སྨན་རྩིས་དྲ་བ། - མན་ངག་ལྷན་ཐབས།

ལེའུ་སོ་ལྔ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 10.11.2020
མན་ངག་ལྷན་ཐབས། >>


ལེའུ་སོ་ལྔ་བ། གཉན་རིམས་མེ་དབལ་བཅོས་པ།

གཉན་རིམས་ལྤགས་ལ་བབས་པ་མེ་དབལ་ལམ། །མེ་ལྕེ་འཁོར་ལོ་ཞེས་སུ་གྲགས་པ་སྟེ། །འདི་ནི་འབབ་སའི་དབང་གིས་ཅུང་ཟད་ཡང༌། །འོན་ཀྱང་རྒྱུ་དང་རྐྱེན་རྟགས་སྲུང་བཅོས་ལྔ། །རྒྱུ་ནི་གཉན་ཚད་སྤྱི་དང་འདྲ་བ་ལ། །དེ་རྐྱེན་ཆུ་སེར་ཚ་བ་རླུང་གིས་བུས། །དེ་རྟགས་འདར་བརྩེ་འབྲུམ་དམར་མྱུར་བར་མཆེད། །ལྤགས་གཡའ་འབྲུམ་ཆུང་འབྱུང་ལ་ཁ་ཁ་སྐམ། འདི་བསྲུང་རྒྱ་ཤོག་གྲི་ཁྲག་ཡིག་འབྲུ་འདི། །ཛྫྵ།  ལྟོ་སྟོང་ཟོས་པས་མེ་དབལ་ནད་ལས་གྲོལ། །བཅོས་ཐབས་སྨན་དཔྱད་ཟས་སྤྱོད་རྣམ་པ་བཞི། །སྨན་ནི་དང་པོ་ཁོང་ནས་བསལ་བ་སྟེ། །ཁོང་སྨན་བྱ་ཁྱུང་ལྔ་པ་ཚད་ལྡན་ནམ། དངུལ་ཆུ་བཅོ་བརྒྱད་པའང་ཤིས་པ་ཡིན། །ཡང་ན་གི་གུར་ཧོང་ལེན་བ་ཤ་ཀ །ཤིང་མངར་སེང་ལྡེང་སྤང་རྩི་བཙོད་དང་ཚོས། །སྐྱུ་རུ་འཛིན་པའི་ཕྱེ་མ་བསྐོལ་གྲངས་དབུལ། །མེ་དབལ་ནད་ཀྱི་གཉེན་པོ་བྱང་པའི་ལུགས་ (ལྷུན་)། །ཕྱི་ལ་རྒྱ་ཚྭ་ཡུངས་ཀར་ཤུ་དག་གསུམ། །ཞོ་དར་གང་རུང་བྲན་བྱུགས་ཉི་མར་བསྲེག །ཡང་ན་བདུད་རྩི་ལོ་མ་བྲག་སྤོས་པ། །ཙན་དན་སྟག་ཤ་བཙག་སྦྱར་ཕྱིར་བྱུག་དང༌། །ཁོང་བཏང་མེ་དབལ་འཇོམས་པའི་མཚོན་ཆ་ཡིན། །སྲན་ཆུང་ནིམ་པ་ཧོང་ལེན་ཀྱི་ལྕེ་དཀར། །ཤིང་མངར་སྐྱེར་པའི་ཕྱེ་མ་མར་གསར་ཁུས། །འཕུལ་ཏེ་ཁོང་བཏང་ཁྱི་ལུད་ཟེད་ཙམ་དང༌། །ལ་ཆ་ཤུ་དག་སྟག་ཤ་ཉི་ལྷགས་ཀྱིས། །ཁྱེར་བའི་གྱོ་མོ་དྲི་ཆུར་སྦྱར་བ་བྱུག །གང་ཉེའི་རྩ་ལ་གཏར་བ་གཅེས་པར་བཟུང༌། །དེས་ཀྱང་མ་ཐུབ་ལྷོག་པའི་ནད་བཞིན་བཅོས། །ཟས་དང་སྤྱོད་ལམ་གཉན་ཚད་སྤྱི་དང་མཐུན། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་ཞེས་པ་ལས་གཉན་རིམས་མེ་དབལ་བཅོས་པའི་ལེའུ་སྟེ་སོ་ལྔ་པའོ།།

མཐའ་མའི་འདོན་ཐེངས་།: 11.11.2020 ཉིན། 10:25 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།