སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་སུམ་ཅུ་པ། རྒྱུད་ཀྱི་ཆེ་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2023
སྨན་འབུམ་དཀར་པོ། >>




ལེའུ་སུམ་ཅུ་པ། རྒྱུད་ཀྱི་ཆེ་བ་བསྟན་པ།

དེ་ནས་ཡང་གསོའ་(གསོ་)བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེའ་(ཀྱེ་)མཚོ་(འཚོ་)མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། ལྔ་བརྒྱའི་བསོད་ནམས་མར་མར་འགྲིམ་པའི་དུས།། དུག་ལྔས་དབང་པོ་འདུ་བའི་ནད་རྣམས་དར།། ལེ་ལོའི་དབང་གིས་གསོའ་(གསོ་)བའི་རིག་པ་བླུན།། གསོའ་(གསོ་)བྱེད་རྒྱུད་འདི་ཡིད་བཞིན་ནོར་བུ་འདྲ།། དང་པོ་འདུ་བའི་ནད་ཞུག་(ཞུགས་)ཕོག་མ་ཐག གསོའ་(གསོ་)བར་བྱས་ནས་(ན་)འཕྲལ་དུ་ན་སེལ་ཏེ།། ལེ་ལོ་དབང་གིས་གཉེན་པོ་མ་བསྙག་(བསྙེག་)པས།། འདུ་བའི་སྟོབས་རྒྱས་དུས་ནས་(ན་)གཉེན་པོ་སྡུག(རྡུག)། ཐ་མར་འདུ་བ་དོན་ལ་བབ་པའི་དུས།། ཡན་ལག་བཅུ་གཉིས་ལྡན་ཡང་འཚོ་བ་དཀའ།། ནད་ལ་མི་སྨན་སྲོག་ཟད་ཀུམ་སྟེ་འཆི།། དེ་ལྟར་གྱུར་ནས་(ན་)གསོའ་(གསོ་)ཐབས་ཅིག་(ཅི་)ཞིག་བྱ།། རྒྱུད་འདི་ངེས་པར་ཟབ་པར་རྟོགས་ལགས་ཏེ།། མ་འོངས་དུས་ལ་གསོའ་(གསོ་)རིག་འཛིན་པ་ཡི།། འཕགས་པའི་གང་ཟག་འོང་ངམ་མི་འོང་ལགས།། རྒྱུད་འདི་དུས་མཐར་འགྲོ་ལ་ཅི་ཙམ་སྨན།། འཚོ་མཛོད་སྨན་པའི་རྒྱལ་པོས་བསྟན་དུ་གསོལ།། དེ་སྐད་ཞུས་ཏེ་སྟོན་པས་བཀའ་སྩལ་(བསྩལ་)པ།། དཔྱད་བུ་ལ་སོགས་གསོ་བ་རིག་པ་ཀུན།། དེ་བཞིན་ཞུས་པའི་རྟོག་པ་མི་དགོས་ཏེ།། སྤྱི་ནས་(ན་)ནད་ལ་བཞི་བརྒྱ་རྩ་བཞི་གྲགས།། བརྒྱ་དང་རྩ་གཅིག་འཐོར་བུ་འཕྲལ་ནད་རྣམས།། མ་བཅོས་རང་སར་བཞག་པས་འཚོ་བ་ཡོད།། དེ་ཡང་བཅོས་ནས་(ན་)སྔ་བར་ཕན་པ་ནི།། འདམས་(འདམ་)ཟུག་སྐྱེས་བུའི་ལགས་(ལག་)ན་(ནས་)འཐེན་པ་འདྲ།། མཁའ་ལ་སྤྲིན་