སྨན་རྩིས་དྲ་བ། - གསོ་རིག་མཁས་དབང་རིམ་བྱོན།

ལྷུན་སྡིངས་བདུད་རྩི་འགྱུར་མེད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.06.2017
གསོ་རིག་མཁས་དབང་རིམ་བྱོན། >>

                                 
  ལྷུན་སྡིངས་བདུད་རྩི་འགྱུར་མེད།

- བྱམས་པ་འཕྲིན་ལས།
 

ལྷུན་སྡིངས་བདུད་རྩི་འགྱུར་མེད་ཅེས་པའི་ཡབ་ནི་གཉའ་རིགས་ཀྱི་གདུང་རྒྱུད་རིམ་པར་བྱོན་པའི་ནང་གི་བསོད་ནམས་ཆོས་འཕེལ་ཞེས་པ་སྙན་བརྒྱུད་ཞལ་ཤེས་མན་ངག་གི་བདག་པོ་དེ་ཡིན།   ཡབ་ཀྱི་སྐུ་དྲིན་ལས་བདུད་རྩི་འགྱུར་མེད་གསོ་བ་རིག་པར་མཆོག་ཏུ་མཁས་པས་ཇོ་ནང་སྤྲུལ་སྐུ་ཀུན་དགའ་སྙིང་པོའི་(1)བླ་སྨན་དང་།  རྒྱུད་བཞི་རྟག་བརྟན་པར་མ་ཞེས་པ་པར་དུ་བརྐོ་བའི་དོ་དམ་དང་ཞུས་ཆེན་མཛད། 《གསོ་དཔྱད་ཀྱི་ལག་ལེན་དགོས་འདོད་ཀུན་བྱུང་།》 ཞེས་པ་ནད་རྟགས་དང་སྨན་བཅོས་ཀྱི་སྐོར་མ་ཚང་བ་མེད་པའི་སྨན་གཞུང་ངོ་མཚར་ཅན་དེ་བརྩམས།   གདུང་རྒྱུད་དུ་སྲས་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ་ཞེས་པ་བསྐྲུན་ནས་གཞུང་དང་མན་ངག་ལག་ལེན་སྐོར་གྱིོ་གདམས་པ་མ་ལུས་པ་ཡོངས་རྫོགས་བསྩལ་པས་རང་སྲས་རྣམ་རྒྱལ་རྡོ་རྗེ་ནི།   རྒྱལ་དབང་ལྔ་པ་དང་སྡེ་སྲིད་རིན་པོ་ཆེ་ཞལ་བཞུགས་དུས་གསོ་དཔྱད་སྐོར་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་ཀུན་གྱིས་ཁས་འཆེས་པའི་ཡུལ་དུ་གྱུར།   
 

རབ་བྱུང་བཅུ་གཉིས་ལྕགས་ལུག་(སྤྱི་ལོ་1691)ལོ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་《མན་ངག་ལྷན་ཐབས་》གསར་རྩོམ་གནང་སྐབས་ལྷུན་སྡིངས་བདུད་རྩི་འགྱུར་མེད་ཀྱིས་བརྩམས་པའི་《གསོ་དཔྱད་ཀྱི་ལག་ལེན་དགོས་འདོད་ཀུན་འབྱུང་》ནང་གི་ལེགས་ཆ་མང་པོ་བསྡུ་ལེན་མཛད་ཅིང་།  ཐ་ན་འགའ་ཤས་ཀྱི་མཚམས་ལ་བཤུས་པ་ལྟ་བུ་སོར་བཞག་གིས་མཐོང་ཤིན་ཏུ་ཆེན་པོ་གནང་།  དེར་བརྟེན་མཁས་པ་འགས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཕྱག་བཞེས་བྱང་ལུགས་ཡིན་ཚུལ་གསུངས་པའི་རྩ་བ་དེ་དག་ལ་བརྟེན་ནས་བྱུང་པར་སེམས།།
 

མཆན་བུ།

(1)       ཇོ་ནང་སྤྲུལ་སྐུ་ཀུན་དགའ་སྙིང་པོ་རབ་བྱུང་བཅུ་པའི་ཤིང་ཕག་ (སྤྱི་ལོ་ 1575) ལོར་འཁྲུངས།

 

- འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་བྱས་པ་ཞིག་ཡིན།

 

 

མཐའ་མའི་འདོན་ཐེངས་།: 29.06.2017 ཉིན། 12:37 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།