅོས་ཀྱི་ཟབ་སྦྱོང་གཉིས་གོ་སྒྲིག་ཞུས། དེ་ཡང་ཐོག་མར་སྐུ་བཅར་སྨན་རམས་པ་འཇིགས་མེད་དགེ་འདུན་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་དུགས་དང་བྱུག་པའི་འཇམ་དཔྱད་ལག་ལེན་ཟབ་སྦྱོང་གནང་།
 

དེ་ནས་སྨན་རམས་པ་བསོད་ནམས་རྡོ་རྗེ་ལགས་ཀྱིས་ཟླ་ ༥ ཚེས་ ༡༦ ནས་ཟླ་ ༦ ཚེས་ ༡༥ བར་ཟླ་བ་གཅིག་རིང་སྐམ་ཁབ་ཀྱི་སློབ་ཁྲིད་དང་ལག་ལེན་དམར་ཁྲིད་ཀྱི་ཟབ་སྦྱོང་སྤྲད་དུས་སྔ་དྲོའི་རིང་སྐམ་ཁབ་ཀྱི་རྨང་གཞིའི་ནང་དོན་ངོ་སྤྲོད་དང་སྦྲགས། རྩ་རྒྱུད་བཅུ་གཉིས་ཀྱི་འབྲེལ་ཚུལ་ཁག་གཞུང་བཤད་སློབ་ཁྲིད་གནང་བ་དང་། ཉིན་རྒྱབ་སྐམ་ཁབ་ཀྱི་གསང་མིག་འཚོལ་སྟངས་དང་། སྐམ་ཁབ་དེ་ཤ་པགས་དང་ཆུ་རྒྱུས་ཀྱི་བར་གསེང་དུ་སོར་མོར་གནོན་བསྒུལ་བྱེད་སྟངས་སོགས་ཀྱི་ལག་ལེན་སྦྱོང་བརྡར། གཞན་ཡང་དམིགས་བསལ་བཅོས་ཐབས་དཀའ་བའི་ནད་གཞི་ཁག་ལ་གསང་འདེམས་བྱ་ཐབས་དང་། དེ་བཞིན་ཚིགས་ནད་དང་། རྩ་དཀར་རེངས་འཁུམས་ཀྱིས་བྱེད་ལས་ཉམས་པ་དག་ལ་སྐམ་ཁབ་ཀྱིས་འཕྲལ་དུ་དྲག་སྐྱེད་ཐུབ་པའི་གསང་གནས་རྣམས་ལ་སྐམ་ཁབ་འདེབས་ཐབས་ཀྱི་དཀའ་གནད་གསལ་བཤད་དང་ལག་ལེན་དམར་ཁྲིད་གནང་ཡོད། མཐར་ཟླ་གཅིག་གི་ཟབ་སྦྱོང་གྲུབ་རྗེས་ཉིན་མཐའ་མའི་མཛད་སྒོར་ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་སྨན་པ་ཡོངས་ལ་འགྲོ་ཕན་སྨན་རྩིས་ཁང་ནས་ལག་འཁྱེར་བསྩལ་ཡོད།










མཐའ་མའི་འདོན་ཐེངས་།: 26.07.2023 ཉིན། 9:45 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།