སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་སོ་བཞི་པ། སྙིང་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་སོ་བཞི་པ། སྙིང་ནད་གསོ་བ།

དེ་ནས་ཡང་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། །ཀྱེེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། །དོན་སྣོད་གསོ་བའི་མདོ་གནས་བསྟན་དུ་གསོལ། །དེ་ནས་སྟོན་པས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོལ་བ་འཛིན་པ་རྣམས། །དོན་སྣོད་བྱ་བའི་མདོའ་[མདོ་]གནས་བྱ་བ་ནི། །སྙིང་དང་གློ་བ་མཆིན་མཚེར་མཁལ་མ་ལྔ། །ཕོ་བ་རྒྱུ་མ་ལོང་ཁ་ནད་བརྒྱད་ནི། །རྒྱལ་བློན་འཁོར་གྱིས་ཚུལ་དུ་སོ་སོར་བཅོས། །ཐོག་མར་དོན་གྱི་རྒྱལ་པོ་སྙིང་བཅོས་བསྟན། །རྒྱུ་དང་དབྱེ་བ་རྟགས་དང་བཅོས་ཐབས་བཞིས་བསྟན་ན། །རྒྱུ་ནི་མྱ་ངན་འཁྲུགས་པས་ཡིད་མི་བདེའ་[བདེ]། །ལྟོ་བ་གཉིད་ཆག་ཞེ་སྡང་སེམས་མ་ནོན། །གཉིས་པ་དབྱེ་ན་སྙིང་འཕྱོ་སྙིང་གཟེར་དང་། །སྙིང་ཚད་སྙིང་འཐིབས་སྙིང་སྲིན་དང༌། །སྙིང་ནད་ཁ་ལེ་ནག་པོ་དེ་དང་བདུན། །གསུམ་པ་རྟགས་ན་[ལ་]སྙིང་འཁྱོ་[འཕྱོ་]འོག་[མགོ་]ན་བརྗེད་ངེས་ཆེ། །ཤེས་པ་འཕྱོ་ཞིང་གལ་[དོན་]མེད་སྙིང་མི་དགའ། །རེས་འགའ་མ་དྲི་[དྲིས་]པར་ཡང་རླབ་ཆོལ་[བླ་ཅོལ་]སྨྲ། །རོ་[རེས་]འགའ་དྲིས་པ་གཏམ་གྱི་ལན་མི་འཇོལ་[ལྡོན]། །མི་སྙན་ཚིག་སོགས་ཚེར་བསྔངས་ཁ་ཤུས་འདེབས། །དབུགས་ཐུང་གཉིད་ཆུང་སྙིང་ཉིད་སྟོང་བསྙམ་[སྙམ་]བྱེད། །སྙིང་གཟེར་ནད་ལ་རླུང་གཟེར་ཁྲག་གཟེར་གཉིས། །རླུང་གཟེར་མགོ་འཁོར་སྟོད་རྒྱས་[རྒྱངས་]རྔམ་པ་ཐུང་། །མིག་རྩ་རྒོད་ཅིང་ཁ་ལྕེ་རྩུབ་ལ་སྐམ། །ཁྲག་གཟེར་ལྕེ་སྐམ་ཕུར་པ་བཙུགས་ལྟར་གཟེར། །འབྲི་ཚུགས་ལེགས་ལྟ་རྔམ་རྒོད་ཞེན་པ་འཁུན། །སྙིང་ནད་ཚ་བ་རྒྱས་དང་གྲང་[བྲང་]འཁྱིལ་གཉིས། །རྒྱས་པ་མྱོས་འཐིབ་[འཐིབས་]མྱིག་[མིག་]དམར་རོ་སྟོད་གཟེར། །སྙིང་མཆུའ་[མཆུ་]སྣ་སྐམ་བྲང་རྒྱབ་མེ་བཏང་འདྲ། །ཚ་བ་སྙིང་ལ་འཁྱིལ་ན་ཚ་རྒྱས་བྱེད། །སྙིང་འཕར་ཁྲིའི་[གྲི་ཡི་]གཏུབ་[གཏུབས་]སྙམ་ལྕེ་ཐུང༌བྲོས། །སྙིང་ལ་ཆུ་སེར་བབས་ན་སྨྲ་བ་མང༌། །ཁོང་འདར་གཉིད་ཆུང་སྙིང་བརྡུང་གཡལ་སྟེང་གཡོའ་[སྟོང་གཡོ]། །གླུ་དང་རྒོད་[དགོད་]ལ་དགའ་སྟེ་ཚིགས་[ཚིག་]པ་འཁྲུག་[ཟ]། །སྙིང་འཐིབས་བརྗེད་ངས་སེམས་སྨུགས་[རྨུགས་]ཤེས་པ་ལྗི་[ལྕེ]། །དང་ཁ་མི་བདེ་གཉིད་ཆེ་རྡོ་གཙོང་[བརྫངས་]སེམས། །སྲིན་གྱུར་མིག་མདོག་ནག་ལ་ལྗན་ལྗིན་མང་། །སྙིང་འཕར་མུན་འཐིབས་སོག་ལེས་འབྲད་སྙམ་བྱེད། །ཁ་ནག་རྩ་སྟེན་[སྟོང་]ཚད་པ་ཆེ་བ་ལ། །སྤྲོ་ཐུང་བརྡེག་འདོད་སྨྲ་ཉུང་སྡང་མིག་སྟེ། །མགོ་བོ་ཕྱེད་ན་ན་ངོས་ཁ་ཡོ་འོང་། །བཞི་པ་སྙིང་འཕྱོས་[འཕྱོ་]དེ་ཡི་བཅོས་ཐབས་ནི། །དང་པོ་སྙིང་ལ་དེ་ལྟར་རླུང་ཞུགས་པས། །འབྲས་བུའི་མར་གྱིས་བཟའ་བྱུག་འཇམ་རྩིར་བཏང་། །ཛཱ་ཏི་ཁ་རུ་ཚ་ཡི་སྨན་མར་རམ། །སྐྱེས་པ་དར་མའི་རུས་པའི་ལྷ་རྐང་མར། །འབྲས་བུ་གསུམ་གྱི་མར་བསྲེས་ཞུན་བྱས་ལ། །ཤིང་ཀུན་ཛཱ་ཏི་ཁ་རུ་ཚ་དང་སྒ། །སླེ་ཁྲེས་[ཏྲེས་]གོ་སྙོད་བུར་སྙིང་བཏབ་ལ་བཏུང༌། །ཧ་ལ་ཆ་གཅིག་ཨ་རུ་ར་ལ་བརྒྱད། །གླ་རྩི་རུ་རྟ་ཤིང་ཀུན་ཆུ་དག་དང༌། །ཛཱ་ཏི་གུ་གུལ་རྣམས་ལ་ཐུན་རེ་ལ། །བུ་རམ་སྦྱར་བའི་རིལ་ལུ་[བུ་]བྲིད་ཐབས་བསྟན་[བསྟེན]། །བདུན་དྲུག་སྙིང་སྟོད་ལོགས་ལ་མེ་ཐུར་བཏང་། །བུ་[བུད་]མེད་སྨྲ་བརྗོད་མི་བསྙན་[ཉན་]ཐོག་མེད་སྤང༌། །རླུང་གཟེར་ཛཱ་ཏི་གོ་སྙོད་ཞོ་ཤའི་ཐང༌། །ཕྱེ་མ་དེའི་སྟེང་དུ་རུ་རྟ་ལི་ཤི་དང༌། །ཀ་ཀོ་ལ་དང་ཤིང་ཀུན་བུ་རམ་སྦྱར། །སྙིང་གསང་མདུན་རྒྱབ་གང་གཟེར་མེ་ཡིས་བསྡམ། །ཁྲག་གཟེར་ཞོ་ཤ་སླེ་ཏྲེས་ཨ་རུའི་ཐང༌། །ཕྱེ་མ་ཙན་དན་དཀར་དམར་སྙིང་ཞོ་ཤ།གེ་སེར་[སར་]གཉིས་དང་ཛ་[ཛཱ་]ཏི་ཀ་ར་སྦྱར། །ཨ་སོ་རྩེ་ཆུང་གཏར་ལ་དྲུག་བདུན་བསྲེག །བཅོས་འཕྱིས་སྙིང་ནང་ཁྲག་གིས་གང་ནས་འཆི། །སྙིང་ལ་ཚ་བ་རྒྱས་ན་སྙིང་རྩ་གཏར། །ག་ཕུལ་[པུར་]བདུན་དགུ་ཉི་ཤུ་རྩ་ལྔ་སྦྱར། །ཚ་བ་འཁྱིལ་ན་ག་བུར་སྙིང་ཞོ་ཤ །ཛཱ་ཏི་ཇུ་[ཅུ་]གང་དོམ་མཁྲིས་ཀ་ར་སྦྱར། །ཐང་[ཐོང་]པོའི་ཨ་སོ་ལྕེ་འོག་རྩ་ལ་གཏར། །སྙིང་གི་ཆུ་སེར་(སེ་)འབྲུའི་ཕྱེ་མ་སྦྱར། །དཀར་ནག་མཚམས་དང་བདུད་ཁུང་[སྡུད་སྒོ་]བདུན་པ་བསྲེག །འབྲས་གསུམ་སེང་ལྡིང་[ལྡེང་]མར་གྱིས་ཆུ་སེར་སྐེམ། །བད་ཀན་མ་ཞུ་སྙིང་འཐིབས་སྟོད་འདྲེན་བཏང་། །སེལ་[སེ་]འབྲུ་དབྱི་མོང་ཚ་བ་གསུམ་གྱི་ཐང༌། །རྒྱམ་ཚ་དྲོད་སྨན་ཁ་རུ་ཚ་ཐང་བཏང༌། །ཤུ་དག་རྒྱམ་ཚ་ཤིང་ཀུན་ཁ་རུ་ཚ། །དོང་གྲ་སུག་མི་[སྨེལ་]ཡ་བག་ཤ་[བཀྵ་]ར་དང༌། །ལ་ལ་ཕུད་དང་དྲོད་སྨན་སྦྲང་སྦྱར་བཏང༌། །སྙིང་སྲིན་བྱི་ཏང་ཀ་དང་ཤིང་ཀུན་དང༌། །མེ་[མ་]རུ་ཙེ་དང་སྒོག་སྐྱ་ལང་ཐང་ཙེ། །འཛཱ་[ཛཱ་]ཏི་ཞོ་ཤ་སྤྲུ་མའི་ཁུ་བས་དབུལ། །ཁ་ལེ་ནག་པོ་སྐྱུ་རུ་ར་ཡི་ཐང་། །རྒོད་ཀྱི་ལྟོ་སྟོང་པ་ཡི་ཚ་བ་བཏང་། །ཞོ་ཤ་གསུམ་གྱི་མར་དང་སྦྱར་ཏེ་བཏང་། །འཐེབ་མཛུག་[མཛུབ་]བར་གྱི་སྙིང་གསང་མེ་ཡིས་བསྲེག །ཅེས་གསུངས་སོ།།

གསོ་བྱེད་[བྱའི་]ནད་འབུམ་ནག་པོ་ལས་སྙིང་ནད་གསོ་བའི་སྐབས་ཏེ་[ཀྱི་]ལེའུ་སྟེ་སུམ་བཅུ་[ཅུ་]སོ་བཞི་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།