སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་རེ་བདུན་པ། བྱིས་པའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་རེ་བདུན་པ། བྱིས་པའི་ནད་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྕལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །བྱིས་སྦའི་[པའི་]ནད་ལ་རྒྱུ་རྐྱེན་དབྱེ་བ་དང་། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་སྟོན། །རྒྱུ་ནི་དང་པོ་རླུང་མཁྲིས་བད་ཀན་ལ། །རྐྱེན་ནི་མ་ཡི་རྐྱེན་དང་བུ་ཡི་རྐྱེན། །མ་རྐྱེན་མ་ཡིས་ཟས་སྤྱོད་ནས་[ལ་]སོགས་གང་འཕེལ་བ། །མ་ཡི་རླུང་འཁྲིས་[མཁྲིས་]ཁྲག་དང་བད་ཀན་ནད། །བུ་ལ་ལྷུང་དང་མི་གཙང་གདོན་རྐྱེན་གྱིས། །འོན་ལོང་དིག་ལྐུག་ཞ་རྒྱུར་[སྒུར་]ཤོ་རེ་འོང་། །འདི་རྣམས་ལྷན་སྐྱེས་ནད་ཡིན་མ་ཉིད་བཅོས། །དེ་ཡིས་མ་བཟློག་བྱུང་ན་གསོ་ཐབས་མེད། །བུ་རྐྱེན་གདོན་དང་སྤྱོད་ལམ་ཟས་དང་གསུམ། །གདོན་རྐྱེན་མང་ཡང་བྱིས་གདོན་བཅུ་གསུམ་ཡོད། །ལས་མཁན་ཕོ་ཉ་རྒྱལ་བསེན་བཅོ་ལྔ་ཡི། །སྤྱོད་ལམ་[མ་]དང་བུ་རྫི་མ་གཟབ་པས། །ལྷུང་ངམ་གདབ་[བརྡབས་]སམ་སྤྲུག་གཡེང་གག་རྩེར་བླང་། །ལྟེ་བ་འཐེན་དང་གླན་[རླན་]གྲང་ཡུན་རིང་ངུས་། །ཟས་སྐོམ་མ་སྙོམ་[སྙོམས་]ཚ་གྲང་བསྟེན་དྲགས་པས། །བྱིས་པའི་ནད་རིགས་ཉི་ཤུ་རྩ་བཞི་བསྐྱེད། །གཉིས་པ་དབྱེ་བ་ལྷན་སྐྱེས་ནད་དང་གློ་བུར་གཉིས། །མ་ནད་བུ་ལ་ལྷུང་ན་ལྷན་སྐྱེས་ཏེ། །གློ་བུར་ནད་ལ་འཕྲ་རིགས་[ཕྲ་རགས་]ཞིབ་ཚིགས་[ཚགས་]གསུམ། །རགས་པ་བྲང་དང་གློ་མཆིན་འཁྲུ་སྐྱུགས་དང༌། །རིམས་དང་ལྟེ་བ་རྡོལ་[རྡེལ་]བུའི་ནད་དང་བརྒྱད། །འཕྲ་[ཕྲ་]བ་མགོ་སྐྲངས་གྲེ་བ་འགགས་པ་དང༌། །མཚེར་འཁྲིས་[མཁྲིས་]ཕོ་ལོང་ས་ཟོས་ཞོ་རས་བརྒྱད། །ཞིབ་ཚིགས་[ཚགས་]མིག་དང་རྣ་བ་ཁ་ནད་དང༌། །རྨེན་བུ་སྲོག་རྩ་ཞོ་རས་[ཤ་ནད་]སྲིན་ཕོར་[ཕོལ་]བརྒྱད། །གསུམ་པ་བརྟག་ཐབས་སྤྱི་[དང་་]བྱེ་བྲག་གཉིས། །འཚོ་འཆི་ཤན་དབྱེ་ཁ་དམར་བརྟགས་[གདགས་]དང་གསུམ། །སྤྱི་རྟགས་རྟག་ཏུ་ངུ་ལས་ནད་ཤེས་བྱ། །གར་ནར་འཇུ་དང་དེར་མནན་ན་བ་དང༌། །མིག་འབྱེད་དཀར་[དཀའ་]ཞིང་ངོ་ནག་དང་ཁ་འགག །རྩེད་མོ་མི་རྩེ་དབུགས་མི་བདེ་བ་དང༌། །སྐད་མཉམ་[གཉའ་]མཁུན་ཞིང་སེན་མོ་རྣོ་བའོ། །གཉིས་པ་བྱེ་བྲག་སོ་སོར་བརྟག་པ་ནི། །ཁྱད་པར་བྲང་ནད་རྕ་ནད་ཆུ་སེར་གྲམ་ལས་བྱུང་། །དེ་ནས་ཚ་བྲང་གྲང་བྲང་གཉིས་སུ་འགྱུར། །བྲང་རྒོད་ཚ་བ་བྲང་དང་རོ་སྟོད་སྐྲངས། །ལུས་ཚ་ནུ་མ་མི་འདོད་ངུ་བ་གྲགས་[དྲག]། །མགོ་དང་རོ་སྟོད་ཕྱིར་དོན་ལྟག་པ་དགྱེ། །རྩ་དང་འཕར་སྒོ་གྲག[དྲག་]ལ་ཨ་འབྲས་བཟློག །ཁ་ལྕེ་སྐམ་ལ་དྲེག་པ་ཆགས་པ་དང༌། །རྟིང་པ་འཛུག་[འཛུགས་]པ་མི་ཤེས་ཧྲེང་ཧྲེང་བརྙང་[རྨྱང༌]། །བྲང་དེ་གློ་དང་སྡོང་ན་ལུད་པ་མང་། །ཕོ་བ་སྡོང་ལ་མིག་སེར་སྟོང་སྐྱུག་བྱེད། །གཉིས་པ་བྲེང་[བྲང་་]བ་གཡུང་བྲང་དབུག[དབུགས་]མི་བདེ། །ཉད་ཉོད་མང་མང་ལ་ཉོག་ཉོག་མུན། །ཁ་མིག་མཛུམ་[མི་འཛུམ་]འཇིང་རང་[རེངས་]རོ་སྟོད་གྱོང༌། །གློ་ནད་ཚ་གཟེར་ཚ་སུབས་ཐང་པོ་གསུམ། །ཚ་གཟེར་རྩ་གྲིམ་འཐིབས་ཆེ་གཏིང་ནས་འཁུན། །དབུགས་ཐུང་གློ་བ་ཁ་མིག་འཚུམ་[བཙུམས་]ནས་ངུ་[ལུ]། །ལུད་པ་འགོ་[འགོག་]ལ་སྙིང་གདུང་[བརྡུངས་]སྐྱུག་མི་ཤེས། །ཚ་སུབས་འགོག་ཏུ་མི་འདོད་དྲག་ཏུ་ལུ། །ལུས་པོ་ཚ་ལ་རྩ་དང་འཕར་སྒོ་གྲགས་[དྲག]། །གློ་བཏུད་[བསྟུད་]འོང་ཞིང་བྲང་དང་མ་ལ་འཕྲད་[འབྲད]། །རྗེས་ལ་ལུས་རྔུལ་འཁུན་ཞིང་སྐྱུག་ཚུལ་བྱེད། །ཐང་པོ་གློ་ནད་རྙིངས་པ་རླུང་ལྡན་ཏེ། །དྲག་ཏུ་ལུ་ཞིང་ལུད་པ་འགོག་རྒྱུ་མེད། །མིག་དང་མཆུ་སྐྲངས་ལྕེ་རྙིལ་དཀར་བའོ། །མཆིན་པའི་ནད་ལ་ཚ་བབས་གྲང་བབས་གཉིས། །རྒོད་བབས་ཚ་བ་མཆིན་སྣ་འཕྲལ་[ཕྲ་]ལ་འཕར། །རྩ་རྒྱུག་ཆུ་ཚ་དབུགས་རྒོད་ཕོ་སྟོད་གྲང༌། །ལུས་ཚ་གཡལ་བར་འདོད་ཀྱིང་[ཀྱང་]གཡལ་[གཡལ་]མི་ཐོན། །མཆུ་དང་སྙིར་[རྙིལ་]ལ་དྲེག་པ་ནག་པོ་ཆགས། །མིག་དམར་སྣ་སྒོ་སྐམ་ལ་ལྕེ་གཞུངས་[གཞུང་]སེར། །རེའུ་སྐད་འབྱིན་ཅིང་རྣ་རྩ་ནག་ལ་སྦམ་[སྦོམ་]། །གཡུང་བབས་གྲང་བ་རྩ་དལ་ཆུ་ཡང་གྲང༌། །ལག་པ་འཇིབ་ཅིང་ལྕེ་མུར་སྟོང་ལྡད་བྱེད། །དྲོད་ཆུང་མཆིན་སྣ་མི་འཕར་མདན་ཤིག་ཕྲུག[འཕྲུག་]།ནུབ་མོ་ངུ་ཞིང་ངུ་སྐད་འཕྲ་[ཕྲ་]ལ་འཚེར། །ཤ་མདོག་སྔོ་སེར་མཆིན་སྣ་སྲབ་ལ་རིང༌། །སྤྱི་རྟགས་ཚ་གྲང་གཉིས་པོ་གང་བབས་ཀྱང༌། །མིག་སྔོ་གྱིན་[གྱེན་]ལོག་བྱེད་[བྱད་]དང་མཐིལ་བཞི་སེར། །ལུས་ལྗི་[ལྕི་]རྔམ་པ་རིང་ཐུང་ལྡན་[ལྡང་]དུབ་ན། །མཁུན་ཞིང་སྔ་དུས་བདེ་ལ་རྒོང་[དགོངས་]དུས་ན། །མཆིན་པས་ཕོ་བ་མནན་པས་འཁྲུ་སྐྱུག་བྱེད། །འཁྲུ་བའི་ནད་ལ་ཚ་འཁྲུ་གྲང་འཁྲུ་གཉིས། །ཚ་འཁྲུ་དབུགས་ཐུང་རྩ་དང་འཕར་སྒོ་དྲག །བཞིན་སྣུམ་ཕྱི་ཚད་ཆེ་ལ་ཤེས་པ་འཐིབ། །འཁྲུ་མདོག་དམར་སེར་ལྗང་གུ་དུད་མདོག་འཁྲུ། །བྲང་[གྲང་]འཁྲུ་དབང་པོ་གསལ་[ལ་]འཕར་སྒོ་དལ། །འཁྲུ་མདོག་སྐྱ་བོ་ནུ་ཞོ་འཁྲུ་བ་འདྲ། །རྒྱུ་ལོང་འཁྲུ་ཞིང་སྦུ་[ལྦུ་]བ་སྒྲ་དང་བཅས། །སྐྱུག་པའི་ནད་ལ་ཚ་དང་གྲང་བ་གཉིས། །ཚ་བས་སྐྱུགས་པའི་ནད་རྟགས་ཚ་བ་འོང༌། །ཁྲག་གམ་མཁྲིས་པ་སྐྱུག་ན་ཚ་བ་ཡིན། །བྲང་[གྲང་]བས་སྐྱུག་པ་ཞོ་འཐུང་སྐྱུག་པའམ། །ཙམ་[རྩམ་]པ་མ་ཞུག་[ཞུ་]གང་ཟོས་སྐྱུག་པ་དང༌། །སྦུ་[ལྦུ་]བ་བད་ཀན་སྐྱུག་ཅིང་ཕྱི་རྟགས་སོག་[གྲང་]། །རིམས་ནད་མེ་ལྟར་ཚ་ཞིང་འཕར་ལ་རྒྱུག །ངུ་འཚིག་རྔུལ་འཐིབས་བ་སྤུ་ལོག་པ་དང༌། །སྐོམ་འདོད་རྙོང་ཞིང་ཁ་སྣ་ལག་པས་སུབ། །ལྟེ་ནད་ལྟེ་འབྲང་[མཁྲང་]ལྟེ་འཁོར་ལྟེ་མཁྲེགས་དང༌། །ལྟེ་རྣག་བཞི་སྟེ་དང་པོ་ལྟེ་མཁྲང་ནི། །ལྟེ་འབུར་རྐང་པ་བསྡུད་[སྡུད་]དང་རྐྱོང་མི་ཤེས། །བྲང་[གྲང་]རྟགས་ངུ་སྐད་གཅོད་དང་སྡོམ་པར་བྱེད། །ལྟེ་འཁོར་སྨུག་པོ་སྐྲངས་པ་རེག་མི་བཟོད། །ལྟེ་མཁྲེགས་སྨུག་ཅིང་ཏྲ་[སྲ་]ལ་ཧྲེམ་མེ་ན། །ལྟེ་རྣག་ལྟེ་བ་བཅད་འཕྲོར་རྣག་ཞུག་[ཞུགས་]ནས། །ཁུང་བུར་