སྨན་རྩིས་དྲ་བ། - མདུན་ངོས།

སིང་གྷ་པོར་འགྲེམས་སྟོན་དུ་མཉམ་ཞུགས་གནང་རྒྱུ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.07.2024
མདུན་ངོས། >>


སིང་གྷ་པོར་འགྲེམས་སྟོན་དུ་མཉམ་ཞུགས་གནང་རྒྱུ།

ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༢༦ ནས་ཟླ་ ༦ ཚེས་ ༨ བར་བདུན་ཕྲག་གཉིས་རིང་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་རུ་ཁག་གཅིག་སིང་གྷ་པོར་དུ་བསྐྱོད་དེ་འབྱུང་འགྱུར་ RoAM ཞེས་ནང་པ་སངས་རྒྱས་པའི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུ་འཆར་ལ་མགྲོན་འབོད་ཞུས་པ་བཞིན་བོད་ཀྱི་སྲོལ་རྒྱུན་སྨན་རྩིས་རིག་པའི་ཅ་དངོས་འཁྱེར་ཏེ་དེ་དག་འབྲེལ་ཡོད་ལ་ངོ་སྤྲོད་གནང་བར་ཕེབས་ཡོད།

དེ་ཡང་སྐར་དཔྱད་རྩིས་རིག་སྡེ་ཚན་འགན་འཛིན་ཚེ་རིང་ཆོས་འཛོམས་ལགས་ཀྱི་སྣེ་ཁྲིད་དེ་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་འགན་གཞོན་སྨན་རམས་པ་ཀུན་དགའ་ལགས་དང་། ནད་བཅོས་ཉམས་ཞིབ་སྡེ་ཚན་འགན་གཞོན་སྨན་རམས་པ་བསོད་ནམས་དབང་མོ་ལགས། སྐར་དཔྱད་རྩིས་རིག་པ་ཀུན་བཟང་ཆོས་སྒྲོན་ལགས་བཅས་རྣམ་པ་བཞི་སིང་གྷ་པོར་བོད་ཀྱི་རིག་གཞུང་ཚོགས་པ་ Tibetan Buddhist Centre དང་། སིང་གྷ་པོར་ལོ་རྒྱུས་སློབ་སྟོན་པ་ Singapore History Consultants ཟུང་འབྲེལ་གྱིས་རྗེས་ལོ་ ༢༠༢༥ ཟླ་ ༢ ཚེས་ ༡༥ ལ་དངོས་སུ་དབུ་འབྱེད་བྱ་འཆར་ཡོད་པའི་ནང་པ་སངས་རྒྱས་པའི་འགྲེམས་སྟོན་དེར་བོད་ཀྱི་སྲོལ་རྒྱུན་སྨན་རྩིས་རིག་པ་གཉིས་ལའང་གོ་སྐབས་འབུལ་ཕྱིར་སྨན་རྩིས་རིག་པའི་ཅ་དངོས་འགྲེམས་སྟོན་ཆེད་མགྲོན་འབོད་གནང་ཡོད།