འཐིབས་སངས་ནས་ཉི་གསལ་འདྲ།། བརྒྱ་དང་རྩ་གཅིག་ཀུན་བརྟགས་གདོན་(ནད་)ཡིན།། གདོན་བཅོས་རིམ་འགྲོས་(གྲོ་)སྨན་མེད་ཕལ་ཆེ་འཚོ།། གདོན་བཅོས་མེད་ན་སྨན་དཔྱོད་(དཔྱད་)མི་ལེན་བྱེད།། དཔེར་ན་མདའ་ཚབ་གཞུ་ལ་བཙལ་བ་འདྲ།། བརྒྱ་དང་གཅིག་ནི་ཡོངས་གྲུབ་འདུ་བའི་ནད།། བཅོས་ནི་(ན་)མི་འཆི་མ་བཅོས་འཆི་བ་སྟེ།། འདི་ལ་དང་པོ་བར་མ་ཐར་(ཐ་)མ་གསུམ།། དང་པོ་ཚ་བ་གསར་པའི་དུས་ཙམ་ལ།། གཉེན་པོའི་གྲོགས་མེད་ལམ་དུ་ལྡོག་པ་ཡོད།། གཉེན་པོའི་སྨན་ཡང་མ་སྨིན་ལེན་(པར)འགྱུར།། བར་དུ་རྒྱས་ཀྱང་གཉེན་པོས་ཐུབ་སྐ་(དཀའ་)ཡང་(བས)།། དཔེར་ན་ཤ་(ཤྭ་)རྒྱུག་གདོང་དུ་ར་(རགས་)བརྩེགས་(བརྩིགས་)ཀྱང་།། སྔ་མ་ཁྱེར་ཡང་ཕྱི་མ་ནན་བསྐྱེད་པས།། ཆུ་ཤུགས་ཟད་ནས་རག་(རགས་)ཀྱིས་ཐུབ་པ་བཞིན།། དང་པོ་ཚ་བ་མ་སྨིན་སྨན་ནུས་ཁྱེར།། བར་དུ་སྐབས་སུ་བབས་པས་ཐུབ་པ་འདྲ།། ཐ་མ་ཐེབས་གཅིག་གཉེན་པོས་མ་ཐུབ་ཀྱང་།། ཡང་ཡང་བསྣན་པས་མི་ཐུབ་སྲིད་པ་མིན།། གཉིས་པ་གྲང་བ་སྟོབས་རྒྱས་གཉེན་པོས་འདུལ་བ་དཀའ།། རྫོང་དང་བཅས་པ་བཙན་པོའི་ཆ་ལུགས་ལ།། གོ་མཚོན་དམག་དང་བཅས་པའི་དཔུང་བསོགས་ནས།། ཡུལ་རིང་སྒྱོག་(སྒྱོགས་)ཀྱིས་གཏོར་ནས་ཐུབ་པ་བཞིན།། བད་ཀན་གྲང་ནད་ཅན་ནི་ཡུན་གྱིས་བཅོས།། བརྒྱ་དང་རྩ་གཅིག་གཞན་དབང་སྔོན་ལས་ནས(ནད)།། བཅོས་ཀྱང་མི་ཕན་དུས་སླེབས་འཆི་བ་སྟེ།། འདུ་བས་སྲོག་གཅོད་ནད་དགུ་འདུས་པ་ཡིན།། གསུམ་པ་འཚོ་འཆི་བར་གྱི་ཐོབ་ཤ་ནི།། ཚ་བ་ལ་ལས་འདས་དང་མ་འདས་གཉིས།། དཔེ་ནས་(ནི་)མེ་ལོང་མེ་ནང་བཅུག་པ་དེ།། ཆུ་ཡིས་སླེབས་ནས་(ན་)མི་འཇུ་མ་སླེབས་འཇུ།། ཚ་བ་དོན་ལ་སོང་དང་མ་སོང་གཉིས།། མ་སོང་སྨན་གྱིས་སླེབས་ནས་འཚོ་བ་སྟེ།། སོང་ནས་མི་ལྡོག་ནམ་ཡང་སྨན་དུས་ཕྱི།། གྲང་བ་གཏིང་ནས་མཁར་(འཁར་)དང་མ་མཁར་(འཁར་)གཉིས།། དཔེར་ན་ལྕགས་དང་རླན་དང