སྨན་རྩིས་དྲ་བ། - མདུན་ངོས།

ལོ་ངོ་ ༡༠༣ འཁོར་བའི་དུས་དྲན་མཛད་སྒོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.04.2019
མདུན་ངོས། >>

 

སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་སྲུང་བརྩི།

 

ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༩ ཉིན་བཞུགས་སྒར་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ ༡༩༡༦ ལོར་བོད་ཀྱི་རྒྱལ་སར་ལྷ་ལྡན་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་ ༡༠༣ དང་། དེ་བཞིན་གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དྷ་སར་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་མཛད་དེ་ལོ་ངོ་ ༥༨ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་གནང་ཡོད།

མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། དམིགས་བསལ་སྐུ་མགྲོན་ཧིམྰཅལ་མངའ་སྡེ་ཀང་ར་རྫོང་གི་སྨན་པ་གཙོ་བོ་ Dr. Gurdarshan Gupta  མཆོག་གི་གཙོས་སྐུ་མགྲོན་རྣམ་པ་དང་།  སྨན་རྩིས་ཁང་གི་འགོ་ལས་དང་དགེ་སློབ་བཅས་ལྷན་འཛོམས་སྟེང་། ཐོག་མར་སྨན་རྩིས་སློབ་མ་རྣམས་ནས་ཆོལ་གསུམ་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས། དེའི་རྗེས་སུ་སྨན་རྩིས་ཁང་གིས་དཔར་བསྐྲུན་ཞུས་པའི་དཔེ་དེབ། སྐྱེམ་པ་ཚེ་དབང་གི་རྒྱུད་བཞིའི་འགྲེལ་པ། འགྲེལ་པ་མེས་པོའི་ཞལ་ལུང་སྟོད་ཆ། ཙ་ར་ཀ་བསྡུ་བ་དེབ་ཕྲེང་དང་པོ་སོགས་དེབ་རིགས་ཁག་གཅིག་དབུ་འབྱེད་གནང་བ་དང་། སྐུ་མགྲོན་གཙོ་བོའི་ཕྱག་ནས་སྨན་རྩིས་ཁང་དུ་ཞབས་ལོ་ ༢༠ སོན་པའི་ལས་བྱེད་གྲངས་ ༡༣ དང་། ཞབས་ལོ་ ༣༠ སོན་པའི་ལས་བྱེད་ ༡༠ རྣམས་ལ་ཆེ་བསྟོད་གཟེངས་རྟགས་གསོལ་བསྩལ་གནང་། དེ་ནས་དམིགས་བསལ་སྐུ་མགྲོན་མཆོག་ནས་སྐབས་ ༡༨ པའི་སྨན་སློབ་གྲངས་ ༢༩ དང་། རྩིས་སློབ་སྐབས་ ༩ སློབ་མ་ ༦ ལ་སློབ་ཐོན་ཕྱག་འཁྱེར་དང་། དེ་བཞིན་སྐབས་ ༡༣ པའི་སྨན་པ་གྲངས་ ༡༥ ལ་སྨན་རམས་པ་ཆུང་བའི་ཕྱག་འཁྱེར་བསྩལ་གནང་ཡོད།

འགན་འཛིན་མཆོག་གིས་གསུང་བཤད་ནང་དུ་སྨན་རྩིས་ཁང་གི་ངོ་སྤྲོད་དང་ད་ལྟའི་ལས་གཞི་འགྲོ་བཞིན་པ། འབྱུང་འགྱུར་གྱི་འཆར་གཞི། འདས་ལོའི་ནང་ལས་རིམ་ཚགས་ཚུད་བསྒྲུབས་པ་ཁག་སོགས་ཀྱི་སྐོར་རྒྱས་པར་གསུངས་པ་དང་། དེ་མཚུངས་འཕྲོད་བསྟེན་བཀའ་བློན་མཆོག་ནས་ཀྱང་སྨན་རྩིས་རིག་པ་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་སོང་། མཛད་སྒོ་དེ་བཞིན་སྨན་རྩིས་ཁང་ནས་དྲ་རྒྱའི་བརྒྱུད་ཐད་ཀར་རྒྱང་སྲིང་ཞུས་གནང་བ་རེད།

 

 

 

མཐའ་མའི་འདོན་ཐེངས་།: 03.04.2019 ཉིན། 3:39 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༦ ཉིན་སྨན་རྩིས་སློབ་ཐོན་པ་རྣམས་ལ་སྩལ་བའི་བཀའ་སློབ།

སྨན་རྩིས་སློབ་ཐོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།

ཆུ་ལས་དང་གློག་ལས་པ་གཅིག་གི་ས་མིག་གསལ་བསྒྲགས།

བུ་བཅོལ་ཁང་དུ་མ་མ་གཅིག་གི་ས་མིག་གསལ་བསྒྲགས།

སྐམ་ཁབ་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།

སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་དུ་ལས་མི་གྲངས་ ༤ ས་མིག་གསལ་བསྒྲགས།

དབུས་ས་གཉིས་ཀྱི་སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༨ ས་མིག་གསལ་བསྒྲགས།

འགྱིག་བྱི་རིལ་ནས་འགྱིག་སྙིགས་ཕྲ་མོ་འཐོན་བཞིན་ཡོད་སྐོར།

འཛམ་གླིང་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་ཞུས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།