སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་སུམ་ཅུ་པ། གསོ་ཐབས་དངོས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.05.2023
དཔྱད་འབུམ་ཁྲ་བོ། >>



 ལེའུ་སུམ་ཅུ་པ། གསོ་ཐབས་དངོས་བསྟན་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་འདི་སྐད་གསུངས།དཔྱད་བུ་ལ་སོགས་གསོ་བ་འཇིག་(འཛིན་)པ་ཀུན། །ཁྱད་པར་ཉེས་གསུམ་སོ་སོར་བཅོས་པ་ནི། །

ཟུང་ཟད་རླུང་ལ་ཏིལ་མར་མཆོག་ཡིན་ཏེ། །བུ་རམ་ཆང་དང་མར་སྙིང་(རྙིང་)ལུག་ཤ་ཡིབ། །འཕྱི་བ་རྟ་བང་(བོང་)མི་ཤ་སྒོག་རྕོང་(བཙོང་)སོགས། །ལྕི་སྣུམ་འཇམ་དྲོའི་ཟས་ཀྱིས་བཅོས་པར་བྱ། །སྤྱོད་ལམ་མུན་ཁུང་དྲོ་བའི་གནས་སུ་བསྡད། །ཡིད་འོང་ཚིག་སྙན་གཉིད་ལོག་གོས་དྲོན་བསྐོན། །སྨན་དུ་རུས་བཅུ་(བཅུད་)གསུམ་གྱི་ཁུ་བ་དང༌། །ལུག་མགོ་རྙིང་པའི་མགོ་འཁྲོལ་སྦྱོར་བར་བྱ། །བཅུད་བཞིའི་ཐང་དང་ཤིང་ཀུན་གསུམ་ཐང་བཏང༌། །ཕྱེ་མ་འཛའ་(ཛཱ་)ཏི་ཤིང་ཀུན་ཅུར་ནས་(ནིས་)བསྟེན། །དཀར་འདོན་ཤ་འདོན་སྐྱུར་འདོན་སྒོག་འདོད་ན་(འདོན་)སྦྱར། །འཛའ་(ཛཱ་)ཏི་སྒོག་སྐྱ་བཙན་དུག་རུས་ཆེན་དང༌། །འབྲས་བུ་གསུམ་དང་རྩ་ལྔའི་སྨན་མར་སྦྱར། །མདར་(མདོར་)ན་མདང་(མངར་)སྐྱུར་ལན་ཚྭ་སྣུམ་དྲོད་བཅོས། །ཁྱད་པར་མར་རྙིང་དྲོད་ཀྱི་འཇམ་རྩི་བསྔགས། །དཔྱད་དུ་ལོ་མར་རྙིང་པའི་བསྐུ་མཉེ་བྱ། །སྣུམ་ལྡན་དུགས་ཀྱིས་གཟེར་བའི་གནས་སུ་བདུག །སྤྱི་གཙུག་ལ་སོགས་རླུང་གསང་མེ་ཡིས་མནན། །

མཁྲིས་པའི་ནད་ལ་མར་གསར་མཆོག་ཡིན་ཏེ། །བ་ལང་རི་དྭགས་ཤ་གསར་ཆུ་བསིལ་ཇ། །བ་རའི་ཞོ་དར་སྐྱབས་དང་ཁུར་ཚོད་དང༌། །ཆག་ཚེ་ཕྱེ་ཐུག་བསིལ་བའི་ཟས་ཀྱིས་བཅོས། །སྤྱོད་ལམ་བསེར་བུ་ཤིང་གྲིབ་ནེ་(ནེའུ་)སེང་(སིང་)དང་། །ཆུ་འགྲམ་བསིལ་གནས་མི་འཁྲུགས་དལ་བར་བསྡད། །དྲི་བཟང་བསིལ་ཞིང་ཡིད་དུ་འོང་བས་བྱུག །སྨན་དུ་སྔོན་(སྔོ་)ཐང་ལ་སྨན་ཐུན་མངས་(མོང་)གསུམ། །ག་ཕུར་(པུར་)ཙན་དན་གི་ཝཾ་ཚ་སྟོབས་སྦྱར། །མདོར་ན་མངར་ཁ་བསྐ་བསིལ་སྨིན་(སྨན་)གྱིས་བཅས་(བཅོས་)། །ཁྱེད་(ཁྱད་)པར་མངར་བའི་བཤལ་གྱིས་སྦྱང་བ་གཅེས། །དཔྱད་དུ་རྔུལ་དབྱུང་ཚུ་(ཆུ་)ཡིད་(ཡི་)ཁྲུལ་(འཁྲུལ་)འཁོར་བསྐོར། །གང་རྒྱས་རྩ་ལ་གཏར་ཞིང་བསིལ་བས་གདུག(བདུག)།

