སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་སོ་ལྔ་པ། གློ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་སོ་ལྔ་པ། གློ་ནད་གསོ་བ

དེ་ནས་འཚོ་བྱེད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །བློན་པོ་འདྲ་བའི་གློ་བ་གསོ་ལ། །རྒྱུ་དང་དབྱི་[དབྱེ་]བ་རྟགས་དང་བཅོས་ཐབས་བཞི། །རྒྱུ་ནི་རླུང་མཁྲིས་བད་ཀན་ཁྲག་དང་ཆུ། །རུལ་སྐྱུར་ཟོ་མར་ཚ་དང་དུ་བ་དང༌། །འཆམས་[ཆམ་]པ་འགྲམ་[འགྲམས་]དང་དྲག་ཤུལ་རྣམས་ཀྱིས་བསྐྱེད། །གཉིས་པ་དབྱེའ་[དབྱེ་]བ་དང་པོ་ཐང་པོ་སྐྱ་སྦབ་[རྦབ་]གཉིས། །རླུང་མཁྲིས་ཚ་བ་བད་ཀན་ཆུ་ཤོར་དང་། །ཐེས་པོ་གློ་གཅོང་ཁྲག་གིས་རྒྱས་པ་དང་། །སྙིང་ལ་བུང་ཚང་བཙས་[བཅས་]དང་བརྒྱད་དུ་བཤད། །གསུམ་པ་དེའི་རྟགས་ནི་གློ་ཐང་རྒྱུན་དུ་ལུ། །འགོགས་དཀའ་སྦུ་[ལྦུ་]གསོག་དགོང་དང་ཐོ་རས་[རངས་]མང༌། །སྐྱ་སྦབ་[རྦབ་]གློ་མང་མིག་ལྕིབས་བོལ་གོང་གཡོ། །ཚ་མཁྲིས་གློ་ལ་ཚ་གཟེར་ཚ་སུབ་[སུབས་]གཉིས། །ཚ་སུབ་རྩ་ཆུ་ཚ་ལ་རོ་སྟོད་རྒྱས། །ལུད་པ་ཚ་[ཚྭ་]བྲོ་སྦུ་[ལྦུ་]ཆུང་འཁྲིས་[མཁྲིས་]པ་འོང༌། །སྟོན་དུས་དྲག་ཤུལ་དྲོད་བཅུད་ཤིན་ཏུ་གནོད། །ཚ་གཟེར་ཉལ་མི་བདེ་བས་དབུག་[དབུགས་]མི་ཐེག །ལུད་པ་དམར་སེར་ལུ་ཞིང་སྐབས་སུ་གཟེར། །ཆུ་ཤོར་ངལ་ཆུ་གློ་ལ་ཤོར་བ་སྟེ། །སྟོད་རྒྱངས་མགོ་ན་མིག་སྤྲིན་སེར་པོ་འགྲོ། །དང་ག་མི་བདེ་གློ་མང་རྔམ་པས་འདེག་[ཐེག]། །ཤ་སྐམ་རྔུལ་མེད་གཏམ་དང་ཚིག་མི་སྨྲ། །གཞུག་ཏུ་ལུད་པ་ཤ་སྐྱེ་[སྐྱོ་]གློ་ལས་འཛག །བད་ཀན་ཐེས་པོ་ལུད་པ་སྔོན་འཇམ་[སྔོ་ལྗོབ་]ལུ། །གྱེན་ལ་དབུགས་ཐེག་རོ་སྟོད་ལྗི་[ལྕི་]ལ་ཁེང་[ཁེངས]། །ལུད་པ་ཐུན་[ཐོན་]ཤུལ་ཉམ་[ཅུང་]ཙམ་བདེ་བ་སྙམ། །གློ་གཅོང་ཤེད་ཆུང་ཤ་སྐམ་འགུལ་མི་ནུས། །བྱི་ལ་ལྟར་གྲགས་ཟས་སྨན་ཕན་བསྐྱེད་ཆུང་། །གློ་རྒྱས་མིག་དམར་ལྕེ་མཆུ་མཁུར་ཚོས་སྨུག །སྐར་[སྐད་]འཛེར་སྟོད་རྒྱངས་རྔམ་རྒོད་ལུད་པ་དམར། །བུང་ཚང་གློ་མིག་རྣག་བསོག་ལུད་པ་ཤ་རུས་[རུལ་]འདྲ། །ཡང་ན་སྔོན་པོ་སྦུ་[ལྦུ་]བ་ཅན་གསེབ་ཏུ། །ཉ་མིག་འདྲ་བའི་རྣག་བཅས་ལུ་བར་ཡོད། །སྤྱིར་ན་གློ་བ་བད་ཀན་ཡུལ་ཡིན་པས། །དབྱར་དུས་བདེ་ལ་རྒུན་[དགུན་]དུས་ན་བ་དང༌། །ཉིན་པར་བདེ་ལ་མཚན་མོ་ན་བ་འོང་། །དེ་རྣམས་བཅོས་ཐབས་རླུང་གློ་བསིལ་བཅུད་བསྟེན། །ཛཱ་ཏི་ཤིང་ཀུན་སུག་སྨེ་[སྨེལ་]པི་པི་ལིང་། །སྲི་[པྲི་]ཡང་སྐུ་[ཀུ་]དང་མར་སྦྱར་འདེ་གུ་བསྟེན། །གསོ་བ་དཀའ་ལ་བཞི་ལྔ་མེ་ཡིས་བསྲེག །གློ་ནད་སྐྱ་སྦབ་[རྦབ་]སྟར་བུ་ཛཱ་ཏི་དང་། །སུག་སྨེ་[སྨེལ་]ཀ་ཀོ་ལ་དང་ཤིང་མངར་དང་། །ཨ་རུ་ལྕགས་ཕྱེ་སྦྲང་གི་འདེ་དགུ་[གུ་]བསྟེན། །ཅུ་གང་ལྕགས་ཕྱེ་སྦྲང་གི་འདེ་དགུ་[གུ་]དང་། །ཚིགས་པ་ལྔ་པ་མེ་ཡིས་བསྲེག་པར་བྱ། །ཚ་སུབ་[སུབས་]ཙན་དན་བརྒྱད་པ་བཅུ་པ་ལ། །ཨ་ཀྲོང་སྟར་བུར་[བུ་]ཅུ་གང་གུར་གུམ་དང་། །རུ་རྟ་ཤིང་མངར་ཙན་དན་བྱི་ཚེར་དང་། །ཨ་ཀྲོང་བརྒྱད་སྦྱར་དེ་བཏང་ཤ་གསར་བ་མ་[མར་]བསྟེན། །ཚ་གཟའ་[གཟེར་]དེ་བཞིན་བཅོས་ནས་གཏར་བ་ཡིན། །དེས་མ་ཞི་ན་ག་པུར་རྩ་ལྔ་བཏང་། །བཤལ་དང་བསིལ་གསུམ་ཨུད་དཔལ་[ཨུཏྤལ]གླ་སྒང་རྒུན་འབྲུམ་ཤིང་མངར་རོ། །ཡང་ན་ཨ་རུ་གི་ཝང་གུར་གུམ་ཅུ་གང་ཤིང་མངར་རྒུན་འབྲུམ་སྲོ་ལོ་སྤང་རྒྱན་འབུ་སུ་ཧང་དང་བཅུའོ།། བསིལ་ཆུ་ཆག་[ལྕག་]བྱས་པས་ཞི་བ་ཡིན། །ཆུ་ཤོར་ནད་ལ་ཤིང་མངར་ཡུང་བ་གསུམ་[གཉིས]། །སྔོན་དུ་བཏང་ནས་རྗེས་སུ་སྐྱུགས་ཀྱིས་དྲང་། །ཤིང་མངར་འདམ་བུ་ཀ་ར་ལི་ག་དུར། །ཇུ་[ཅུ་]གང་གུར་ཀུམ་དོམ་མཁྲིས་ཙན་དཀར་རྣམས། །ཀ་ར་སྦྱར་ལ་བཙོད་ཀྱི་ཁུ་བས་དབུལ། །རྗེས་ལ་སྲོ་ལོ་ག་དུར་འདམ་བུ་མཚལ། །བཅོད་[བཅད་]འབྱོར་གུར་གུམ་ཀ་ར་འོ་མས་ཕུལ། །ཝ་ལ་སོགས་པའི་གློ་བ་སྣ་ཚོགས་བཏང༌། །བད་ཀན་གློ་སྦུབས་ཞུགས་པའི་ཐེས་པོ་ལ། །བད་ཀན་ཡུམ་ནི་གློ་བ་ཡིན་པ་དེས། །སྐྱུག་[སྐྱུགས་]ཀྱིས་བད་ཀན་ཕོ་བ་གློ་སྦུབས་སྦྱང༌། །སྤྱང་ཚེར་རི་ཤོ་དུར་བྱིད་ཁུ་བ་རྒྱམ་ཚ་དང་། །པི་པི་ལིང་བཏབ་སྦྱང་སྨན་སྦྱར་བ་ཡི། །སྟར་བུར་[བུ་]པན་ཙན་[པཉྫས་]ལུད་པ་གྱེན་དུ་འདྲེན།རྗེས་ལ་མུ་[མཱུ་]ལ་ལྔའམ་ཇུ་[ཅུ་]གང