སྨན་རྩིས་དྲ་བ། - དྲ་བརྙན།

སེམས་བྱུང་མ་རིག་པའི་ཟབ་ཁྲིད་སྐོར་གསན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.05.2016
དྲ་བརྙན། >> སྒྲ་རྐྱང་བའི་སྡེ་ཚན།

 

སེམས་བྱུང་མ་རིག་པའི་ཟབ་ཁྲིད་སྐོར་གསན།

བཤད་རྒྱུད་དུ། ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ།། བདག་མེད་དོན་མ་རྟོགས་པས་མ་རིག་ཅེས།། ཞེས་པ་དང་། ཡང་དེ་ཉིད་ལས། ཁྱད་པར་རྒྱུ་ནི་མ་རིག་ལས་བྱུང་བའི།། འདོད་ཆགས་ཞེ་སྡང་གཏི་མུག་དུག་གསུམ་ལས།། འབྲས་བུ་རླུང་མཁྲིས་བད་ཀན་ཉེས་པ་སྐྱེད།། ཅེས་པ་དང་། དེ་བཞིན་མན་རྒྱུད་ཞུས་པའི་ལེའུར། འགྲོ་མཆོག་གཙོ་བོར་གྱུར་པའི་མི་ལུས་ཀྱང་།། མ་རིག་འཁྲུལ་པའི་དབང་གིས་འཁོར་བར་འཁྱམ།། ཞེས་པ་དང་། རླུང་ནད་གསོ་བའི་ལེའུ་ལས། རྒྱུ་ནི་མ་རིག་ལས་བྱུང་འདོད་ཆགས་ཀྱིས།། བསྐྱེད་རླུང་མཚན་ཉིད་དྲུག་ལྡན་ཐ་མལ་གནས།། ཞེས་པ་དང་། བད་ཀན་ནད་བཅོས་པའི་ལེའུར། རྒྱུ་ནི་མ་རིག་གཏི་མུག་ལས་བྱུང་བའི།། བད་ཀན་ཐ་མལ་མཚན་ཉིད་བདུན་ལྡན་དེ།། ཞེས་སོགས་བོད་ཀྱི་གསོ་བ་རིག་པའི་ཐུན་མོང་མིན་པའི་ལུགས་སུ་ནད་ཐམས་ཅད་ཀྱི་རིང་རྒྱུའམ་རྩ་བའི་རྒྱུ་བདག་འཛིན་མ་རིག་པ་དེ་ཉིད་ཡིན་པ་དཔལ་ལྡན་རྒྱུད་དུ་ལན་གྲངས་དུ་མར་གླེང་ཡོད་ལ། དེ་ཡང་ནམ་ཞིག་རིག་པ་ཡེ་ཤེས་ཀྱིས་བདག་འཛིན་མ་རིག་པ་དེ་བག་ཆགས་དང་བཅས་པར་མ་བཅོམ་གྱིས་བར་དུ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་ནད་ཀྱི་འཇིགས་པ་ལས་ཐར་ཐབས་མེད་པར་བརྟེན་མ་རིག་པའི་མཚན་ཉིད་དང་། ངོ་བོ། དབྱེ་བ། བྱེད་ལས་སོགས་ཡོངས་སུ་ཤེས་པར་རིག་པ་ཀུན་གྱི་མཆོག་གྱུར་ནང་དོན་རིག་པར་མ་བསྟེན་ཐབས་མེད་ཡིན་སྟབས།

དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་གྱིས་གོ་སྒྲིག་འོག་ཕྱི་ལོ་༢༠༡༦ ཟླ་༥ ཚེས་༩ - ༡༢ བར་ཉིན་ལྟར་ཆུ་ཚོད་གཅིག་རིང་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་དགེ་བཤེས་བསྟན་པ་འཕགས་མཆོག་ལགས་ཀྱིས་སེམས་བྱུང་མ་རིག་པའི་སྐོར་ལ་ཟབ་ཁྲིད་རྒྱས་པ་ཞིག་བསྩལ་ཡོད། འདིའི་ནང་དུ་དགེ་བཤེས་ལགས་ཀྱིས་མ་རིག་པའི་སྐོར་གཞུང་བཤད་དང་། དོགས་གཅོད། བསྐྱར་སྦྱོང་སོགས་མཛད་པས་དགེ་སློབ་སྨན་པ་བཅས་འདུས་པ་དག་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད།

 

ཉིན་དང་པོ། སེམས་བྱུང་མ་རིག་པའི་སྐོར་ཟབ་ཁྲིད་གནང་བ་གསན།

ཉིན་གཉིས་པ། མ་རིག་པའི་སྐོར་ལ་དོགས་གཅོད་དང་བསྐྱར་སྦྱོང་སྐོར་གསན།

ཉིན་གསུམ་པ་དང་བཞི་པ། མ་རིག་པའི་གཞུང་བཤད་དང་དོགས་འདྲི་སྐོར་གསན།

 


མཐའ་མའི་འདོན་ཐེངས་།: 20.05.2016 ཉིན། 12:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།