ཟོས་པས་རྒྱུ་ལོང་ལུག་པར་བྱེད། །རྡེའུ་ཡི་ནད་ལ་ལམ་རྡོལ་[རྡེལ་]ཕུག་རྡོལ་[ཕུགས་རྡེལ་]གཉིས། །ཕུག་[ཕུགས་]རྡེལ་དེ་ལ་འཕྱོ་རྡེལ་ཟུག་རྡེལ་གཉིས། །ལམ་རྡེལ་ཆུ་ལམ་རྡེལ་བུས་འགགས་པ་ཡིན། །དྲི་ཆུ་མི་ཐོན་མཚན་མ་ཆུ་རྐྱལ་འདྲ། །འཕྱོ་རྡེལ་འོང་བའི་ཕྲོ་[འཕྲོ་]ལ་འཆད་[ཆད་]ཅིང་འགགས།ཆུ་ཡི་གསེབ་ཏུ་ཤ་ཡི་ནལ་ནུར་འོང༌། །ཟུག་རྡེལ་ཁ་ལ་ཟུག་ནི་[ན་]ན་ལ་སྲི། །ཕུགས་དུག་[ཕུགས་སུ་]ཟུག་ནི་[ན་]མི་སྲི་ན་ལ་གཟེར། །གང་ཡང་ཕྱི་[སྤྱི་]རྟགས་ཆུང་[ཆུ་]སྲི་ཡང་ཡང་འཛག །ཟུག་ཆེ་ཁུ་ཚུར་བཅིང་[བཅངས་]ཤིང་འབྲད་ཅིང་ངུ་། །མགོ་འདིར་[འདར་]སོ་འདེབས་ལྒང་པ་རྒྱས་པར་འགྱུར། །བུ་ཆུང་མགོ་བརྡབ་རྒྱ་ཞིག་སྐྲངས་པ་ན། །རྣག་ཡོད་བཞིན་དུ་མེར་མེར་སྐྲངས་པར་བྱེད། །ཚ་བ་གྲེ་འགགས་སྐད་འཛེད་[འཛེར་]ཁ་ཆུ་མང༌། །མཚེར་པའི་ནད་ནི་ཁོར་ལྗི་[ཁོང་ལྕི་]ལྡང་དུབ་བྱེད། །ནུ་མ་སོས་འདེབས་བག་རེ་རྔུལ་དུ་འོང༌། །འཁྲིས་[མཁྲིས་]ནད་སྣ་[རྣ་]རྒྱབ་ཤ་མདོག་སེར་ལ་དྭངས། །རྩ་གསལ་ལྕེ་སྐྱ་སེན་མོ་ནག་ལ་རིང༌། །ཁ་ཟས་བྱིན་ན་མི་ཟ་འདོད་ཚུལ་བྱེད། །ཕོ་ནད་ཡིན་ན་ཤ་འཇུ་ཕོ་དྲེག་པ་ཆགས། །ཁ་ཟ་[ཟས་]འཇུ་དཀའ་ཕོ་བ་སྐྱེ་འབྲིང་[འབྲི་]སྦས་[བྱེད་]། །ལོང་ནད་འཁྲོག་འུར་ལྒང་[སྒང་]མཁུན་འཕེལ་འབྲི་བྱེད། །ཟས་[ས་]ཟོས་འཁྲུ་སྐྱུགས་དྲི་མ་འགག་དང་སྡོམ། །ཞོ་རས་ནད་ལ་རླུང་འཁྲིས་[མཁྲིས་]བད་ཀན་གདོན། །རླུང་གྱུར་ནུ་ཞོ་སྦུ་[ལྦུ་]བཅས་ཆུ་སྟེང་འཕྱོ། །དེ་ཡིས་ཕོ་བ་སྦོས་འཁྲུག་གཤང་ལྕི་སྲིད[བཤང་གཅི་སྲི]། །མཁྲིས་གྱུར་ཆུ་སེར་རོ་སྐྱུར་དེའི་ཚད་པ་སྐྱེ། །བད་ཀན་ཆུ་གཏིང་སློ་[སྔོ་]ནལ་མ་ཞུས་བསྐྱེད། །ཆུ་གཏིང་ནུ་ཞོ་དུམ་བུ་གནས་ན་གདོན་ངོ་ཡིན། །མིག་ནད་མ་རླུང་གྲང་ན་འཕྲལ་ཚག་གཉིས། །གྲང་ན་མིག་དམར་ཚ་ཞིང་མཆི་མ་འཛག །རྣ་བའི་ནད་ལ་མ་རླུང་འགྲམ་[འགྲམས་]པ་གཉིས། །མ་རུང་[རླུང་]སྐེ་བ་འགྱུར་རྐ་[དཀའ་]རྣག་ཁྲག་འཛག །འགྲམ་[འགྲམས་]པ་རྣ་རྩ་སྐྲང་ན་འོང་བར་འགྲོ། །ཁ་ཡི་ནད་ལ་རྩ་[བཙའ་]འཐོར་སེན་[བསེན་]འཐོར་གཉིས། །[བཙའ་ཐོར་ན་ཟུག་མེད་ལ་ཐོར་པ་འོང༌]། །སེན་[བསེན་]འཐོར་ཐོད་[ཐོར་]པ་དཀར་ལ་ཚ་བ་སྐྱེ། །རྨེན་བུ་རྕ་ནད་རྐང་པ་འཁུམས་པ་དང་། །གཞོག་[གཞོགས་]གཡས་པ་ལ་ཉལ་མི་ཤེས། །སྲོག་རྩའི་ཆུ་སེར་སྐམ་དང་སྐྱ་སེར་དང་། །སྲིན་ནད་ལྡོན་[ལྡང་]དུབ་ཀ་[རྐང་]ལག་སྐུམ་སྐུམ་བྱེད། །མི་ཁྱིའི་སྐད་ལ་བརྟེན་ནས་ཟུག་ལྡང་ངུ་། །ཤ་ནད་ལྕེ་མུར་ལག་པའི་མགོ་བོ་འཇིབ། །གསེར་[སེར་]ཤའི་ཚད་[ཚོད་]མ་འདྲ་བ་ཀུན་ཏུ་འཁྲུ། །ཕོལ་ནད་འཕོང་[འཕོངས་]ཀྱི་རྩ་སྐྲང་རྣག་ཏུ་འགྱུར། །གསུམ་པ་འཚོ་འཆི་ཁ་མར་[དམར་]གདགས་པ་ནི། །རྐང་ལག་མཐིལ་བཞི་དཀར་ལ་ཧྲིད་པ་དང༌། །རྣ་བ་སྐེམ་ཞིང་མགོ་ལ་འབྱར་བ་དང༌། །སྣ་བུག་སྐམ་ལ་བ་རྒྱ་ཆགས་པ་དང༌། །མིག་གི་མདངས་ཤོར་ཁུང་དུ་བྲོས་པ་དང༌། །ལྟག་མིག་ལྟ་ཞིང་འཛུམ་མི་ཤེས་པ་དང༌། །ལྕེ་ནི་སྐམ་ཞིང་སྐྲང་[ཐུང་]ལ་ས་[སོ་]དྲེག་ཆགས། །ཕོ་བ་རྡོ་ལྟར་སྲ་དང་ཟོས་ཚད་སྐྱུག །དབུག་[དབུགས་]ཐུང་གྲེ་བར་གསོག་ཅིང་ངར་བ་དང་། །འཁྲུ་བ་ཆུ་ལྟར་འབྲུག་[འབྲུབ་]དང་ནུ་མ་ཤོར། །མགོ་སྲུབས་བྱེ་དང་ཤ་པགས་གསེར་བཞིན་སེར། །ཤ་པགས་སྦོས་དང་ཕོ་བ་ཆུང་[ཆུ་]ཡིས་གང་། །ལྟེ་བར་མཆིན་པ་སླེབ་ན་འབོར་བའི་དུས། །མིག་ལྕེ་ལས་[ལ་]སོགས་དབང་པོའི་བཀྲགས་[བཀྲག་]མ་ཤོར། །དབུགས་བདེ་རྩ་དལ་མཐིལ་བཞི་དམར་བ་དང༌། །ནུ་མོ་[མ་]ཟས་ལ་སྲིད་[སྲེད་]ཅིང་སེན་མོ་དྲུག་[འདྲུག] །སྨན་ལེན་བཅོས་བསྐྱེད་ཆེ་ན་འཚོ་བར་གསོ། །བཞི་པ་བཅོས་ཐབས་སྤྱི་དང་བྱ་[བྱེ་]བྲག་གཉིས། །སྤྱི་བཅོས་དུས་གསུམ་ཟས་སྤྱོད་སྨན་དཔྱད་བཞི། །ཞོ་འཐུང་དུས་ན་སྨན་དཔྱད་མ་ལ་བྱ། །ཟས་འདྲེས་དུས་ན་མ་བུ་གཉིན་[གཉིས་]ཀ་ལ། །ཞོ་སྤངས་ཟས་ཟོས་དུས་ན་བུ་ལ་བྱ། །ཟས་ནི་འཇུ་སླ་ཡང་བ་སྦྱིན་པ་དང་། །སྤྱོད་ལམ་ངུ་རུ་མི་གཞུག་གྲང་མི་བྱ། །སྨན་གྱིས་བཅོས་པ་ཞི་སྦྱང་རྣམ་པ་གཉིས། །ཞི་བྱེད་འཇམ་རྩི་སླ་བ་འཇུ་བླ་[སླ་]བ། །ཀར་བུར་ཁས་བླངས་མངར་ཤས་ཆེ་བ་བཞིན་[བྱིན]། །སྔོ་ཐང་བཤལ་སྨན་ལས་[ལ་]སོགས་རྩུབ་མོ་རྣམས། །ལེགས་པར་བསྡུས་ཁུ་འཇུམ་ཕྱིར་[འཇམ་ཞིང་]འཇུ་བླ་[སླ་]བརྟེན་[བསྟེན]། །བཤལ་རྗེས་འབྲས་ཀྱི་ཐག་[ཐུག་]པ་ཤེས་[ཤིས་]པ་ཡིན། །དཔྱད་ཀྱིས་བཅོས་པ་གཏར་བསྲེགས་ཆུ་ལྕགས་[ལྕ་]འདྲེན། །གཏར་ཁ་གང་ཐེབས་རྩ་ཁ་ཕྱེ་ཙམ་བྱ། །ལོ་མ་ལོན་ན་ལག་མགོ་ཁྲག་ཐོན་གཏར། །མེ་བཙའི་སྤྲ་བ་སྲན་མའི་ཕོས་པ་ཙམ། །གསུམ་ལས་མི་མང་གང་[སྐྱི་]ཚོས་བྱས་པས་ཆོག །ཆུ་ལྕག་སྐར་ཆུ་བུམ་པར་བླུག་པས་བྲས་[སྦྲེང༌]། །ལོ་མ་ལོན་ལ་མས་འདྲེན་རེང་བུ་བྱ། །ལོ་ལོང་[ལོན་]དག་ལ་ནི་རུ་ཆུ་སྲང་གཅིག །དེ་ནས་ལོ་རེ་ལོན་བཞིན་བསྐྱེད་པ་ཡིན། །སྨན་དཔྱད་རྕུབ་མོ་མི་བྱེད་འཇམ་པ་[པོ་]ལེགས། །གཉིས་པ་བྱེ་བྲག་བཅོས་ལ་ཚ་གྲང་[བྲང་]ལ། །ཟས་སྨན་ཆུ་མདའ་གཏར་དང་མི་[མེ་]བཙས་བཅོས། །ཟས་སུ་ཤ་སར་མར་ཞོ་དར་ར་[བ་]བརྟེན་[བསྟེན]། །དྲོད་བཅུད་མི་བསྟེན་སྨན་ནི་ག་པུར་དང་། །ཅུ་གང་གུར་གུམ་ཙན་དན་ཀར་སྦྱར་བཏང༌། །གློ་དང་སྡོང་ན་ག་དུར་སྡེབས་ལ་བཏང་། །ཕོ་བར་སུག་སྨེ་[སྨེལ་]འདེགས་[བདེ་]བྱེད་ཆུང་ངུ་སྦྱར། །སྐྲངས་པར་ཆུ་མདའ་བྲན་ཞིང་དྲུག་མགོ་གཏར། །སྟོད་དུ་སྐྲངས་ན་སྤྱི་གཙུག་བྱ་རོག་མིག །ཆ་[ཙ་]ར་ཁུང་ནས་ཐུར་ཚོན་དུག་[དོ་]རུ་བསྲེགས། །སྨད་དུ་སྐྲངས་ན་སྙིང་རྩེ་དཀར་ནག་མཚམས། །གློ་ལ་ལྔ་པ་ཕོ་བ་ལྷེན་[གསང་]བསྲེག །བྲང་ནད་སྙིང་[རྙིང་]ན་ཤ་མདོག་ཤིན་ཏུ་སེར། །ཁོད་[ཁོང་]སྙོམ་འགུལ་ན་ངུ་ཞིང་མ་ལ་འབར[འཆང་]། །མཁུན་ཞིང་ནུ་མ་ཙེ་གུར་གཅོད་ཅིང་[འཐུང་]། །དེ་ལ་ཙན་དན་གྷྲི་[གི་]ཝང་བསིལ་གསུམ་སྦྱར། །རྗེས་ལ་ཚིགས་པ་བདུན་དང་ལྔ་པ་བསྲེགས། །བྲང་ནད་གྲང་ལ་འཛའ་[ཛཱ་]ཏི་སུག་སྨེ་[སྨེལ་]དང༌། །ལ་ལ་ཕུད་ཀྱི་ཐང་བཏང་ཤིང་ཀུན་དང་། །དོང་གྲ་ཁ་རུ་ཚ་དང་བུར་[བུ་]རམ་སྦྱར། །ཟས་ནི་བསིལ་དྲོད་སྙོམས་པར་བཏང་བ་ཡིན། །ཆུ་མདའ་མི་བྱ་ཚ་བ་གསུམ་གྱི་སྣུམ་མནན་བྱ། །མེ་བཙའ་གོང་མཐུན་དེ་སྟེང་བཞི་པ་བསྲེགས། །འཇིང་ལ་རིངས་[རེངས་]ན་ལྟག་པ་སྲེག་པ་ཡིན། །མདོར་ན་སྨན་གཏར་ཆུ་ཡིས་ཚ་བ་འདོན། །དེ་རྗེས་མེ་ཡི་བསྲེག་པ་ལག་ལེན་ཡིན། །ཚ་གཟེར་གློ་བབས་གསོ་ཐབས་ཞིང་[ཞི་]སྦྱང་གཉིས། །ཧུང་[ཧོང་]ལེན་བོང་[ང་]དཀར་པོའི་བསྡུས་ཁུ་ལ། །གྷྲི་[གི་]ཝང་གུར་གུམ་གླ་རྕི་ཆུ་དག་དཀར་། །སྦྲུལ་ཤ་རུས་[རུ་]རྟའི་ཕྱེ་བ་[མ་]སྦྱར་བ་བཏང༌། །ཨ་རུ་ཧུང་[ཧོང་]ལེན་དུར་བྱིད་བསྡུས་ཁུ་ལ། །ཤ་ཆེན་གླ་རྩི་བཏབ་ནས་འཁྲུ་རུ་བཅུག །དེས་མ་ཐུབ་ན་ག་པུར་རྒྱལ་བློན་སྦྱར། །ཚ་སྲུབ་[སུབས་]ནད་ལ་སྨན་དང་གཏར་གྱིས་བཅོས། །གུར་གུམ་ཆུ་དག་ཅུ་གང་དཀར་[ཀར་]སྦྱར་བཏང༌། །ཤིང་མངར་སྲོ་ལོའི་ཐང་བཏང་ག་པུར་དང༌། །ལི་ཤི་སུག་སྨེ་[སྨེལ་]འབྲས་གསུམ་ད་ཏྲིག་དང༌། །ཅུ་གང་གུར་གུམ་གྷྲི[གི་]ཝང་རྒུན་འབྲུམ་དང་། །ཤིང་མངར་ཀ་ར་སྦྱར་བཏང་རྔུལ་མང་དབྱུང་། །གཏིང་ཐོན་དཀའ་ན་ཅུ་གང་གུར་གུམ་དང༌། །ཙན་དན་དཀར་དམར་བསེ་རུ་ཤིང་མངར་མཚལ། །ལི་ཤི་སུག་སྨེ་[སྨེལ་]སྲ་འབྲས་ད་ཏྲིག་དང༌། །སྟར་བུ་རུ་རྟ་སྒ་དང་པི་པི་ལིང༌། །འདམ་བུ་ཀ་ར་ནས་སྔོན་འབྲུ་བདུན་རྣམས། །གླ་རྩི་བཅུ་བདུན་ཞོ་ལ་བཏབ་ཅིང་བརྟེན་[བསྟེན]། །སྣོད་ཁ་རུ་ཐུང་ཁྲག་དང་སྦྱར་ལ་གཏར། །ཚ་སྲུབ་[སུབས་]རྒས་ནས་ལུད་པ་རྣག་ཅན་ལ། །བྱ་ཕོ་ཙི་ཙི་ལྟར་[སྟར་]བུ་ཤིང་ཀྱིས་[མངར་]བཅོས། །སུག་སྨེ་[སྨེལ་]དཀར་[ཀ་]ར་སྦྱར་བས་རྣག་རྣམས་འདྲེན། །ཙན་དན་བསིལ་གསུམ་བསེ་རུས་སྣག་[རྣག་]ཚད་སྐེམ། །རོ་སྟོད་ཆུས་ཕྲན་[བྲན་]བསིལ་འཇམ་ཟས་ཀྱིས་བཅོས། །རླུང་གློ་ཐང་པོ་སྨན་ཟས་མེས་ཡིས་བཅོས། །སྨན་ནི་ད་ཏྲིག་ཀ་ར་པི་པི་ལིང་། །སྨན་[མར་]གསར་སྦྱར་བའི་ལྡེ་གུ་བཏང་བ་དང༌། །ཡང་ན་ཅུ་གང་པི་ལིང་སུག་སྨེ་[སྨེལ་]ཤིང་ཚ་དང་། །མར་གསར་སྦྲང་དང་སྦྱར་བའི་ལྡེ་གུ་བཏང༌། །ག་དུར་འཛའ་[ཛཱ་]ཏི་ཤིང་ཀུན་བུར་དཀར་བཏང་། །མར་དཀར་བུར་དཀར་ལུག་ཤ་གསར་བཇམ་[འཇམ་]བཟང༌། །བསྐྱེད་ཆུང་སྐྲངས་ན་སྤོས་དཀར་བཤལ་གྱིས་སྦྱང༌། །དེ་རྗེས་གོང་བཞིན་ཚིགས་པ་བཞི་ལྔ་བསྲེགས། །མཆིན་ནད་ཚ་བ་བཟང་[ཟས་]སྨན་གཏར་བ་དང༌། །བཤལ་དང་མེ་བཙའ་ཆུ་ཡིས་བཅོས་པར་བྱ། །མ་བུ་གཉིས་ཀས་དྲོད་ཁ་ཟས་དྲོད་བཅུད་སྤང༌། །ཤ་གསར་མར་གསར་ཞོ་དར་བསྟེན་པར་བྱ། །སྨན་ནི་ཏིག་ཏ་བ་ཤ་ཀ་བསྡུས་ཁུར། །བྲག་ཞུན་དུལ་མ་སྦང་འཁུ་[ཁུ་]མང་དུ་བླུད། །ག་པུར་ཅུ་གང་གུར་གུམ་རུ་ཏ་[རྟ་]དང་། །མ་ནུ་འཇིབ་རྕི་ཀ་ར་དཀར་སྦྱར་བཏང་། །ཡང་ན་གུར་གུམ་ཅུ་གང་བྲག་ཞུན་དང་། །ཛ་[ཛཱ་]ཏི་དོམ་འཁྲིས་[མཁྲིས་]ཏིག་ཏ་ཨ་རུ་ར། །ཀ་ར་དཀར་པོ་སུམ་འགྱུར་སྦྱར་ལ་བཏང་། །ཡང་ན་གུར་གུམ་གྷྲི་[གི་]ཝང་ཨ་རུ་ར། །ཀ་ར་སྦྱར་བཏང་སྐྱེད་ཆུང་ཨ་རུ་ར། །ཧུང་[ཧོང་]ལེན་དུར་བྱིད་བསྡུས་ཁུར་ཀར་སྦྱར་བཏང་། །སྐྱུགས་ན་ཕུས་བཏབ་འགྱིང་ན་རེངས་[རེང་]བུས་བསུ། །དམར་སེར་དྲི་ཆེ་ནུ[ནི་]རུ་ལུགས་སུ་སྦྱར་[སྦྱང༌]། །དཀར་སྔོ་ཙམ་[རྩམ་]པ་ཞོ་འཁྲུས་ཟུངས་གནོད་བཅད། །རུ་ཐུང་ལོང་རྕ་བྱེལ་[བྱེའུ་]སྒོང་གང་ཙམ་གཏར་། །ཆུ་མདའ་ཕོ་སྟོད་ཚིག་[ཚིགས་]པ་དགུ་པ་བསྲེག །ཡང་ན་ལྒང་ཕུག་ཆུ་ཡིས་བཀང་ལ་བདུག །དེ་ཡི་[དེ་ཡིས་]མཆིན་སྣ་ཚ་སྟོབས་ཞི་བར་བྱེད། །མཆིན་སྣ་སྦྲུལ་མིག་དགུ་པ་བཅུ་གཉིས་བསྲེག །ཚ་བ་མ་ཆོམས་བསྲེག་ན་ཚ་བ་བསྐྱེད། །རྗེས་ལ་མེ་[མ་]བསྲེགས་མཆིན་པ་སར་མི་སྐྱིལ་[ཁྱོལ]། །དེས་བས་བསྲེག་དུས་མ་འཆུག་ཤེས་པར་བྱ། །ཁྲག་[གྲང་]བབ་སྨན་ཟས་དྲོད་སྦྱོང་མེ་ཡིས་བཅོས། །སྨན་ནི་འབྲས་བུ་གསུམ་གྱི་བསྡུས་ཁུ་ལ། །གུར་གུམ་ཅུ་གང་བསིང་ལ་བཏང་བར་བྱ། །སྒ་སྐྱ་ཛ་[ཛཱ་]ཏི་སུག་སྨེ་[སྨེལ་]བསྡུས་ཐང་བཏང༌། །བླ་[གླ་]སྒང་གུར་གུམ་གྷྲི་[གི་]ཝང་ཀ་ར་སྦྱར། །རྒྱམ་ཚ་གསུམ་དང་ལྟགས་[ལྟག་]པ་སྤྲད་ནས་བཏང༌། །ཡང་ན་ཛ་[ཛཱ་]ཏི་ཤིང་ཆུ་[ཚ་]སུག་སྨེ་[སྨེལ་]ལྒ། བུར་དཀར་སྦྱར་བཏང་མ་བུ་གཉིས་ཀའི་ཟས། །མར་སར་ཕྱེ་ཐུག་ཤ་སར་ཚོ་ཁུ་བསྟེན། །ཤ་གསར་རྙིང་པ་ཆང་སོགས་བཅུད་མི་བསྟེན། །གློ་[སློ་]དྲོན་སྤོད་བྲན་རུས་ཕྱེ་སྣུམ་ལྡན་ནམ། །མེ་ཏོག་སྣ་ཚོག་[ཚོགས་]ལུམ་[ལུམས་]ཀྱིས་བདུག་པར་བྱ། །དུར་བྱིད་ལྕིམ་[ལྕུམ་]རྩ་ཨ་རུ་སྔོན་བུ་བསྡུས། །ཐང་དཀར་[ཐལ་ཀ་]སྲོ་[སོ་]མ་ར་ཙ་[ཛ་]བཏབ་ལ་བཏང༌། །གློ་སྡོང་སྤོས་དཀར་ཕོ་བར་མ་ནུ་བཏང༌། །ལྒ་སྐྱ་རམ་མཁྲིས་དང་སྡོང་ན་བཏང་། །ནད་གཉའ་ཆོག་[ཆོགས་]ན་དགུ་དང་བཅུ་གཉིས་པ། །ལྟེར་[ལྟེ་]ཟུར་མཆིན་སྣ་རྩིབ་ཐུང་གཉིས་པོ་བསྲེག །ཚ་འཁྲུ་ཟས་སྨན་གཏར་ཁ་ཆུ་ཡིས་བཅོས། །ཟས་སུ་ཕྱེ་ཐུགས་[ཐུག་]འབྲས་ཐུག་ཙེ་གུར་བཏང༌། །རྗེས་ལ་འོ་ཟན་ཤ་གསར་ཚོ་ཁུ་བསྟེན། །སྨན་ནི་ཚད་པ་གཞོལ་[གཞོམ་]ལ་རྒྱུ་མ་བསྲུང་། །འགྲུ་[འཁྲུ་]བ་བསྐུལ་ནས་[དང་་]གཅོད་པ་བཞི་ཡིས་བཅོས། །རྒྱུ་སྲུང་པ་[ས་]མྱག་གླ་རྩི་བཏབ་ལ་བཏང༌། །ནས་སྙིང་[རྙིང་]ཕྱེ་ཐུགས་[ཐུག་]མར་གསར་རྒྱམ་ཚྭ་བཏབ། །རྒྱུ་མ་མི་རུལ་སྲ་འཇམ་འདྲེད་པར་བྱེད། །ཚད་ཆོག་[ཆོགས་]ག་ཕུར་[པུར་]རྒྱལ་བློན་གསུམ་པ་བཏང༌། །ཡང་ན་ཙན་དན་དཀར་པོ་ཆུ་དང་སྦྱར། །ཡང་ན་ཨིན་ཏྲ་[ཨིནྡྲ་]བཞི་ཐང་རྒྱུན་དུ་བསྟེན། །དམར་ན་བྲག་ཞུན་སེར་ན་གི་ཝཾ་བཏང༌། །སྨུག་ན་རེ་རལ་ལྗན་[ལྗང་གུ་]སྐྱེར་ཤུན་བཏང༌། །དུད་ཁུ་གླ་རྩི་ཟུངས་ཁྲག་བྱུང་ན་དོམ་འཁྲིས་[མཁྲིས་]གཅོད། །འགྱིང་ཞིང་འཁྲུའམ་ཟུག་ཆེ་རྕེ་[ཙེ་]གུར་འཁྲུ། །ཁྲོན་བུ་སྔོན་བུ་དོང་ག་ཀ་ར་སྦྱར། །ཨ་རུ་བསྡུས་ན་[ནས་]ལྕགས་[ལྕག་]བཏང་འཁྲུ་བ་བསྐུལ། །ཐ་མར་ཚ་བ་ཆོག་[ཆོགས་]ནས་གཅོད་པ་ནི། །འཁྲུ་སྨན་འཚོགས་ཚད་འབྲས་ཐུག་བཏབ་ལ་བཏང༌། །ཡང་ན་ཞོ་བཙོས་བཏབ་བཏང་གྲོ་ཕྱེ་སྦྱིན། །རུ་ཐུང་སྣོད་ཁ་ལོང་རྩ་གཏར་བར་བྱ། །ཉ་[ཉྭ་]བཞི་ཆུ་ལྕགས་[ལྕག་]རྒྱབ་[བརྒྱབ་]ཅིང་བགྲང་བ་ཡིན། །ཛ་[ཛཱ་]ཏི་སུག་སྨེ་[སྨེལ་]ལི་ཤི་ཀ་གོ་ལ། །དྲང་[གྲང་]འཁྲུ་བྱེད་ན་བཟང་པོ་དེ་བཞི་བཏང་། །ཡང་ན་ཛ་[ཛཱ་]ཏི་སུག་སྨེ་[སྨེལ་]སྲ་འབྲས་ཏ་[ད་]ཏྲིག་བཏང༌། །ཡང་ན་རྒོད་བཙོས་[གཙོད་]ཁྲག་སྣ་བཙོས་ལ་བཏང༌། །སྤྱིན་ཆུ་ད་ཏྲིག་བཏབ་བཏང་འཆད་[ཆད་]པ་ཡིན། །འཆད་ཁ་[ཆད་དཀའ་]བཅུ་གཉིས་པ་དང་ལྟེ་བ་བསྲེག །ཚ་བས་སྐྱུགས་པ་ཁྲག་ཏུ་བྱུང་བ་ན། །འདམ་བུ་ཀ་ར་འཛའ་[ཛཱ་]ཏི་ཙན་དན་དམར། །པུས་དཀར་[པུཀྵར་]བླ་[གླ་]སྒང་མཚལ་དང་སྦྱར་ལ་བཏང༌། །མཁྲིས་པར་སྐྱུག་ན་ལྕགས་ཀྱི་ཁུ་བ་བཏང༌། །གྲང་བར་[བས་]སྐྱུགས་ན་ཛ་[ཛཱ་]ཏི་སུག་སྨེ་[སྨེལ་]དང༌། །ད་ཏྲིག་སྲ་འབྲས་བུ་རམ་སྦྱར་བས་འཆད་[ཆད]། །ཤ་སར་ཚོགས་ལ་ལ་ཕུད་བཏབ་ལ་བཏང་། །འཆད་[ཆད་]པ་དཀའ་ན་ལྷེན་སྣ་སྤྱི་གཙུག་བསྲེག །ཟས་སུ་ཆང་འཆམ་[འཇམ་]ཤ་གསར་བྲིད་ལ་བཏང༌། །ཞོ་སྐྱུགས་ཀན་ད་[ཀཎྜ་]ཀ་རི་ཚ་བ་ལྔ། །སྦྲང་དང་ཞུན་མར་སྦྱར་ནས་བཤིག་[སྦྱིན་]པར་བྱ། །ཁ་ཟས་མི་འཇུ་ཤ་སེར་གསུས་པ་ཆེ། །སིལ་[སེ་]འབྲུ་ལྔ་དང་རྒྱམ་ཚ་བུ་[བུར་]དཀར་སྦྱར། །སྐྱུག་ན་ཕོ་བར་ཟན་དྲོན་སྣུམ་དུགས་བྱ། །ཆུ་རུ་སྐྱུག་ན་ལ་ལ་ཕུད་བཏབ་བཏང༌། །ཙམ་[རྩམ་]པ་ཉུང་བར་བཏང་ན་འཚོ་སླའོ། །རིམས་ལ་འབྲས་གསུམ་སླེ་ཁྲེས་[ཏྲེས་]བསྡུས་འཇམ་བཏང་། །ཏིག་ཏ་ག་དུར་བསྡུས་གྲང་མ་ལ་བཏང་། །དངུལ་[རྔུལ་]དབྱུང་སྤྱི་ཞར་[ཞུར་]ཀ་ར་ཆུར་སྦངས་བཏང༌། །གུར་གུམ་ཇུ་[ཅུ་]གང་གྷྲི་[གི་]ཝང་གླ་རྩི་བཞི། །ཀ་ར་སྦྱར་བཏང་སྟོབས་ཆེ་ག་བུར་བསྣན། །གློ་མང་རྒུན་འབྲུམ་ཅུ་གང་ཆུ་བསིངས་བཏང༌། །ཚུ་[ཚ་]རྙིང་འབྲས་བུ་གསུམ་པ་ཀ་རས་སྦྱང༌། །དེ་རྗེས་ཅུ་གང་བདེ་བྱེད་ཆེན་པོ་སྦྱར། །ཁ་ཟས་བསིལ་བསྟན་[བསྟེན་]དྲོད་བཅུད་དུག་འདྲ་སྤང༌། །རི་ཐང་འཚམས་[མཚམས་]སུ་ཁྲེ་བུས་[འུས་]ཚད་[སད་]མདའ་བཏང༌། །ལྟེ་མཁྲང་ནད་ལ་གླ་རྩི་བྱི་ཏང་ཀ །མེ་[མ་]རུ་རྩི་[རྩེ་]དང་བསྙུག་[སྨྱུག་]རྩི་པི་པི་ལིང༌། །ཕུར་ཐལ་སྡིག་སྲིན་དྲི་ཆུ་སྦྱར་ལ་བཏང༌། །ཟིན་ཏི་[ཟི་ལྡིར་]སྦུར་ཐལ་ཕ་མའི་སྐྲ་གཞོབ་བཞི། །བྱིས་སྦའི་[པའི་]དྲི་ཆུ་བས་སེལ་བ་ཡིན། །ལྟེ་འཁོར་མཁན་སྦང་སྤྲུལ་[སྤྲུ་]མ་ལྕ་འབྲས་དང༌། །གོ་སྙོད་གཡེར་མ་དྲོན་མོར་བསྲོས་པ་བདུག །ཀླད་རུལ་མཁན་སྦང་ཆང་སྦྱར་སྐྱོ་མ་བླུག་[བྱུག] །རྣག་ཏུ་ཁུགས་ན་ཕུགས་[ཕུག་]པས་འཚོ་བར་འགྱུར། །ལྟེ་འཁྲེག་[མཁྲེགས་]མའི་རྒྱབ་རྩ་དྲུག་འདུས་གཏར། །ཁྲག་ལ་ཕག་རིལ་སྤྱན་[སྤྱང་]བྲུན་གླ་རྩི་དང༌། །ཤིང་ཀུན་སྒོག་སྐྱ་སྦྱར་བྱུག་བྱ་སྤུས་བསྣན་[མནན]། །ལྟེ་རྣག་དང་པོ་ལྟེ་སྐམ་ཕྱེ་མ་བཏབ། །མ་ཐུབ་བྲག་སྤོས་ཆུ་རྩ་འཁྲིས་[མཁྲིས་]སྣ་དང༌། །གུར་གུམ་སྦྱར་བ་རྨ་ལ་བཏབ་[གདབ་]པར་བྱ། །རྟ་[རྡེ་]ནད་གསལ་[གསར་]དུས་རྒྱ་ཚྭ་སུག་སྨེ་[སྨེལ་]དང་། །སྡིག་སྲིན་ལྕམ་པ་ཆང་དང་སྦྱར་ལ་བཏང༌། །རྡེལ་བུ་རྒྱས་ནས་ཚྭ་སྦྱོར་ཆེན་མོས་བཤིགས། །ལམ་རྡེལ་འགག་ན་སུབས་[སྲུབས་]མིན་བཀྲལ་[དྲལ་]ན་རྟོགས། །མགོ་བོ་སྐྲང་ན་བདུད་སྒོ་མེ་ཡིས་བསྡམ། །གོ་བྲག་རྒྱ་ཆིངས་བྱས་ལ་བསིལ་སྨན་བཏང༌། །འཇམ་ཆོས་བྱས་པས་ཐུབ་བོ་འབུག་[དབུག་]མི་རུང་། །གྲེ་བའི་ནད་ལ་གླ་རྩི་རུ་ཏ་[རྟ་]དང༌། །གྷྲི་[གི་]ཝང་ཨ་རུ་སྦྱར་ནས་ཁོང་དུ་བཏང༌། །ཨ་རུ་དུར་བྱིད་གླ་རྩིའི་བཤིལ་[བཤལ་]གྱིས་སྦྱང༌། །མཚེར་ནད་གཡོན་གྱི་རྩིབ་མའི་སྟེང་དུ་བསྲེག །ཀ་ཀོ་ལ་དང་ཨ་རུ་ར་ཡི་ཐང༌། །འཁྲིས་[མཁྲིས་]ནད་རྒྱམ་ཚྭ་གསུམ་པ་ཀ་ར་སྦྱར། །ཚ་བ་ཆེ་ན་རིག་[ཏིག་]ཏ་ཀ་ར་བཏབ་ལ་བཏང༌། །མཁྲིས་རྩ་གཏར་ཅིང་ཨེན་དོན་[ཨན་སྟོང་]བཅུ་གཅིག་བསྲེགས། །སེལ་[སེ་]འབྲུ་བཞི་པ་ཕོ་བའི་ནད་ལ་སྦྱར། །གྱོང་དང་བསིལ་སྤང་མདུན་རྒྱབ་ཕོ་གསང་བསྲེགས། །ལོང་ནད་སིལ་[སེ་]འབྲུ་དྲུག་སྦྱོར་ལོང་གསང་བསྲེག །ས་ཟོར་[ཟོས་]ས་[པ་]ལ་བླ་[གླ་]སྒང་ཡང་[ཡུང་]སྐྱེར་གཉིས། །པ་ཏྲ་ལྕ་བ་སྤུ་[སྤྲུ་]མ་བྱི་ཏང་ཀ །བསིལ་[བིལ་]བ་ཚ་[བ་]གསུམ་གྱི་སྨན་མར་བཏང༌། །ཞོ་རས་རླུང་འགྱུར་[གྱུར་]འབྲས་བུའི་སྨན་མར་བཏང་། །ཙི་ཏྲ་ཀ་དང་རུ་ཏའི་[རྟའི་]བསྡུས་ཐང་བཏང༌། །མཁྲིས་འགྱུར་[གྱུར་]འབྲས་བུ་གསུམ་དང་བླ་དགང་[གླ་སྒང་]དང༌། །རྩ་འཁྲིས་[མཁྲིས་]ཧོང་ལེན་བསྐོར་[བསྐོལ་]བའི་ཁུ་བ་བླུད། །བད་ཀན་རྒྱམ་ཚྭ་ཤིང་མངར་པི་པི་ལིང༌། །མར་དང་རྒྱལ་[སྦྱར་]བྱིན་བོང་ང་དཀར་པོ་དང༌། །བླ་དགང་[གླ་སྒང་]ཤུ་དག་ཙ་[རྩ་]བ་ལྔ་སྐོར་[བསྐོལ་]བླུད། །ཞོ་རས་གདོང་ཞུག་[གདོན་ཞུགས་]དེ་ཡི་གསོ་བ་བརྒྱལ་[སྦྱར]། །མིག་གི་ནད་ལ་གསལ་བྱེད་སྨན་དམར་[མར་]སྦྱར། །སྐྱེར་ཞུན་[ཁཎ་]ནུ་ཞོ་ཟངས་སྦྱར་མིག་ཏུ་བླུད་[བླུག]། །རྣ་བ་ཁྲགས་[ཁྲག་]འཛག་མ་བུ་བཅུད་ཀྱིས་གསོ། །འབྲས་བུ་མ་བརྒྱལ་[འབྲས་བུ་སྨན་མར་]བཅུ་གསུམ་མེ་ཡིས་བསྲེགས། །རྣ་བ་འགྲམ་[འགྲམས་]ན་ནག་ཚུར་རུ་རྟ་དང་། །གླ་རྩི་ཆུ་ལ་སྦྱངས་ལ་རྣ་བར་བླུགས། །རྒྱ་སྐག་རུ་ཡི་[རྟའི་]ཁུ་བ་ཁོང་དུ་བཏང༌། །བཙའ་ཐོར་ཤ་ཚིལ་གསུར་བདུག་གླ་རྩི་བཏང༌། །སྤྱི་བོའི་གཙུག་ཏུ་བཙད་[བཙོད་]ཀྱིས་མེ་བཙའ་གདབ། །སེར་[བསེན་]འཐོར་ལ་ཡང་གླ་རྩི་ཁོང་དུ་བཏང་། །ཤུ་དག་རུ་ཏ་[རྟ་]ཨ་རུ་སྦྲང་སྦྱར་བཞིན[བྱིན]། །ས་ཚུལ་[ཚུར་]ཆུ་ཡིས་ཁ་བཀྲུ་སེན་[བསེན་]མོ་[བཅོས་]། །རྨན་[རྨེན་]བུ་སླེར་[ལྷེན་]སྣའི་གཡས་བསྲེགས་དོམ་འཁྲིས་[མཁྲིས་]བཏང༌། །སྲོག་རྩའི་ཆུ་སེར་ཨན་དོན་[སྟོང་]དགུ་བདུན་བསྲེགས། །སྲིན་ལ་གླ་རྩི་ཤིང་ཀུན་བྱི་ཏང་ཀ །སྒོག་སྐྱའི་ཕྱེ་མ་འོ་མར་བཏབ་ལ་བཏང་། །དུར་བྱིད་སྒ་སྐྱ་བྱི་ཏང་ཀ་ཡིས་སྦྱར་[སྦྱང་]། །མ་ཕན་སྲིན་རྟ་ཁྲག་ཡིན་གཏར་ག་བྱ། །ཤ་ནད་ཤ་དང་ཁྲག་གི་ཚོད་མ་བཏང་། །ཕོལ་ལ་ཙན་དན་སྐྱེར་ཞུན་[ཁཎ་]སྦྲང་སྦྱར་བྱུག །ཙན་དན་ཀ་ར་ཆུ་སྦྱར་ཁོང་དུ་བཏང༌། །མ་ཕན་བྱུག་པས་རྣག་ཏུ་བཀུག་ལ་འཁུག[དབུག་]། ཅེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་བྱིས་སྦའི་[པའི་]ནད་གསོ་བའི་ལེའུ་སྟེ་རེ་བདུན་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 3:59 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།