སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་རེ་དྲུག་པ། བྱིས་པ་ཉེར་སྤྱོད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་རེ་དྲུག་པ། བྱིས་པ་ཉེར་སྤྱོད་གསོ་བ། 

དེ་ནས་ཡང་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེའ་[ཀྱེ་]འཚོ་མཛད་སྨན་པའི་རྒྱལ་པོ་ལག[ལགས་]། །མདོའ་[མདོ་]གནས་བརྒྱད་པ་བྱིས་སྦ་[པ་]གསོ་བའི་ཐབས། །བདག་ཅག་འཛིན་པའི་འཁོར་ལ་བསྟན་དུ་གསོལ། །དེ་སྐད་ཞུས་པས་སྟོན་པས་བཀའ་སྕལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །བྱིས་སྦའི་[པའི་]ནད་གསོ་རིག་པ་བསྟན་གྱིས་ཟུངས། །འདི་ལ་ཉེར་སྤྱོད་ནད་དང་དེའི་གདོན་གསོ་གསུམ། །ཉེར་སྤྱོད་དང་པོ་བར་དང་ཐ་མ་གསུམ། །དང་པོ་བཙའ་དུས་ཤིས་དང་མི་ཤིས་བརྟག །བཀྲ་ཤིས་བརྗོད་ཅིང་ལྟེ་བ་བཅད་པ་དང་། །རྟེན་འབྲེལ་བྱ་ཞིང་ནུ་མ་བླུད་ཐབས་སྟོན། །ཤིས་རྟགས་ལུག[ལུགས་]བཞིན་སྐྱེས་དང་གན་སྐྱལ་[རྐྱལ་]འོང་། །ལྟེ་བར་སྟོད་བསྐྲིས་[དཀྲིས་]ངུ་རྒོད་དྲག་སེར་[པོ་]འོང་། །སྤྱི་བོ་རིང་ལ་མགོ་སྐྲ་[སྲ་]འཚོགས་[མཚོག་]མ་ཆུང༌། །སྐྲ་མཚམས་མཐོ་ལ་ཤ་གཙང་རྣ་བ་ཤོག་[གཤོག་]།ཁ་ལྕེ་ནུ་མ་དྲག་འཇིབ་འདར་ཞིང་སྔངས། །དེ་འདྲ་གསོ་བླ་[སླ་]མི་ནོར་བཀྲ་ཤིས་འབྱུང་། །དེ་ལས་གོ་བཟློག་[ལྡོག་]སྐྱེས་ན་ངན་པར་བཤད༌། །སྐྱེས་ཐོག་ངག་ཏུ་བཀྲ་ཤིས་ཚིག་འདི་བརྗོད། །བདག་གི་སྙིང་ལས་བུ་ཁྱོད་སྐྱེས་པ་ཡིན། །ལོ་བརྒྱ་འཚོ་ལ་སྟོན་བརྒྱ་མཐོང་བར་ཤོག །ཚེ་རིང་དཔལ་ཐོབ་ངན་དགུ་ཐུབ་པ་དང༌། །བུ་བརྒྱ་ཚ་སྟོང་འཕེལ་བའི་ཨ་མྱེ་བྱེད། །མི་ནོར་བཀྲ་ཤིས་བདེ་སྐྱིད་ཕུན་ཚོགས་ཤོག །དེ་སྐད་བརྗོད་ནས་ལྟེ་བ་སོར་བཞིར་བཅིང༌། །ཁྲག་མ་འཐིག་[ཐིག་]པར་བཅད་ལ་པང་དུ་བླངས༌། །སྤོས་ཆུ་དྲོད་འཇམ་ལུས་ཀུན་དག་པར་བཀྲུ། །ལྕེ་ཐོག་གུར་གུམ་ཧྲི་[ཧྲཱིཿ]ཡི་ཡི་གེ་བྲིས། །གླ་རྩིའི་ཆུ་བླུད་སྦྲང་མར་སྦྱར་བ་བཞིན་[བྱིན]། །སྨྲ་མཁས་གདོན་ཐུབ་ཤ་མདོག་དཀར་པོ་འོང་། །དེ་ན་[ནས་]མ་ཡི་ནུ་ཞོ་བླུད་པ་ཡིན། །ནུ་ཞོ་སྐམས་ན་རིགས་བཟང་ནད་མེད་ཅིང༌། །བུ་ཡི་སྲོག་སྐྱོབས་བུ་མི་འཆི་བར་ངེས། །སྐབས་སུ་རུ་རྟ་མར་སྦྱར་ལྟེ་བར་བསྐུ། །གཉིས་པ་བར་པས་དེ་ནས་ཞག་གསུམ་དུས། །ལྷ་གསོལ་བྱ་ཞིང་རྟ་[གཏའ་]གཟུག་བསྲུང་ཆོག་བྱ། །ཟས་ཕུད་བཏང་ནས་མིང་བཏག་[བཏགས་]རྣ་བ་ཕུག །ཟས་དང་སྤྱོད་ལམ་བཙའ་[བཅའ་]རྫི་ལེགས་པར་བསྟེན། །དང་པོ་བན་བོན་བསྙེན་སྒྲུབ་སོང་དང་འཕྲག །ལྷ་ལ་གསོལ་མཆོད་བྱ་ཞིང་ལྷ་རྟེན་གཟུག །སློབ་དཔོན་སྤྱན་དྲངས་སྲོག་མདའ་སྲོག་འཕང་གཟུག །ཟླ་དུས་གཏོར་མ་བཤོས་བུ་ཆུང་བླུད་[གླུད་]བཏང༌། །བཙའ་སྐོར་[སྐར་]ལྷའམ་ཉེ་དུ་དྲང་བ་ཡན། །སྙན་ཞིང་ཤིས་པའི་མིང་གིས་ཁ་མར་བཏགས། །སྲི་བུ་ཡིན་ན་ལོ་དུས་ཟླ་མང་[མིང་]སྤོ། །ཟླ་བ་བརྒྱད་དུས་རྣ་བ་འབུག་[དབུག་]པར་བྱ། །རྣ་ཤ་[ཤལ་]འཐེབ་[མཐེ་]བོས་མཉེས་ནས་ཁྲག་བདའ་ནས། །སྐྲང་དུས་འོང་བས་ཉི་གསལ་བར་དུ་མཉེ། །རྒྱ་ཁབ་ཟབ་སྐུད་ཕུག་དྲང་སྣུམ་གྱིས་བྱུག །རྣ་གོང་ཁྱེའུ་གཡས་ལ་བུ་མོ་གཡོན་པའི་ཕུག །ཟ་དུ་[ཟས་སུ་]བུར་སྦྲང་ཞུན་མར་རྒྱུན་དུ་བསྟེན། །སྐབས་སུ་ཁྲག་ཚོད་མར་སྦྱར་བཏང་བས་ཤ་ནད་སེལ། །ཨ་རུ་ར་དང་ཤིང་ཀུན་ཚ་བ་གསུམ། །ཤུ་དག་པ་ཏ་[ཏྲ་]ལྕེ་མྱང་ཚྭ་དང་རྣམས། །ར་དཀར་འོ་མ་མར་བསྐོལ་དབྱངས་ཅན་མར། །བློ་འཕེལ་དྲན་གསལ་ངག་ཚིག་སྙན་ཕྱིར་བསྟེན། །ཉུང་དཀར་ཤུ་དག་རྒྱམ་ཚྭ་པི་པི་ལིང༌། །རུ་རྟ་བ་སྤྲུ་མར་བསྐོལ་སྨན་མར་དེས། །ཚེ་འཕེལ་སྟོབས་བསྐྱེད་གདོན་འཇོམས་བྱ་ཕྱིར་བསྟེན། །སྤྱོད་ལམ་མིག་ལ་ཉི་ཟེར་མི་བཏང༌ཤལ་པོ་འོང་། །རྐང་མཐིལ་འཚོག་[མཚོག་]མ་བསྲེག་ན་མི་རྔུལ་འགྲོ། །གྲང་ན་རྣ་བ་འོན་དང་གྲང་ནད་ཅན་དུ་འགྲོ། །ལུས་པོ་ཡོན་པོར་མི་བཞག་འཁྱོག་པོར་འགྲོ། །མེ་དང་བྱེ་[བྱ་]གཅན་གདོན་འཇུག་ཕྱིར་མི་ཉེ། །འོག་ནད་རིམ་[རིམས་]དང་ཕུག་མི་གཙང་བ་བསྡམ། །སྐབས་སུ་སྐུ་[བསྐུ་]མཉེ་རན་བསྲོས་ལུས་པོ་བདེ། །གསུམ་པ་བྱ་བ་སོ་སྐྱེའི་ནད་བསལ་ཞིང་། །རྟ་[གཏའ་]བཀྲོལ་བྱ་ཞིང་གཏང་རག་བཏང་བའོ། །རྨ་བྱའི་མདོངས་སྐྱེ་བྱིས་པའི་སོ་སྐྱེས་དུས། །ལུས་ཀུན་མི་ན་ས་ནི་ཅིག་[གཅིག་]ཀྱང་མེད། །དེ་ལ་སྦྲང་རྩི་ཨ་བྱག་སྐྱུ་རུ་ཡི། །འདི་[ལྡེ་]གུས་རྙིལ་བྱུག་མྱུར་དུ་སོ་སྐྱེ་འགྱུར། །ཨ་བྱག་སེང་ཕྲོམ་བ་ལེ་ཨ་བ་སེ། །རྒྱ་སྲན་བཙོད་ཁུ་མར་དང་ཞོ་ག་བཅུ[ཆུ]། །བསྡུས་པའི་མར་ནང་ཡ་བག་ཤ་[བཀྵ་]ར་བཏབ། །སོ་ལྕེ་[སྐྱེ་]ལས་བྱུང་ནད་ཀུན་འཇོམས་པར་བྱེད། །སྔ་ལས་[ལ་]ཡ་སོ་སྐྱེས་ནས་སྐྲ་ལོག་པས། །མདོས་ཟློག་ཆོ་ག་སྦྱིན་སྲེག་ལས་[ལ་]སོགས་བྱ། །བྱིས་སྦ་[པ་]ཟླ་ངོ་བཅུ་གསུམ་ལོན་པའི་དུས། །ལྷ་ལ་གཏང་རག་བཏང་ཞིང་གཏའ་རྣམས་དཀྲོལ། །ལེའུ་ཡོན་གྱིས་ལྗང་ནས་དགའ་བར་བྱ། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་བྱིས་སྦའི་[པའི་]ཉེར་སྤྱོད་གསོ་བའི་ལེའུ་སྟེ་རེ་དྲུག་པའོ།། །།


མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:00 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།