སྨན་རྩིས་དྲ་བ། - མདུན་ངོས།

སྐབས་༡༧ རྗེས་ཀྱི་སྨན་པ་རྣམས་ལ་དེབ་སྐྱེལ་ལག་ཁྱེར་གནང་གཏན་འཁེལ་ཡོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.10.2023
མདུན་ངོས། >>


སྐབས་༡༧ རྗེས་ཀྱི་སྨན་པ་རྣམས་ལ་དེབ་སྐྱེལ་ལག་ཁྱེར་གནང་གཏན་འཁེལ་ཡོད།

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༤ ཉིན་འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་མཆོག་གིས་བསྲིངས་པའི་རིག་གསལ་ཨང་ ༢༧༩ ནང་གསལ་ལྟར། རྒྱ་གར་སྲོལ་རྒྱུན་སྨན་གྱི་ལྷན་ཚོགས་(NCISM)ཀྱི་ཁྱབ་ཁོངས་ཡུ་ནཱ་ནི་དང་། སིདྡྷ། གསོ་བ་རིག་པའི་ཚོགས་ཆུང་(Board of Unani, Siddha & Sowa-Rigpa, BUSS)ནས་ཕྱི་ལོ་༢༠༡༨ སྐབས་ ༡༧ དང་དེའི་རྗེས་ཀྱི་སློབ་ཐོན་སྨན་པ་རྣམས་ལ་དེབ་སྐྱེལ་ལག་འཁྱེར་གནང་གཏན་འཁེལ་ཡོད་པའི་གཏམ་བཟང་གི་གནས་ཚུལ་ཞིག་ཐོན་ཡོད། 

དེ་ཡང་ཕྱི་ལོ་ ༢༠༡༧ སྔོན་ཏེ་སྨན་པ་སྐབས་ ༡༦ བར་དཀའ་བཅུ་པ་བསླབ་པ་ཐར་སོན་པ་རྣམས་ལ་ན་ནིང་ཕྱི་ལོ་ ༢༠༢༢ ནས་དེབ་སྐྱེལ་ལག་འཁྱེར་བསྩལ་འགོ་འཛུགས་ཟིན་ཡོད།  ད་ཐེངས་སྐབས་ ༡༧ རྗེས་ཀྱི་བཀའ་བཅུ་པ་བསླབ་པ་ཐར་སོན་པ་རྣམས་ལ་དེབ་སྐྱེལ་ལག་འཁྱེར་གནང་གཏན་འཁེལ་བ་དང་། ད་ལྟའི་ཆར་སྨན་པ་སྐབས་ ༡༧། ༡༨། ༡༩། ༢༠། བར་གྱི་དཀའ་བཅུ་པའི་སྨན་པ་ཕལ་ཆེ་བ་འགྲོ་ཕན་སྨན་རྩིས་ཁང་དུ་ཞབས་འདེགས་ཞུ་བཞིན་པ་དང་། སྐབས་ ༢༡ པ་རྣམས་འགྲོ་ཕན་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་ཏུ་ཟླ་དྲུག་ཕྱི་མའི་ཉམས་གསོག་ཞུ་བཞིན་ཡོད་ལ། སྐབས་ ༢༢ སྨན་སློབ་རྣམས་སྨན་པའི་འཐོན་རྒྱུགས་ཆེན་མོའི་རྒྱུགས་སྤྲོད་ལས་རིམ་འགྲོ་བཞིན་ཡོད། དེ་ལྟར་འགྲོ་ཕན་སྨན་རྩིས་མཐོ་སློབ་ཁང་ནས་བསླབ་པ་ཐར་སོན་པའི་སྨན་པ་དཀའ་བཅུ་པ་ཡོངས་ལ་ཁྲིམས་མཐུན་དེབ་སྐྱེལ་ལག་འཁྱེར་འཐོབ་རྒྱུ་ངེས་གཏན་འཁེལ་ཡོད།







མཐའ་མའི་འདོན་ཐེངས་།: 26.10.2023 ཉིན། 4:53 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།