བད་ཀན་ནད་ལ་སྦྲང་རྩི་མཆོག་ཡིན་ཏེ། །ཉ་ལུག་གཡག་རྒོད་དབྱི་སྤྱང་བྱ་རྒོད་ཤ །འབྲུ་རྙིང་ཟན་དྲོན་ཆང་ནར་ཕྱིན་པ་དང༌། །ཆུ་བསྐོར་(སྐོལ་)ལྒ་ཆུ་ལ་སོགས་ཡང་ལ་རྩུབ། །དྲ་(དྲོ་)ལ་ཆུང་བའི་ཟས་ཀྱིས་བཅོས་པར་བྱ། །སྤྱད་(སྤྱོད་ལམ་)མེ་ཉིར་སྲོ་ཞིང་གོས་དྲོད་གོན། སྐམ་སར་ལུས་སེམས་རྕལ་(རྩོལ་)སྤྱད་གཉིད་མི་ལོག །སྨན་(དུ་)ལན་ཚྭ་ཚ་བའི་བསྡུས་ཐང་བཏང༌། །ཕྱེ་མ་སེ་འབྲུ་ད་ལིས་(ཐལ་)སྨན་སྦྱར། །མདོར་ན་ཚ་སྐྱུར་ཡང་རྩུབ་རྣོ་བ་བརྟེན(བསྟེན)། །ཁྱད་པར་རྣོ་ལ་རྩུབ་པའི་སྐྱུགས་སྨན་བསྔགས། །དཔྱད་དུ་ཚྭ་དང་བ་སྤུ་(ཡི་)དུགས་བརྟེན(བསྟེན)། །ཤིན་ཏུ་རྒྱས་(ན་)མེ་བཙའ་ཐུར་མ་བྱ། །མདོར་ན་རླུང་ནད་འཇམ་རྩི་བཅུད་ཀྱིས་བཅོས། །མཁྲིས་པའི་ནད་ལ་བཤལ་དང་བསིལ་གྱིས་བཅོས། །བད་ཀན་ནད་ལ་སྐྱུགས་དང་དྲོད་ཀྱིས་བཅོས། །རླུང་དང་མཁྲིས་པར་(པ་)ལྡན་ལ་བསིལ་བཅུད་བསྟེན། །བད་མཁྲིས་ནད་ལ་བསིལ་ལ་ཡར་(ཡང་)བས་བཅོས། །བད་རླུང་ལྡན་ལ་དྲོ་ལ་བཅུད་པས་བཅོས། །འདུས་པའི་ནད་ལ་བསིལ་བཅུད་ཡང་བས་བཅོས། །མདོར་ན་ཚ་བ་ཐམས་ཅད་བསིལ་གྱིས་བཅོས། །གྲང་བའི་ནད་གཞི་ཐམས་ཅད་བད་ཀན་ལྟར། །རླུང་ནད་ཚ་གྲང་གང་འབྲེལ་སྣུམ་པས་བཅོས། །ཞེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་གསོ་ཐབས་དངོས་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །།





 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 10:11 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།