Haw Par Villa (HPV), Singapore  སིང་གྷ་པོར་གྱི་ཧཨོ་པར་ཝིལ་ལ་ས་གནས་ཀྱི་རཨིས་ཨོཕ་ཨེ་ཤི་ཡ་མུ་སི་ཡམ་ Rise of Asia Museum (RoAM) ཞེས་པར་ནང་པ་སངས་རྒྱས་པ་དང་འབྲེལ་བའི་འགྲེམས་སྟོན་བྱ་རྒྱུ་དེར་བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པ་དང་འབྲེལ་བའི་ཅ་དངོས་ཁོངས་སུ། གསོལ་སྨན་ནི་ཚངས་ལྷ། མུ་ཏིག་༢༥། སྨན་༢། སླེ་ཏྲེས་༥ ཐང་སོགས་སྨན་སྣ་ཉེར་བཞི་དང་། དེ་བཞིན་སྨན་ཐང་བཅོ་ལྔ་དང་། ཟངས་བུམ། ཟངས་ཏེལ། ཧྲཱིཿཏེལ་དང་དྷཱིཿཏེལ། གསེར་ཁབ། ཕྱིར་ཚོང་ཅ་དངོས་རིགས། རྒྱུད་བཞི་ཨིན་འགྱུར་སོགས་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་ནས་པར་སྐྲུན་ཞུས་པའི་དེབ་རིགས་ཁག་གཅིག་བཅས་ཡོད། སྐར་དཔྱད་རྩིས་རིག་དང་འབྲེལ་བའི་སྲུང་འཁོར་དང་། ས་གཞོང་། ཐུར་ཤིང་། དབྱངས་འཆར་འཁོར་ལོ་སོགས་མང་དུ་བསྣམས་ཡོད། དེ་ལྟར་ང་ཚོའི་སྨན་རྩིས་པ་རྣམས་ནས་དེ་གའི་འབྲེལ་ཡོད་འགྲེམས་སྟོན་དོ་དམ་མི་སྣ་ཁག་ལ་སྨན་རྩིས་ཅ་དངོས་སོ་སོའི་ངོ་སྤྲོད་འགྲེལ་བཤད་ཁམས་གཙང་བརྒྱབ་ཡོད།  མ་ཟད་འབྲེལ་ཡོད་ཁག་གཅིག་ལ་ངག་ཐོག་རྩིས་འབྲས་རིན་མེད་བསྐྱོན་གནང་ཡོད།

ད་ཐེངས་ཀྱི་ལས་བྱེད་བཞིའི་ནམ་གྲུའི་བརྡལ་གླ་བཅས་སིང་གྷ་པོར་བོད་ཀྱི་རིག་གཞུང་ཚོགས་པས་འབུལ་གནང་བ་དང་། དེ་གའི་འགན་འཛིན་ WeeNee དང་། འབྲེལ་མཐུད་པ་ Yuanne དེ་བཞིན་ལས་བྱེད་ Lin Kwan Kit, Faith སོགས་དང་།  དེ་བཞིན་སིང་གྷ་པོར་ལོ་རྒྱུས་སློབ་སྟོན་པའི་འགན་འཛིན་ Mr. Jeya Ayadurai ལགས་དང་། Ms. Savita Kashyap, Mr. Eisen Teo, Ms. Cherylyn Tok དང་ཚོགས་མི་གཞན་རྣམས་དང་། ལྷོ་ཤར་ཨེ་ཤི་ཡའི་འབྲེལ་མཐུད་པ་སྐུ་ངོ་སྦྱིན་པ་ལགས་སོགས་ནས་ང་ཚོའི་ལས་བྱེད་བཞི་ལ་སྣེ་ལེན་ཟབ་རྒྱས་གནང་ཞིང་། ཞལ་ལག་འགྲོན་འབོད་དང་། ས་གནས་གཟིགས་སྐོར་བཅས་ལ་ཁྲིད་པ་སོགས་ཕྱག་རོགས་ཅི་ཡོང་ཞུས་པར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་འགྲེམས་སྟོན་ལས་གཞི་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།།















མཐའ་མའི་འདོན་ཐེངས་།: 10.07.2024 ཉིན། 3:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།

བོད་ཀྱི་གསོ་བ་རིག་པའི་སྲོལ་ལུགས་ཆེན་པོ་གཉིས།

བོད་ཀྱི་གསོ་རིག་སློབ་གསོའི་བྱ་གཞག་གི་སྒོ་འཕར་ཡངས་པོར་དབྱེ་བ།

བོད་མདོ་ཁམས་ལྷོ་བྱང་ཁུལ་གྱི་གསོ་རིག་དར་རྒྱས།

བོད་ཀྱི་གསོ་རིག་འཕེལ་ཕྱོགས་ཀྱི་ལེའུ་གསར་པ།