སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་དྲུག་པ། སུརྱའི་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.08.2011
མན་ངག་རྒྱུད། >> ལེའུ་རེ་དྲུག་པ། སུརྱའི་ནད་བཅོས་པ།

ལེའུ་རེ་དྲུག་པ་སུརྱའི་ནད་བཅོས་པ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སུརྱའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སུརྱའི་ནད་ཀྱི་གྱུར་ཚུལ་བསྟན་པ་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་བཤད་པ་སྟེ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། གྱུར་ཚུལ་ཞེས་རྐང་པ་ལྔས་བསྟན་ཏེ། དེ་ཡང་སྤྱིར་སྐྲན་རིགས་འགའ་ཞིག་དང༌། ཁོང་འབྲས་སུརྱ་རྣམས་ཁྱད་པར་ཆེར་མེད་ཀྱང༌། སྐྲན་ནི་མ་ཞུ་བས་བསྐྱེད་པ་ཤས་ཆེ་ཞིང་ངོ་བོ་ནི་འདྲིལ་བ་དང་ཁོང་འབྲས་ནི་ཟས་འཁྲེན་ཞིང་ཟུག་རྔུ་ཆུང་ལ་ངོ་བོ་བམ། སུརྱ་ནི་ཁྲག་ངན་དོན་སྣོད་ཀྱི་རྩ་མིག་འདུས་ནས་ངོ་བོ་སྐྲངས་པ་ཟུག་རྔུ་དང་བཅས་པ་གཞུག་རྣག་ཏུ་སྨིན་པའོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་སོ་སོར་དབྱེ་ན། གློ་བ་དང༌། མཆིན་པ་དང༌། མཁལ་མ་དང༌། ཕོ་བ་དང༌། ལོང་དང་ལྔའོ།།

        གསུམ་པ་རྟགས་བཤད་པ་ལ་དྲུག་ལས། དང་པོ་ནི། དེ་རྟགས་ཞེས་རྐང་པ་གཅིག་དང་འབྲུ་བཞིས་བསྟན་ནོ། །གཉིས་པ་ནི། མཆིན་པ་ཞེས་འབྲུ་ལྔ་དང་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་ནི། མཁལ་སྟེང་ཞེས་རྐང་པ་གཅིག་གིས་བསྟན་ནོ། །བཞི་པ་དང་ལྔ་པ་ནི། ཕོ་ལོང་ཞེས་རྐང་པ་གཅིག་གོ་ །དྲུག་པ་མདོར་བསྡུས་བཤད་པ་ནི། ཀུན་ཀྱང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །བཞི་པ་བཅོས་ཐབས་བཤད་པ་ནི། བཅོས་ཐབས་ཞེས་རྐང་པ་བཅུ་གསུམ་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང་ལྟོ་དང་རྩ་ནས་དག་པར་སྦྱང་བ་ནི། ཕྱི་རྒྱུད་ལྟར་རོ། །ཧྲེམ་ན་ལུམས་དང་སྤེལ་ཞེས་པའི་ལུམས་ནི་བདུད་རྩི་ལྔའོ། །རྣག་འབྱམས་དངུལ་ཆུ་རིལ་བུས་སྐེམས་ཞེས་པ་ནི། གོང་དུ་ལེའུ་ང་དགུ་པ་ཆུ་སེར་གྱི་ནད་གསོ་སྐབས་སུ། དངུལ་ཆུ་མུ་ཟི་སེང་ལྡེང་སོ་མ་ར། ཞེས་པ་ནས། སྦྲང་རྣམས་ཆུ་སེར་འཇོམས་པའི་གཉེན་པོ་ཡིན། ཞེས་པའི་བར་གྱི་སྦྱོར་བ་དེའོ། །འབའ་སམ་སྨན་མར་ནི་ཕྱི་རྒྱུད་ལྟར་རོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་དྲུག་ཅུ་རྩ་དྲུག་པའོ། །ཞེས་པས་བསྟན་ནོ།།

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 9:29 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།