སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་སོ་དྲུག་པ། མཆིན་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་སོ་དྲུག་པ། མཆིན་ནད་གསོ་བ།

དེ་ནས་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །བཙུན་མོ་འདྲ་བའི་མཆིན་པ་གསོ་བ་བསྟན། །རྒྱུ་དང་དབྱེ་བ་རྟགས་དང་བཅོས་ཐབས་བཞི། །རྒྱུ་ནི་ཚ་སྐྱུར་ཟས་དང་དྲག་ཤུལ་སྐྱེད། །གཉིས་པ་དབྱེ་ན་ལེབ་རྒན་[ལེ་བརྒན་]རྒྱས་དང་ལྡེམ་བུ་དང༌། །དུག་ཐབ་[ཐབས་]ཆུ་ཤོར་རྒུན་དུ་[རྐུན་བུ་]འོར་ལྷུང་དང༌། །ཁ་ལྷུད་[ལུད་]གཞུང་ངེས་[རེངས་]མཆིན་པ་གྲུམ་པོ་དང༌། །མཆིན་ནད་ཧལ་སྐེམས་འཆིན་[མཆིན་]དྲི་དཀར་ནག་དང༌། །གནད་བྱེར་མཆིན་རྩེར་[རྩར་]བྱེར་དང་མཆིན་རླུང་དང་། །མཆིན་རྒུད་རླན་པོ་[གྲང་](གླང་དགུར་གྲང་སྦོས་)བཅོ་བརྒྱད་ལ། །གསུམ་པ་རྟགས་ནི་མཆིན་ནད་ལེབ་རྒན་[ལེ་བརྒན་]རྒྱས་པ་ནི། །མཆིན་སྟེང་རྩིབ་ཐུང་གཡས་གཡོན་སྤོ་[སྦོ་]ཞིང་ན། །ལུས་དང་འཚོགས་[མཚོག་]མ་ལྗི་[ལྕི་]ལ་རོ་སྟོད་གཟེར། །སྟེང་གདོན་[བཏོན་]ཕོག་[རྡིབ་]དྲ་སྙམ་འོག་བཅུག་འབུག་པ་སྙོམ་[སྙམ]། །ཅོག་[ཙོག་]པུར་འདུག་ན་ཐུར་དུ་འཐེན་པ་འདྲ། །ཤ་སེར་མཁལ་རྐེད་མི་བདེ་སྐྱིད་[སྒྱིད་]པ་སྐྱུར། །མཆིན་ནད་ལྡེམ་བུ་ན་བ་མི་ཆོར་[ཚོར་]བར། །གཉིད་མེད་ཁོང་སྙོམ་ལུས་ལྗི་[ལྕི་]ཟ་མི་འདོད། །ཁྲག་བྲོས་ཤ་དང་རུས་པ་བད་ཀན་སོམ་[ཁད་ཀྱིས་སྐམ]། །དུག་ཐབས་མིག་དམར་གདོང་སྔོ་རྩིབ་སྟེང་ཟུག །ཕོ་མཆིན་གང་སྙམ་འཇུ་ཀ་[དཀའ་]འཇུ་དུས་ན། །བྲུན་སྐམ་བོལ་གཡོས་[གཡོ་]མུར་ཁུང་[གོང་]མཐིལ་བཞི་སེར། །གཞུགས་[གཞུག་]ཏུ་མཆིན་པ་རུལ་ནས་དུད་ཁུང་[ཁུར་]འོང་། །ཆུ་ཤོར་ཕོ་ལོང་སྦོས་ལ་སྟོད་གཟེར་བརྫིས་ན་དྲིན་[ཕན]། །རྒལ་རིངས་[སྒལ་རེངས་]མཆིན་པ་འཕྱིངས་[འཕྱོངས་]ཤིང་གཡལ་མི་ཐོན། །ཕོ་མཆིན་སྟོང་སྙམ་དྲས་དྲག་[དྲོས་དྲགས་]སོགས་བ་[སོག་པ་]ན། །རྐུན་བུ་རྐང་པ་གྲང་ལ་རོ་སྟོད་གཟེར། །མིག་གི་ཡ་ཕུག་མི་ཐིག་[ཐེག་]ཉམས་[ཉམ་]ཆུང་ན། །སྟོད་གང་དཔུང་མགོ་གཟེར་ལ་རྐེ་[སྐེ་]རྩ་རེངས། །ཁ་ཟས་ཟོས་ན་བག་རེ་ཕན་སྙམ་བྱེད། །འོར་ལྷུང་གཉིས་ལས་མཆིན་ཁྲག་རྐེད་པར་ལྷུང༌། །རྐེད་པ་འཁོར་ཞིང་ཟུག་གཟེར་ཆེ་བ་ལ། །རྐང་པར་ལྷུང་ན་ལྗི་[དཔྱི་]སྦྲིད་སྐམ་ཁོལ་བྱེད། །རྐེད་པ་ཚ་ལ་ཆུ་རྒྱུས་ན་བར་འོང༌། །ཁ་ལྷུད་[ལུད་]གློ་དང་ཕོ་བར་ལྷུད་[ལུད་]པ་གཉིས། །གློར་ལྷུད་[ལུད་]སྟོད་འཚང་མི་འགྲོག་[མིག་དམར་]མཆིན་འོག་གཟེར། །ཁྲག་ཏུ་ལུ་ལ་སྣ་ཁྲག་སྐམས་[སྐབས་]སུ་འཛག །ཕོ་བར་ལུད་ན་སྡམ་[བསྡམས་]ཤིང་གཟེར་ནས་ནི་[ན]། །དགྱེ་དགུ་མི་ཤེས་ཚ་ཚེ་[ཙེག་]སྒྲེག་པ་འོང༌། །ལྡང་དུབ་ཆེ་ལ་གསུས་པ་ལྟར་མི་མངོན། །གཞུང་རེངས་རྐང་ལག་རིང་[རེངས་]ལ་ལྷུ་ཚིགས་ན། །དགྱེ་དགུ་མི་ཤེས་སྟོད་གཟེར་ལྟག་པར་དགྱེ། །མཆིན་གྲུམ་ནག་པོ་ལུས་ཀུན་བརྡུང་[བརྡུངས་]སྙམ་ན། །རྐང་བཤལ་འགུལ་ན་ལུས་ཚིགས་དགུར་པོར་འགྲོ། །ཧལ་སྐེམ་ལུས་པོ་ཟས་[ཟ་]འདར་གཞོག་[གཞོགས་]གཡས་ལྗི་[ལྕི]། །མི་དང་[མིག་མདངས་]ཆུང་ཞིང་འཛུར་ལ་སྐོམ་དད་ཆེ། །མཆིན་དྲི་དཀར་པོ་ལྷེལ་[ལྷེན་]སྣ་གཡས་གཡོན་ན། །གཉིད་མཐུག་སྐོམ་དད་རྩིབ་ལོགས་གཉིས་ཀ་གཟེར། །མཆིན་དྲི་ནག་པོ་སྲོག་རྩ་སྙིང་མི་བདེ། །ཁོང་པ་སྟོང་སྦོས་ལྷེལ་[ལྷེན་]སྣ་འདྲིལ་ནས་ན། །གནད་མཆིན་རྩ་བྱེར་སྟོད་གཟེར་ཐལ་གོང་ན། །རོ་སྟོད་གང་འཕྲོ་མི་བདེ་རྩེ་ཆུང་རེངས། །གློ་ལུ་དུས་ན་མཆིན་པ་འཕྱོངས་ལ་ཟུག །ཁྱད་སྨུག་སྣ་ཁྲག་འཛག་ལ་ཅི་ཟོས་གནོད། །མཆིན་རླུང་གཡལ་བྱུང་རྗེས་ལ་མཆི་མ་འཛག །ཕོ་མཆིན་འདྲེས་སྙམ་བྱེད་ཅིང་ན་ལ་འཕྱོངས། །གྲང་ན་སྐྱིག་དང་དགོང་མོ་ཟ་ཞིང་གྲང་། (མཆིན་རྒུད་ཟས་ཟོས་རྗེས་ལ་མཆིན་པ་ན། །ཉམ་ཆུང་ཆུ་དྲོན་སྐྱུག་ལ་གཡལ་མི་ཕྱིན། །མཆིན་པ་རླན་གྲང་པུས་མོ་གྲང་ཞིང་ཟ།) །སྟོད་གོང་[གང་]གློ་སྐམ་ལུ་ཞིང་དགྱེ་དགུ་དཀའ། །གླང་དགུར་[དགུར་]ལུས་སྐྲངས་བྱེད་[བྱད་]སྦོས་ལྕེ་མཆུ་སྐྱ། །མགོ་འཁོར་སྐྲ་སྨིན་ཟ་ལ་སྣ་ཤུ་འབྱུང༌། །གྲང་སྦོས་ཁོང་པ་སྦོས་ལ་ཤ་གསུབ་[སྲུབས་]སྐྲངས། །བཞི་པ་བཅོས་ཐབས་མཆིན་ནད་ལེབ་རྒན་[ལེ་བརྒན་]ལ། །གྷི་ཝང་སྐྱུ་རུ་ར་དང་བ་ཤ་ཀ །འབྲས་བུ་གསུམ་གྱི་ཕྱེ་མ་ཐང་བཏང་ནས། །དོང་ཁ་དུར་བྱིད་ཧུང་[ཧོང་]ལེན་ཁྲོན་བུ་དང་། །ཐར་ནུ་རེ་ལྗག་[ལྕག་]སྐྱེར་པ་ཨ་རུ་ར། །ར་ས་ཡ་ནའི་བཤལ་བཏང་རུ་ཐུང་གཏར། །མཁྲིས་ཆེན་དོམ་མཁྲིས་བྲག་ཞུན་མར་གསར་དང་། །མཁྲིས་ཆེན་སྦྱོར་བ་རྒུན་འབྲུམ་ཐང་གིས་དབུལ། །ཚ་བ་ཆེན་[ཆེ་]ན་ག་པུར་བདུན་པ་སྦྱར། །ཉལ་བའི་སྔས་སྨད་ཁ་ཟས་བསིལ་དུ་བསྟེན། །མཆིན་ནད་ལྡེམ་བུ་ཨ་རུའི་ཐང་ཁྲུས་ནི། །འབྲས་བུ་གསུམ་དང་སླེ་ཁྲེས་[ཏྲེས་]ཏིད་ཏ་དང་། །བོང་ང་ཧུང་[ཧོང་]ལེན་ལྕིམ་[ལྕུམ་]རྩ་དུར་བྱིད་དོང་ཁས་སྦྱང་། །ཨ་རུ་ར་དང་བུ་རམ་ཅུ་གང་དང་། །གུར་གུམ་ཤིང་མངར་སུག་སྨེ་[སྨེལ་]ལྕགས་ཕྱེ་སྦྱར། །གཡུང་[གཡུ་]རྙིང་ཅུར་ནིས་དེ་དང་བྲག་ཞུན་དང་། །གུར་ཀུམ་བ་ལེ་ཨ་རུ་བ་རུ་ར། །པྲི་ཡང་ཀུ་དང་ཀ་ར་བྲག་ཞུན་ལྔ་ཞེས་སྦྱར། །དུག་ཐབས་ལྟོ་བཀུག་གསེར་ཕུད་སྐྱུགས་ཀྱིས་དྲང༌། །གཡུ་རྙིང་བདུན་པའི་ཐང་གིས་དབུལ་བ་སྟེ། །གུར་གུམ་ལི་ཤི་ཨུད་དཔལ་[ཨུཏྤལ་]གེ་སར་གསུམ། །སྙིང་[སྙི་]བའི་མེ་ཏོག་སེང་ལྡིང་[ལྡེང་]སུམ་ཏིག་ཤིང་ཚ་སྦྱར། །རྗེས་གཅོད་གྷི་ཝང་བརྒྱད་པ་འོས་འཕུལ་ཏེ། །ཙན་དན་གཉིས་དང་སྔོན་བུ་རེ་རལ་བཅད་འབྱོར་གཉིས་མཚལ། །མཆིན་པ་ཆུ་ཤོར་ར་གསུམ་བ་ལེའི་ཐང༌། །དུག་མོ་ཉུང་ཧུང་[ཧོང་]ལེན་ལྕིམ་[ལྕུམ་]རྩ་དོང་ཁ་དང་། །དུར་བྱིད་ག་པུར་ལི་ཤིང་[ཤི་]ཙན་དན་རྒུན། །དེ་བཏང་རུ་ཐུང་མཆིན་མཁྲིས་འདོམ་རྩ་གཏར། གློ་དང་སྡོང་ན་ཅུ་གང་འདི་[འདེ་]གུ་ལ། །ཆུ་ཤོར་ཤིང་ཚ་སུག་སྨེ་[སྨེལ་]པི་ལིང་བསྣན། །རྗེས་ལ་ཚིགས་པ་ལྔ་དང་དགུ་པ་བསྲེག །མཆིན་ནད་རྐུན་བུ་ཨ་སོ་གཉིས་པོ་གཏར། །བ་ལེ་ཀ་དང་སླེ་ཁྲེས་[ཏྲེས་]ཨ་རུ་ར། །རྒུན་འབྲུམ་བོང་ང་ཧུང་[ཧོང་]ལེན་ཏིག་ཏ་དང་། །དུག་ཉུང་ཁྱི་ལྕེ་དུར་བྱིད་ཁྲོན་བུ་དང་། །དེའི་བཤལ་བཏང་ལ་རྗེས་སུ་ཕྲན་བུ་གཏར། །མཆིན་པ་འོར་དུ་ལྷུང་བ་གཉིས་ཀ་ལ། །འབྲས་བུ་གསུམ་བཤལ་བཏང་བྱིན་ལོང་གཏར། །དམར་གསུམ་ཕྱེ་མ་དར་ཡ་ཀན་ཐང་བཏང་། །མི་དང་དོམ་མཁྲིས་བྲག་ཞུན་གསུམ་བསྣན་བསྟེན། །མཆིན་ཁྲག་གློར་ལྷུད་[ལུད་]བ་ལེ་ཀ་ཡིས་བཀྲུ། །གློ་རྩ་རུ་ཐུང་གཏར་ལ་བསིལ་སྨན་བཏང༌། །ཕོ་བར་ལྷུད་[ལུད་]ན་རུ་ཐུང་མཆིན་མཁྲིས་གཏར། །ར་གསུམ་བཤལ་དང་བ་ལེ་ཀ་ཐང་བཏང༌། །མཆིན་པ་གཞུང་རེངས་ཨ་རུའི་ཁུ་བཏོན་ལ། །དུར་ལྕགས་ཐང་ནི་བསྐོལ་གྲངས་མང་དུ་བཏང་། །རུ་ཐུང་དྲུག་མགོ་ཕོ་གདོང་[གདུང་]གཏར་བ་ཡིན། །བྱི་[བྱ་]བྲུན་སྦང་སྐམ་དུགས་ཀྱིས་བཤལ་[བཤུལ་]རྒྱུད་བདུག །བ་ལེ་ཀ་དང་བྲག་ཞུན་སྦྱར་ལ་གཏང་། །མཆིན་བྲུམ་[གྲུམ་]ནག་པོ་འབྲས་བུ་གསུམ་ཐང་བཏང༌། །དངུལ་[རྔུལ་]དབྱུང་རྩི་[རྩེ་]ཆུང་གཏར་ཞིང་སྔོན་བུས་སྦྱང་། །མར་གསར་སྲོ་[སོ་]མ་ར་དང་ཨ་རུ་དང་། །བུ་རམ་ཅུ་གང་གུར་གུམ་སུག་སྨེ་[སྨེལ་]དང་། །ཤིང་མངར་ལྕགས་ཕྱེ་སྦྲང་གི་འདི་[འདེ་]གུ་བཏང་། །རྗེས་ལ་ཤ་སྲུབ་[སྲུབས་]ཚིག་[ཚིགས་]མིག་གར་བབས་བསྲེག །མཆིན་ནད་ཧལ་སྐེམ་ཨ་བྷི་ཤ་[ཥ་]དང་ནི། །པར་པ་རྟ་[ཏ་]དང་ཁྱི་ལྕེའི་གྲང་ཐང་བཏང་། །སྔོན་བུའི་བཤལ་བཏང་རུ་ཐུང་ཕྲན་བུ་གཏར། །རླངས་ལུམས་རྗེས་ལ་མར་བསྟེན་དགུ་པ་བསྲེག །མཆིན་དྲི་དཀར་པོ་མཆིན་འཁྲིས་[མཁྲིས་]འདོམ་རྩ་གཏར། །བ་ལེ་ཀ་དང་ཁྱི་ལྕེའི་གྲང་ཐང་བཏང༌། །གུར་གུམ་བརྒྱད་པའི་འདེ་དགུ་[གུ་]སྦྱར་བར་བྱ། །མཆིན་དྲི་ནག་པོ་བྲག་ཞུན་རམ་ཉེ་དང་། །ཉེ་ཤིང་སྤོས་[སྤང་]སྤོས་རྡོག་[རྡོ་]དྲེག་ཐང་བཏང་ལ། །རུ་ཐུང་གཏར་ལ་ཚ་ཆོག་[ཚོགས་]བརྒྱད་པ་བསྲེག །གནད་མཆིན་རྩར་བྱེར་རུ་ཐུང་རྩེ་ཆུང་གཏར། །འདོམ་རྩ་ཨོ་[ཨ་]སོ་བྱིན་གཞུག་ལོང་རྩ་གཏར། །བ་ལེ་ཀ་ཡི་ཐང་བཏང་འབྲས་བུ་གསུམ་གྱིས་སྦྱོང་། །སྤྱིར་ན་མཆིན་ནད་ཚ་བ་དེ་རྣམས་ལ། །ཁ་ཟས་བསིལ་བསྟེན་རུལ་སྐྱུར་དྲོད་བག་སྤང༌། །ཚ་བ་ཆུང་[ཆོམས་]ནས་གསར་བཅུད་དྲོད་ལ་དབབ། །རྗེས་ལ་ཚོག་[ཚིགས་]པ་བརྒྱད་དགུ་གར་བབས་བསྲེག །མཆིན་རླུང་ཚ་གསུམ་རྒྱམ་ཚ་ཤིང་ཀུན་རྣམས། །ཐོང་ཚར་[ཚེར་]མཆིན་པ་ན་ལ་བསྟན་[བསྟེན་]པར་བྱ། །ཚ་གསུམ་ཤིང་ཀུན་རྒྱ་ཚ་ཁ་རུ་ཚ། །སྣ་ཚོགས་ཙམ་བྱས་ཏིང་ཁྲོལ་བུ་རམ་མར། །སྤོད་བྲན་རིལ་བུ་བྱས་ནས་ནངས་པར་མུར། །ར་གསུམ་མར་སྦྱར་དགུ་པ་ཁ་གསུམ་བསྲེག །མཆིན་རྒྱུད་[རྒུད་]དེ་སྟེང་ད་ལི་[ལིས་]སེ་འབྲུ་སྦྱར། །ཨ་རུ་འབྲི་རྒང་[རྐང་]གཟེ་མའི་སྨན་མར་སྦྱར། །མཆིན་ནད་རླན་གྲངས་[གྲང་]བཅོས་ཐབས་དེ་དང་འདྲ། །མཆིན་གསང་དགུ་པ་མེ་ཡིས་བསྡོམ་པ་ཡིན། །མཆིན་གླང་ནད་ལ་འབྲས་བུའི་རྒྱུན་བཤལ་བཏང༌། །སེལ་[སེ་]འབྲུ་ལྔ་དང་ཚ་བ་གསུམ་ལ་སོགས། །ཤ་རུ་འགྲོན་བུ་དུར་ཐོད་ཐལ་བ་སྦྱར། །ཁ་ཟས་བསིལ་བརྟེན་[བསྟེན་]རྗེས་ལ་མེ་ཡིས་བསྲེག །མཆིན་པ་གྲང་སྦོས་ད་ལི་[ལིས་]བདུན་དང་སེལ་[སེ་]འབྲུ་བརྒྱད་པ་སྦྱར། །ལྔ་དང་དྲུག་པ་ལྷོལ་[ལྷེན་]སྣ་ཁ་གསུམ་བསྲེག །དེ་ལྟར་མཆིན་ནད་གྲང་བའི་རིགས་ཀུན་དྲོད་ཀྱིས་བཅོས། །ཤ་མར་གསར་འཇམ་མི་གནོད་བཅུད་ལྡན་བསྟེན། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་མཆིན་ནད་གསོ་བའི་ལེའུ་སྟེ་སུམ་བཅུ་[ཅུ་]སོ་དྲུག་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:26 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།