སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་སོ་བདུན་པ། མཆེར་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་སོ་བདུན་པ། མཆེར་ནད་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལས་[ལ་]སོགས་གསོ་བ་འཛིན་པ་ཀུན། །འཚེར་[མཚེར་]ནད་གསོ་ཐབས་བསྟན་གྱིས་ཡིད་ལ་ཟུངས། །རྒྱུ་རྐྱེན་དབྱེ་བ་རྟགས་དང་བཅོས་ཐབས་རྣམ་པ་བཞི། །རྒྱུ་ནི་མ་ཞུ་གྲང་བས་བད་ཀན་བསྐྱེད། །གཉིས་པ་དབྱེ་ན་མཚེར་ནད་ཚ་བ་ཁྲག་སྦོས་དང༌། །མཚེར་རླུང་མཚེར་པའི་བད་ཀན་བླུགས་[རླུགས་]དང་ལྔ། །མཚེར་ནད་ཚ་བ་ཆང་འཐུང་དྲོས་དུས་སྦོ། །ལྕེ་བཀྲ་མཆུ་དང་དབུགས་རྒད་[རྒོད་]གདོང་པ་སྨུག །རྐང་ལག་སྦྲིང་[སྦྲིད་]ཅིང་གཡོན་གྱི་རྩིབ་ཐུང་གཟེར། །གསུམ་པ་རྟགས་ནི་ཁྲག་སྦོས་དེ་འདྲ་(བཞིན་)མདོག་སྔོའམ་སེར། །ཁོང་ལྕི་སྦོས་འཁྲོག་བྱེད་ཅིང་མ་མཆུ་འཕྱང༌། །མཆེར་རླུང་ལུས་སྐྲངས་སྦོས་འཁྲོག་འཇུ་སྟོབས་ཆུང༌། །སྒྲེག་དང་འོག་རླུང་ཐོན་ན་བདེ་སྙམ་བྱེད། །མཚེར་པའི་བད་ཀན་མཆུ་ལ་བད་ཀན་ཆགས། །གྲངས་[གྲང་]དང་དགོད་[དགོང་]དུས་གཡོན་ངོས་གཟེར་ཅིང་ན། །བླུགས་[རླུགས་]པ་སྦོས་འཁྲོག་དྲི་མ་མི་ཐུབ་འཆོར། །བཞི་པ་བཅོས་ཐབས་མཚེར་ཚད་ལི་ཤི་ཀ་ཀོ་ལ། །སུག་སྨེ་[སྨེལ་]གུར་གུམ་ཏིག་ཏ་གསེར་མེ་ཏོག །སླེ་ཁྲེས་[ཏྲེས་]ཀ་ར་སྦྱར་བའི་ཕྱེ་མ་བསྟེན། །ཀ་ཀོ་ལ་དང་གུར་གུམ་ཨ་རུ་ར། །ཀ་ར་སྦྱར་བཏང་མཚེར་པའི་རྩ་ལ་གཏར། །ཁྲག་སྦོས་ནད་ལ་མ་ནུ་པི་པི་ལིང༌། །སུག་སྨེ་[སྨེལ་]ཤུ་དག་དོང་གྲ་ན་ལེ་ཤམ། །ཁ་རུ་ཚ་དང་ཤིང་ཚ་རྒྱམ་ཚ་དང༌། །བུ་རམ་སྦྲང་[སྦྱར་]བཏང་ངར་གདོང་མཚེར་རྩ་གཏར། །མཆེར་པའི་རླུང་དང་བད་ཀན་གཉིས་ཀ་ལ། །ཤིང་ཀུན་ཁ་རུ་ཚའི་བསྡུས་ཐང་གཏང༌། །ད་ལི་[ལིས་]སུག་སྨེ་[སྨེལ་]ཤིང་ཚ་ཁ་རུ་ཚ། །ཟི་ར་ཚ་བ་གསུམ་དང་བུ་རམ་སྦྱར། །མཚེར་པའི་སྟེང་དང་བཅུ་གཅིག་ཁ་གསུམ་བསྲེག །བླུགས་[རླུགས་]པའི་ནད་ལ་[ཨ་]ཤོ་ཀན་དྷ་[གནྡྷ་]དང༌། །རྒྱམ་ཚ་ཁ་རུ་ཚའི་ཕྱེ་མ་བཏང༌། །བསྲེག་པ་གོང་འདྲེ་[འདྲ་]འཛོ་[མཛོ་]རྟོལ་ཤ་གསར་བཏང་། །ཞེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་དམག་དཔོན་འདྲ་བ་མཚེར་ནད་བཅོས་པའི་ལེའུ་སྟེ་སུམ་བཅུ་[ཅུ་]སོ་བདུན་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།