་མང་[ངམ]། །པི་ལིང་མར་དཀར་སྦྲང་གི་འདེའ་[འདེ་]གུ་བསྔགས། །ཤ་ག་[གསར་]མར་གསར་སྦྲང་རྩི་སྦྱར་བ་བཏང༌། །ཐེས་པོ་ལ་སོགས་གློ་ནད་རླུང་ལྡན་གང༌། །བ་འོ་བཞེས་[བཞོས་]དྲོན་སྦྱར་ནས་ནང་ནུབ་གཏོང་། །གློ་གཅོང་གློ་མིག་ལུད་པའི་གཅོང་འདྲིལ་བས། །ཨ་ཀྲོང་ལུམ་[ལུམས་]བསྟེན་མཁན་པ་དྲེ་[བྲེ་]རེ་དང་། །བུལ་ཐོག་[ཏོག་]བྲེ་ཕྱེད་ལུམས་དང་ཆུ་ལུམས་བྱ། །དེ་་ནས་སྟར་བུ་པན་རྩས་[པཉྫས་]གྱེན་དུ་དྲང༌། །ལུད་པ་སྐྱ་སྔོན་སྐམ་པོ་མ་[མང་]ཐོན་འཚོ། །མ་ཐོན་ལུམས་དང་འདྲེན་སྦྱོར་བསྐྱར་ལ་སྦྱར་[སྦྱང༌]། །སྐབས་སུ་ཇུ་[ཅུ་]གང་དྷེ་[ལྡེ་]གུ་སྦྱར་བ་ཡི། །ཕྱེ་མ་འོ་མ་སྦྱར་དང་ར་ལུགས་[ལུག་]གི། །གློ་བ་མ་སུངས་བརྒྱངས་ནས་སྦྱར་བ་བྱ། །ཤ་རྒོད་[གླ་དགོ་]བ་ཤ་གྲོ་ཆང་ཡོས་ཆང་བསྟེན། །གློ་རྒྱས་རྩེ་ཆུང་དྲུག་འོག་[འགོ་]མང་དུ་གཏར། །ལུད་པ་དམར་ན་རྒྱ་སྐྱག་འབྲི་མོག་བཙོད། །སྲོ་ལོ་དཀར་པོའི་བསྡུས་གྲང་ཐང་ཡང་བསྟེན། །ཙན་དན་བཅུ་གཅིག་སྲེ་[ཕྱེ་]མ་ཐང་དེས་འཕུལ། །རྗེས་ལ་གཏར་ཅིིང་ག་པུར་ཉེར་ལྔ་སྦྱར། །དེ་ཡིས་སྐྱེད་ཆུང་སྨུག་པོ་བྱེར་སྲིད་པས། །དུར་བྱིད་ཚ་ལ་ཧོང་ལེན་སྨུག་པོ་སྦྱར། །ཁྲག་ཏུ་བརྡོལ་སྲིད་སྲན་མ་སྐྱོར་[སྐྱེར་]བའི་མེ་ཏོག་དང་། །གུར་གུམ་དོམ་མཁྲིས་ཚོས་ཁུ་སྦྱར་བ་སྟེ། །པུས་པ་ལྔ་སྦྱོར་བྱ་བ་དེ་ལ་བཏང་། །ཡང་ནས་[ན་]མགྲོན་[འགྲོན་]བུ་(ལྔ་)བསྲེགས་ཐལ་བ་དང་། །དོམ་མཁྲིས་གུར་གུམ་མཚལ་ཟབ་ཐལ་བ་སྣམས་[རྣམས]། །ཀ་ར་སྦྱར་བའི་མདོངས་ཐལ་ལྔ་པའམ། །རྨ་བྱ་རྦབ་གཟེར་[ཟེར་]བྱ་མཚལ་འགྲོན་བུ་བསྔག་[བསྔགས]། །མངར་[མང་]དུ་གཏར་ཞིང་རོ་སྟོད་ཆུ་ཡིས་བྲན། །ཟས་སྐོམ་བསིལ་བསྟན་[བསྟེན་]སྤྱོད་ལམ་དྲག་ཤུལ་གཟབ། །བུང་ཚང་སྣག་[རྣག་]ཉུང་བསྐམས་པས་སྐོམས་[སྐེམས་]སམ་ལྟར་[བལྟ]། །ཨ་ཀྲོང་ཙན་དན་སྐྱུ་རུ་སྟར་བུ་རུ་རྟ་དང་། །ཅུ་གང་གུར་གུམ་ལི་ཤི་ཤིང་མངར་དང་། །བྱིས་[བྱི་]ཚེར་ཀ་ར་ཨ་ཀྲོང་བཅུ་པ་དང་། །མུ་ཟིའི་ཐལ་བ་ཤ་རུ་སྤེན་ཐལ་དང་། །སྲོ་ལོ་ཨ་ཀྲོང་ཀ་ར་བཟང་[ཟངས་]ཐལ་སྦྱར། །མུ་