སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་བདུན་པ། མཆེར་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་སོ་བདུན་པ། མཆེར་ནད་གསོ་བ།

ལེའུ་སོ་བདུན་པ་མཆེར་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མཆེར་ནད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་མཆེར་ནད་ཀྱི། རྒྱུ་རྐྱེན་ལྷན་ཅིག་ཏུ་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་རྣམས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་ལས།

དང་པོ་ནི། རྒྱུ་ནི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང༌། མ་ཞུ་བས་བསྐྱེད་པ་དང༌། བརླན་དང་གྲང་བས་བསྐྱེད་པ་དང༌། དྲག་ཤུལ་གྱིས་བསྐྱེད་པའོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང༌། དབྱེ་ན། མཆེར་ནད་ཚ་བ་དང༌། ཁྲག་སྦོས་དང༌། མཆེར་རླུང༌། མཆེར་པའི་བད་ཀན་དང་བླུག་པ་ལྔའོ། །གསུམ་པ་རྟགས་བཤད་པ་ནི། མཆེར་ནད་ཅེས་རྐང་པ་བཅུས་བསྟན་ཏེ། དེ་ལྟར་མཆེར་ནད་ཚ་བའི་ལྕེ་ཁྲ་བ་ནི་ལྕེ་ལ་སྔོ་ནག་གི་ཁྲག་བྱུང་བའོ། །ཁྲག་སྦོས་ཀྱི་མ་མཆུ་འཕྱང་བ་ནི། མ་མཆུ་མཐུར་དུ་འཕྱང་བའོ། །བླུག་པའི་ཕྱི་ས་ནི་དྲི་ཆེན་ནོ། །བཞི་པ་བཅོས་ཐབས་ཞེས་རྐང་པ་བཅུ་བདུན་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ནས་མཆེར་ཚད་ཀྱི་མཆེར་རྩ་གཏར་བ་ནི། སྲིན་ལག་གི་རྒྱབ་རྩ་དང་ངར་གདོང་རྟ་འཐུར་རོ། །མཆེར་པའི་རླུང་དང་བད་ཀན་གཉིས་ཀའི་བཅུ་གཅིག་ཁ་གསུམ་ནི། ཚིགས་པ་བཅུ་གཅིག་པའི་དབུས་དང༌། གཡས་གཡོན་མཚོན་རེ་འཕྲེད་དུ་བརྩིས་པའི་ཁ་གསུམ་ཡིན་ནོ། །གེ་སར་གསུམ་ནི་ནཱ་ག་གེ་སར་གཉིས་དང༌། པདྨ་གེ་སར་རོ། གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་སོ་བདུན་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 2:26 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།