་བཙའ་དང་འདྲ།། དང་པོ་ཕྱི་སླ་ཐ་མ་སྲོག་(ནི་)གཅོད།། རླུང་ནད་སྲོག་རྟེན་ཆད་དང་མ་ཆད་གཉིས།། དཔེར་ན་ཁང་པ་ནང་གི་བྱ་དང་འདྲ།། མ་ཤོར་ཟིན་ལ་ཤོར་ནས་ཟིན་པ་བྲལ།། འཚོ་བའི་ཚེ་ལ་སྲོགས་(སྲོག་)དཔྱད་ཐབས་རྡུག་(བརྡུགས་)པས།། རླན་དང་བྲལ་བའི་ནམ་གཞུག་སྦྲང་མ་འདྲ།། རང་ལ་འབྱུང་བ་འདུ་བ་འཁྲུག་(འཁྲུགས་)པའི་ནད།། སྐེ་ལ་སྐྱེས་པ་ཤ་ཡི་ལྦ་བ་འདྲ།། བདུད་དུ་ཐུ་བ་ཚ་གྲང་འདུས་པའི་ནད།། གཅིག་བཅོས་གཅིག་ལོག་སྲང་གི་མགོ་གཞུག་འདྲ།། འདུ་བ་སྟོབས་རྒྱས་གཉེན་པོས་འདུལ་རྐ་(དཀའ་)བས།། བློ་ཐག་ཆོད་ལ་གྲོས་བཏབ་བཤོལ་སྐ་(དཀའ་)འདྲའ(འདྲ)།། རྒྱུ་རྐྱེན་དུས་མཚུངས་འདུ་བའི་ནད་ཕོག་པ།། ཡིད་མེད་མི་ལ་བཙན་དུག་བླུད་དང་འདྲ།། གནད་དུ་བབ་ན་སྲོག་ལ་ཟ་བ་ཡིན།། སྡོང་པ་(པོ་)སྲ་ལ་ཤིང་གི་འབུ་ཞུགས་འདྲ།། དུས་ཀྱི་བདུད་ལ་ཤོལ་འདེབས་མི་སྲིད་པ།། འཁོར་ལ་སྒྱུར་བ་བར་སྣང་རླུང་དང་འདྲ།། གསོ་བའི་དུས་བྱུང་ནད་ལ་འཇུག་ལགས་ཀྱང་།། བར་ཆོད་འདུ་བའི་ནད་འཇོམས་གཉེན་པོ་ཡིན།། འགྲོ་བ་ཕལ་ཆེར་བར་ཆེད་(ཆད་)བདུད་སེལ་ཕྱིར།། གནས་སྐབས་ཚེ་དང་འདིས་ཕན་གདག་(གདགས་)དོན་དུ་བསྟན།། མཐར་ཐུག་ཕན་གདག་(གདགས་)རྒྱུ་ཙམ་མ་ཡིན་གཏོག་ལེན།། དཔྱད་བུ་ལས་(ལ་)སོགས་ཐེ་ཚོམ་སྐྱེ་མི་འཚལ།། གསོའ་(གསོ་)བ་བྱས་དང་མི་བྱས་མི་མཉམ་པ།། ལྗོན་པ་ལང་ཡུར་སོང་འདྲ།། འཚོ་འཆི་ཀུན་ལ་སྨན་ཡོད་མ་ཡིན་ཏེ།། ཀུན་ལ་མེད་དོ་སྨྲ་བ་དེ་མ་ཡིན།། དུས་ཀྱི་བདུད་ཆེན་མ་གཏོག་(གཏོགས་)དུས་མེན་(མིན་)བཟློག། ནད་ལ་གཉེན་པོ་མེད་ཟེར་དེ་ཡང་མིན།། སྐོམ་པ་ཆུ་ཡིས་སེལ་བ་མངོན་འབྱུང་འདྲ།། གདོན་ཅན་ནད་ལ་སྣང་གཤེད་སྡོང་ཚོལ་བ།། དཔུང་རོག་(རོགས་)གཞོན་ནས་(ནུ་)བཙལ་ནད་(ནས་་)དགྲ་འདུལ་འདྲ།། གསོའ་(གསོ་)བ་འདི་ཡི་རིག་པ་སོ་ཁ་འདྲ།། འདུ་བ་འཚོ་འཆི་འདི་ཡི་(ཡིས་)མི་མཐོང་མེད།། དེ་ཕྱིར་དམིགས་པ་དངོས་སྣང་ཐེ་ཚོམ་མེད།། ཅེས་གསུངས་སོ།། དེ་ལ་དཔྱད་བུས་འདི་སྐད་སྨྲས་ཏེ་གསོལ་པ། ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། དེ་ལྟར་གསོའ་(གསོ་)བ་ངེས་པར་སྣང་བ་ནས(ན)།། གསང་བ་རིག་པའི་རྒྱུད་འདིའི་རྒྱུ་འབྲས་ཀྱང་།། ཐེག་པ་མཐོ་དམན་གང་དང་གང་ལ་གཏོགས།། འདུ་བའི་ནད་དང་གཉེན་པོའི་སྨན་གཉིན་(གཉིས་)ཀྱང་།། འབྲེལ་བ་ཡོད་དམ་མེད་པ་ཅི་ལྟར་ཡིན།། འདི་ལ་མ་ཚང་གསོ་དཔྱད་ཡོད་དམ་མེད།། རྒྱུ་འདིའི་བསྟན་པ་ཡུན་དུ་ཙི་(ཇི་)ཙམ་གནས།། འཚོ་མཛད་ཆེན་པོས་བདག་ལ་བཀའ་སྩོལ་ཅིག། དེ་སྐད་ཞུས་ཏེ་སྟོན་པས་བཀའ་སྩལ་(བསྩལ་)པ།། དཔྱད་བུ་ལས་(ལ་)སོགས་གསོ་བ་འཛིན་པ་ཀུན།། རྒྱུད་འདིའི་རྒྱུ་འབྲས་གཉིས་ཀ་ཐེག་པར་གཏོགས།། རིག་པའི་གནས་ལྔའི་གཅིག་ཡིན་ཕྱ་(ཕྱྭ་)གཤེན་ཏེ།། དགེ་རྩ་བསོད་ནམས་ཆེ་བས་དགེ་བསྙེན་ཡིན།། རྒྱུ་འབྲས་གཉིས་ལྡན་བླ་མེད་ཐེག་པ་མཚུངས།། འདུ་(འདུལ་)པ་གཉེན་པོ་གཉིས་ཀྱི་རྒྱུ་འབྲས་འདི།། རྩ་བ་གཅིག་ལས་འབྱུང་བས་རྒྱུ་མཐུན་ཏེ།། འཁོར་དང་མྱང་འདས་འདུ་བ་གསོལ་(གསོ་)ཐབས་སོག(སོགས)།། ཀུན་གཞིའི་རྣམས་རྒ་ཤེས་(རྣམ་ཤེས་)ཅག་(ཤིག་)ལས་མ་བྱུང་མེད།། དེས་ན་ལྕགས་ཀྱི་གཉེན་པོར་ལྕགས་འབྱུང་བཞིན།། རང་ལ་འབྱུང་བའི་འདུ་བ་རང་གིས་སེལ།། འགྲོ་བའི་ལས་དང་གསོ་བྱའི་ནད་དང་བདུད།། གསོ་བྱེད་སྨན་དང་གསོའ་(གསོ་)ཐབས་ཐབས་ལ་སོགས།། འབྱུང་བ་ལྔ་ལས་མ་བྱུང་གཅིག་ཀྱང་མེད།། གསོ་བྱེད་རིག་པ་མངོན་རྫོགས་ཐབས་ཡིན་པས།། དེ་དང་དེ་ལས་འབྱུང་བ་ཀུན་འབྲེལ་བས།། དཔེར་ན་སྒྱུ་འཕྲུལ་དྲ་བའི་མིག་དང་འདྲ།། འཁོར་འདས་གཉིས་ནས་རྒྱུ་འབྲས་མཐུན་པར་འབྲེལ།། སྣོད་བཅུད་གཉིས་ནས་ཕྱི་ནང་འབྱུང་བར་འབྲེལ།། ཡུལ་སེམས་གཉིས་ནས་བདག་བྱས་གཞན་བྱེད་འབྲེལ།། ལུས་སེམས་གཉིས་ནིབརྟེན་བྱ་རྟེན་བྱེད་འབྲེལ།། ལུས་དང་ནད་གཉིས་བདག་ལས་རང་འབྱུང་འབྲེལ།། གནོད་བྱ་གནོད་བྱེད་སེམས་དང་རྟག་པར་འབྲེལ།། གསོའ་(གསོ་)བྱ་གསོའ་(གསོ་)བྱེད་བསོད་ནས་(ནམས་)ལས་ཀྱིས་འབྲེལ།། མི་ཤེས་ཤེས་པ་ཐོབ་བསལ་(ཐོས་བསམ་)ཐབས་སུ་འབྲེལ།། ཐབས་ལས་འབྱུང་བས་འདུ་བ་སེལ་བར་འབྲེལ།། འདུ་བ་གྲོལ་བས་སེམས་ངོས་བདེ་བས་འབྲེལ།། བདེ་བ་མང་འབྱུང་བསོད་ནམས་ཚོགས་སུ་འབྲེལ།། བསོད་ནམས་ལས་འབྱུང་ཡེ་ཤེས་སྟོབས་སུ་འབྲེལ།། ཡེ་ཤེས་ངོ་བོ་ཐིག་ལེ་ཉག་གཅིག་སྟེ།། བོན་རྣམས་བསྐྱལ་པ་ཐིག་ལེ་ཉག་ཅིག་ཡིན།། འདི་ལ་མ་ཚངས་(ཚང་)གསོ་དཔྱད་ཡོད་པ་མིན།། འདི་ལས་མ་བྱུང་གསོ་དཔྱོད་(དཔྱད་)ཐབས་མེད་དེ།། དཔེར་ན་གདུགས་ཀྱི་ནོར་བུའི་ཏོག་དང་འདྲ།། ལྷ་ཀླུ་མི་ཡི་ཡུལ་དུ་རྒྱུད་འདི་ཀུན་དུ་གྲགས།། ལྷ་ཡི་འཁོར་ལ་གསོ་ཐབས་སྨན་འབུམ་བསྟན།། ཀླུ་ཡི་ཡུལ་དུ་གསོ་བྱའི་ནད་འབུམ་བསྟན།། མི་ཡི་ཡུལ་དུ་གསོ་ཐབས་དཔྱད་འབུམ་བསྟན།། རྒྱུད་གསུམ་འདུས་པའི་མདོ་འབུམ་རྩ་བ་འདི།། དཔྱད་བུ་ལ་སོགས་རིག་པ་འཛིན་པ་ཀུན།། འཛམ་བུའི་གླིང་འདིར་ཀུན་ལ་ཕན་གདག་(གདགས་)ཕྱིར།། རྒྱུད་འདི་བསྟན་པས་དུས་མཐར་གནས་པ་སྟེ།། གཡུང་དྲུང་སེམས་དཔའ་རིགས་ཀྱིས་ལོ་ཙཱ་བསྒྱུར།། གང་ཟག་གཞན་ཕན་ཅན་གྱི་འགྲོ་དོན་བྱེད།། ཕན་པ་འདོད་ཕྱིར་ཀུན་གྱིས་མ་བཏང་འཛིན།། ཐུགས་རྗ་(རྗེ་)དཔེ་གྲག་(གྲགས་)ནུས་མཐུ་ཟད་མེད་འབྱུང་།། དེ་ཕྱིར་ངེས་ཤེས་བློ་ལ་ཞེན་པར་བཟུངས་(བཟུང་)།། ཞེས་གསུངས་སོ།།

སྡུག་བསྔལ་ཞི་བྱེད་གསོ་བ་སྨན་འབུམ་དཀར་པོ་ལས་རྒྱུད་ཀྱི་ཆེ་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་(སུམ་ཅུ་)པའོ།། །།



 

མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 10:14 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།