ཟི་བཟང་[ཟངས་]ཐལ་སྲོ་ལོ་སྤང་རྒྱན་རྣམས། །ཀླད་པའི་སྦྱོར་བས་རྣག་སྐམ་གློ་བ་གསོ། །ག་དོར་གསུམ་དང་དོམ་མཁྲིས་བསྡེབ་པ་ཡི། །ཉི་ཤུ་རྩ་ལྔའི་མི་[མན་]ངག་བསྟན་[བསྟེན་]པར་བྱ། །སྣག་བུ་[རྣག་བུངས་]ཆེ་འོམ་[འམ་]སྐེམས་པས་མ་སྐོམ་[སྐོམ་]ན། །པ་ཡག་རྩ་བར་བུལ་ཐོག་[ཏོག་]ལ་ཆ་འཁར་པོ་ཡི། །སྟར་བུ་པན་ཙ་[པཉྩ་]མན་ངག་ལྡན་པས་དྲགས་[དྲང་]། །མཇུག་ཏུ་རྣག་འདྲེས་འགྲམ་[འགྲམས་]ན་ཤུབ་[ཤུ་]མོ་ཟ་སྨན་ནི། །རྒྱ་སྐག་ཁུ་བ་བུལ་དོག་[ཏོག་]བ་མར་གྱིས། །འབྲི་མོག་རྩི་བསྐུས་ཕུལ་དེ་ཤུ་མི་ཟ། །ར་ཡི་མར་ལ་ལི་ཤི་ཀ་ར་བཏབས་[བཏབ་]ལ་གཏང་། །ཇུ་[ཅུ་]གང་ཨ་ཀྲོང་ཀ་ར་ཨ་རུ་ར། །བོང་ཡར་འོ་མས་རེ་འུའི་[རེའུའི་]གློ་རྒྱངས་ནས་[ན]། །གློ་གསོའ་[གསོ་]ཁྲག་ཏུ་བབས་པ་དེ་ལ་ཕན་ནོ། །ཨ་རུ་ར་དང་དོམ་མཁྲིས་ཤིང་མངར་ཇུ་[ཅུ་]གང་གིས་[དང་]། །ཝ་གློ་འོ་མར་སྦྱར་བ་དེ་བཞིན་ཤེས་[ཤིས]། །ཁྲག་མེད་རྣག་ཏུ་བྱུང་ན་སྟོད་འདྲེན་མཆོག །སྒོང་སྤྲིས་སྦལ་སྒོང་ལྟར་[ལྟ་]བུའི་རྣག་ཡུལ་ཐོན། །དེ་རྗེས་གློ་གསོ་ཁྲག་ཏུ་བྱུང་ན་གཅོད་དགོས་ཏེ། །རྣག་གཞུགས་[གཞུག་]ཅིས་ཀྱང་མ་ཐོན་ཟངས་ཐལ་དང་། །ཁྲ་[ཝ་]དང་སྲིན་བྱའི་གླད་[ཀླད་]པ་མུ་ཟི་དང་། །རམ་ཙི་[རྩི་]པི་པི་ལིང་སྲོ་ལོ་སླད་[སླ་]ངར་སྲེག །སྤེན་ཐལ་ཤ་རུ་སྤང་རྒྱན་ཀ་ར་སྦྱོང་[སྦྱོར]། །ཐོ་རས་[རངས་]གཏོང་ལ་དགོང་མོ་འདི་བདང་སྟེ། །བསེ་རུ་གོ་དོར་དོམ་མཁྲིས་གསུམ་མནན་[བསྣན་]གཏོང་། །རླུང་དང་ལྡན་ན་གོད་མའི་སྨན་བཞག་ལ། །སྲོ་ལོའི་སྨན་མར་བྱེ་[བྲེ་]ཕྱེད་ཨ་རུ་ཉི་ཤུ་ཅིག །པི་པི་ལིང་དང་སྦྱར་ནས་གཏོར་[གཏོང་]བ་ཡིན། །གློ་མང་མི་འགོག་ཇུ་[ཅུ་]གང་ལི་ཤི་ཤིང་མངར་ཀ་ར་དང་། །ཇུ་[ཅུ་]གང་བཞི་པ་འོ་མ་ཡིས་དབུལ་ལ་གཏོང་། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་གློ་ནད་གསོ་བའི་ལེའུ་སྟེ་སུམ་བཅུ་[ཅུ་]སོ་ལྔ་པའོ།།  །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:26 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།