སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ལྔ་བཅུ་པ། སྐྱིགས་བུའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ལྔ་བཅུ་པ།  སྐྱིགས་བུའི་ནད་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །སྐེག་[སྐྱིགས་]བུའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་བཞི་ཡིས་བསྟན་པར་བྱ། །རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་རླུང་འཁྲུགས་པས། །གྱེན་རྒྱུའི་བུ་ག་འགགས་ཏེ་སྐེག་[སྐྱིགས་]བུ་འབྱུང༌། །གཉིས་པ་དབྱེ་བ་ཟས་འབྱུང་ཕྲན་ཚེག་[ཚེགས་]ཟུང་འབྱུང་དང༌། །ཆེན་པོ་ཟབ་མོ་ཞེས་བྱ་རྣམ་ལྔ་བཤད། །གསུམ་པ་རྟགས་ནི་ཟས་འབྱུང་རིངས་ཐབས་ཟོས་རྗེས་འབྱུང༌། །ཕྲན་ཚེགས་ཟོས་རྗེས་ལ་འབྱུང་མོད་ལ་འཆད་[ཆད]། །ཟུང་འབྱུང་ཚིགས་བཞིས་[ཚིག་རིང་]ཞུ་དུས་གཉིས་གཏུད་[བསྟུད་]འབྱུང་། །ཆེན་པོ་ཤུག་[ཤུགས་]དྲག་མིག་ཧར་ཚིག་མི་ཐོན། །ཟབ་མོ་ལྟེ་བའི་འོག་ནས་གཏུད་[བསྟུད་]འབྱུང་བསྲུང་[གསང་]། །ཉམ་ཆུང་ཟུངས་ཟད་གློ་རྟོག་[རྡོལ་]སྒས་[རྒས་]པ་ལ། །སྐེག་[སྐྱིགས་]བུ་ཆེན་པོ་ཤུག་[ཤུགས་]དྲག་འབྱུང་བ་འདི། །ཕལ་གྱིས་འཆི་ནད་བྱེད་དོ་ལི་[ལེ་]ལོ་སྤང་ལ་བཅོས། །བཞི་པ་བཅོས་ཐབས་དང་པོ་འབྲི་མར་བཀུ་[བསྐུ་]མཉེ་བྱ། །ཚབས་ཆེན་འཁྲུ་སྐྱུག་འཇམ་པོས་བུ་ག་སྦྱངས། །དབུག་[དབུགས་]མི་བདེ་ན་[བདེར་]བཤད་དུ་བ་རྔུབ་[བརྔུབ་]པར་བྱ། །ནུ་ཞོ་ཙན་དན་སྦྲང་རྩི་སྦྱར་བའམ། །སྦྲང་རྩི་ནས་ཟན་བྲུན་སྦྱར་སྣ་སྨན་བཏང༌། །བྲ་བོ་བྱི་བྲུན་བསྔོན་[བརྔོས་]པའི་སྟེང་དུ་ཉལ། །གྲང་རྗེས་མར་བྱུགས་ལག་པའི་སྙིང་རྩ་མནན། །གཅིག་བགྲང་སྐད་ཆེན་དྲག་བསྒྲག་གང་ཐུབ་དབུག་བསྟབ་[དབུགས་བསྡམས་]ལ། །རྩ་སྦུབས་གནས་སུ་རླུང་འཁྱིམ་སེལ་བར་བྱེད། །མ་ཚོར་འཇིགས་སྐྲགས་[སྐྲག་]སྔངས་པའི་ཆོ་ག་བྱ། །འཆད་དཀའ་སྤྱི་གཙུག་འཚོགས་སྒོ་སྟེང་སྐེ་གདོང་[སྟོང་]དང༌། །ཚིགས་པ་བརྒྱད་པ་ནང་ལོང་འཕར་རྩ་བསྲེག །ཅེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་སྐྱེག་[སྐྱིགས་]བུའི་ནད་གསོ་བའི་ལེའུ་སྟེ་ལྔ་བཅུ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།