སྨན་རྩིས་དྲ་བ། - དྲ་བརྙན།

སེམས་ངལ་གྱི་རྒྱུ་རྐྱེན་སོགས་གླེང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.10.2016
དྲ་བརྙན། >> སྒྲ་རྐྱང་བའི་སྡེ་ཚན།

 


ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ་ལེགས་གྲུབ་བྱུང་བ།

འདི་ལོའི་ཟླ་༡༠ ཚེས་ ༡༢ - ༡༤ སྟེ་ཉིན་གསུམ་རིང་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་ནས་སྨན་རྩིས་མཐོ་སློབ་ཚོགས་ཁང་ཆེན་མོའི་ནང་གོ་སྒྲིག་ཞུས་པའི་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་པ་དེ་ལེགས་གྲུབ་བྱུང་ཡོད། ད་ཐེངས་ཀྱི་བགྲོ་གླེང་ཚོགས་ཆེན་གྱི་བརྗོད་གཞི་ནི་ཕྱི་ལུགས་སུ་ Depression ཞེས་པ། རང་རེའི་སྐད་དུ་སེམས་ངལ་ཞེས་བསྒྱུར་བ་དེའི་སྟེང་བོད་བརྒྱུད་ནང་བསྟན་རིག་པ་དང་། དེ་བཞིན་བོད་ཀྱི་སྨན་རྩིས་རིག་པ། དེང་རབས་སེམས་ཁམས་རིག་པ་བཅས་ལུགས་ཆེན་པོ་བཞིའི་གསུང་བཤད་གནང་མཁན་མི་སྣ་བརྒྱད་གདན་འཛོམས་གནང་ནས་སེམས་ངལ་གྱི་རྒྱུ་རྐྱེན་དང་། བཅོས་ཐབས་སྐོར་མཁས་པའི་གཏམ་བཤད་དང་སྦྲགས། བགྲོ་གླེང་ལྷུག་པོ་གནང་ཐུབ་པ་བྱུང་ཡོད།

ད་ཐེངས་ཚོགས་ཆེན་གྱི་མཛད་སྒོའི་སྐབས་ཚོགས་མགོན་དུ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཞབས་སོར་འཁོད་པ་དང་བཀའ་སློབ་ཀྱང་བཀྲིན་བསྐྱངས་གནང་ཡོད། བགྲོ་གླེང་ཚོགས་ཆེན་དུ་རྒྱལ་ཁབ་ཁག་དུ་མ་ནས་ཁྱོན་བསྡོམས་ཚོགས་བཅར་བ་ཉིས་བརྒྱ་ལྷག་མཉམ་ཞུགས་གནང་ཡོད།


 

 སྔོན་འགྲོའི་མཛད་སྒོའི་སྐུ་མགྲོན་གཙོ་བོ། དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་བཀའ་སློབ་གསན།

 

བརྗོད་གཞི། Depression ནམ། སེམས་ངལ།

སེམས་ངལ་གྱི་རྒྱུ་རྐྱེན།

༡། ནང་དོན་རིག་པའི་ལུགས། དགེ་བཤེས་བློ་བཟང་ཟླ་བའི་གསུང་བཤད།   དྲི་བ་དྲིས་ལན།

༢། གསོ་བ་རིག་པའི་ལུགས། སྨན་རམས་པ་ཡེ་ཤེས་དགེ་ལེགས་ཀྱི་གསུང་བཤད།   དྲི་བ་དྲིས་ལན།

༣། བོད་རྩིས་རིག་པའི་ལུགས། སྐར་རྩིས་པ་ཀུན་དགའ་དོན་གྲུབ་ཀྱི་གསུང་བཤད།   དྲི་བ་དྲིས་ལན།

༤། དེང་རབས་སེམས་ཁམས་རིག་པའི་ལུགས། Dr. Sonnee Weedn གྱི་གསུང་བཤད།   དྲི་བ་དྲིས་ལན།

 

སེམས་ངལ་གྱི་བཅོས་ཐབས་སྐོར།

༡། ནང་དོན་རིག་པའི་ལུགས། དོལ་པོ་སྐུལ་སྐུ་ཨོ་རྒྱན་ཆོས་དབྱིངས་ཡེ་ཤེས་ཀྱི་གསུང་བཤད།   དྲི་བ་དྲིས་ལན།

༢། བོད་ཀྱི་གསོ་བ་རིག་པའི་ལུགས། སྨན་རམས་པ་བསྟན་འཛིན་ལྷ་སྒྲོན་གྱི་གསུང་བཤད།   དྲི་བ་དྲིས་ལན།

༣། བོད་རྩིས་རིག་པའི་ལུགས། སྐར་རྩིས་པ་བསྟན་འཛིན་སྙན་གྲགས་ཀྱི་གསུང་བཤད།   དྲི་བ་དྲིས་ལན།

༤། དེང་རབས་སེམས་ཁམས་རིག་པའི་ལུགས། Dr. S. K. Khandelwal གྱི་གསུང་བཤད།   དྲི་བ་དྲིས་ལན།






མཐའ་མའི་འདོན་ཐེངས་།: 17.10.2016 ཉིན། 12:50 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།